མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཡུ་རོབ་རྒྱལ་ཁབ་ ༣ ལ་ཆིབས་བསྒྱུར།

བོད་ཀྱི་དུས་བབ།
༢༠༡༢/༠༦/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༡༤ ནས་དུས་ཡུན་ཟླ་ཕྱེད་རིང་༸གོང་ས་མཆོག་གིས་ཡུ་རོབ་རྒྱལ་ཁབ་ ༣ ནང་ཆིབས་བསྒྱུར་གྱིས། མང་ཚོགས་ལ་བཀའ་སློིབ་དང་། ཁུལ་དེའི་ཆབ་སྲིད་དང་ཆོས་ལུཊ་མི་སྣར་མཇལ་འཕྲད་གནང་རྒྱུ་རེད།

ཟླ་འདིའི་ཕྱི་ཚེས་ ༡༤ ནས་དུས་ཡུན་ཟླ་ཕྱེད་ཙམ་གྱི་རིང་༸གོང་ས་མཆོག་དབྱིན་ཡུལ་དང་སཱི་ཁོ་ཊི་ལན་ཌི། ཨི་ཊ་ལི་བཅས་ཀྱི་ནང་མཛད་འཕྲིན་ཁག་བསྐྱང་རྒྱུ་ཡིན་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་༸གོང་ས་མཆོག་བཞུཊ་སྒར་ནས་ཆིབས་ཐོན་གྱིས་མཁའ་ལམ་བརྒྱུད་དབྱིན་ཇིའི་རྒྱལ་ས་ལོན་ཊོན་དུ་འབྱོར་རྒྱུ་ཡིན་འདུག་ལ། ཚེས་ ༡༥ ཉིན་ལོན་ཊོན་ཚོང་ལས་སྡེ་ཚོགས་ཀྱི་ཚོགས་མི་ཚོར་བཟང་སྤྱོད་ཐོག་བཀའ་སློབ་བསྩལ་རྒྱུ་ཡིན་འདུག་ལ། སྐབས་དེར་གསར་འགོད་གསལ་བསྒྲགས་ཤིག་ཀྱང་བསྐྱང་རྒྱུ་ཡིན་འདུག

ཚེས་༡༦ཉིན་མེན་ཆེ་སི་ཊིར་(Manchester Arena) ནང་གཞོན་སྐྱེས་ཚོར་༼འཁུར་བླངས་ཏེ་མི་བཟང་པོ་ཆགས་ཐབས་༽ཞེས་པའི་བརྗོད་གཞིའི་སྟེང་བཀའ་སློབ་དང་། གཞོན་སྐྱེས་ཁག་ཅིག་ལ་བྱམས་བརྩེའི་གཟེངས་རྟགས་བསྩལ་རྒྱུ། ཚེས་༡༧ནས་༡༨ཉིན་བར་ཁུལ་དེའི་རྩེད་ཐང་དུ་མང་ཚོགས་ལ་བཀའ་ཆོས་བསྩལ་རྒྱུ། ཚེས་༡༩ཉིན་ཝེ་སི་མེན་སི་ཊར་གཙུག་ལག་སློབ་གྲྭའི་ (University of Westminster) ནང་མང་གཙོའི་རིན་ཐང་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་། རཱོ་ཡཱ་ཨལ་བྷ་ཊི་ཚོགས་ཁང་དུ་༼འགྱུར་བ་ངོ་མ་དེ་སེམས་ནས་ཡོང་དགོས་༽ཞེས་པའི་བརྗོད་གཞིའི་བཀའ་སློབ། ཚེས་༢༠ཉིན་ལོན་ཊོན་དཔལ་འབྱོར་དང་ཚན་རིག་སློབ་གྲྭའི་ཚོགས་ཁང་དུ། མང་ཚོགས་ལ་བཟོད་སྒོམ་བསྟེན་ཕྱོགས་ཐོག་བཀའ་སློབ་དང་། བོད་ས་མ་ཤོར་གོང་བོད་ལ་བསྐྱོད་མྱོང་བའི་མི་སྣ་ཁག་ཅིག་གི་ནང་མིར་མཇལ་འཕྲད་བཅས་གནང་རྒྱུ་ཡིན་འདུག  

ཉིན་དེར་དབྱིན་ཇིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་མཆོག་གིས་༸གོང་ས་མཆོག་གྲོས་ཚོགས་ནང་གདན་ཞུས་ཀྱིས་ཉིན་གུང་གསོལ་ཚིགས་འདེགས་འབུལ་ཞུ་རྒྱུ་ཡིན་པ་མ་ཟད། སྐབས་དེར་༸གོང་ས་མཆོག་གིས་གྲོས་ཚོགས་འཐུས་མི་བརྒྱ་ཙམ་ལ་བོད་དོན་སྐོར་བཀའ་སློབ་བསྩལ་རྒྱུ་དང་། ཞོར་དུ་ས་གནས་བོད་པ་དང་སོག་པོ། བལ་ཡུལ་ནང་པ་བཅས་ལ་བཀའ་སློབ་བསྩལ་རྒྱུ་ཡིན་འདུག

ཚེས་ ༢༢ ནས་ ༢༣ ཉིན་བར་སི་ཁོ་ཊི་ལན་ཌའི་ཨི་ཌིན་སྦག་ (Edinburgh) ལེག་ཅར་(Lecture) དུས་དྲན་སྟེང་། ཆོས་དང་མ་འདྲེས་པའི་འཛམ་གླིང་ཧྲིལ་པོའི་ཀུན་སྤྱོད་ཞེས་པའི་བརྗོད་གཞིའི་བཀའ་སློབ་དང་། ཡུལ་དེའི་ཆབ་སྲིད་པ་དང་ཆོས་ལུགས་མི་སྣར་མཇལ་འཕྲད། ཚེས་༢༣ཉིན་ཡུལ་དེའི་ཨིན་ཝར་ནེ་སི་ (Inverness) ས་གནས་སུ་མང་ཚོགས་ལ་མི་བཟང་པོ་ཡོང་ཐབས་སྐོར་བཀའ་སློིབ། ཚེས་ ༢༧ ནས་ ༢༨ ཉིན་བར་ཨི་ཊ་ལིའི་གྲོང་ཁྱེར་ (Milano) ནང་མང་ཚོགས་ལ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་༼ལམ་གཙོ་རྣམ་གསུམ་༽བཀའ་ཁྲིད་དང་། ཆོས་ལུགས་ལ་མ་བརྟེན་པར་བདེ་སྐྱིད་འཚོལ་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཅས་བསྩལ་རྒྱུ་ཡིན་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

བོད་རིགས་བུད་མེད་བསམ་སྐྱིད་སྒྲོལ་མ་ལགས་སུ་ལོ་གཅིག་དང་ཕྱེད་ཀའི་ཁྲིམས་ཐག་བཅད་འདུག པར་འབྲེལ་ཡོད་ནས་འདི་ག་གསར་ཁང་ལ་མཁོ་སྤྲོད་གནང་།
Mobile App

སེམས་སྐྱིད་སྒྲོལ་མ་ལགས་སུ་ལོ་གཅིག་དང་ཕྱེད་ཀའི་ཁྲིམས་ཐག་བཅད།

༢༠༢༣/༡༢/༠༨
རྒྱལ་སྤྱིའི་དབུ་མའི་ལམ་ལས་འགུལ་ཁང་གི་ཡིག་ཚང་དབུ་འབྱེད་གནང་།  ནོར་ཝེ་རླུང་འཕྲིན་ཁང་གི་པར། 
Mobile App

དབུས་རྒྱལ་སྤྱིའི་དབུ་མའི་ལམ་ལས་འགུལ་ཁང་གི་ཡིག་ཚང་སྒོ་འབྱེད་གནང་།

༢༠༢༣/༡༢/༠༨
Advertisement for App

ཡེ་ཤེས་སྡེ་ཆོས་པར་ཁང་གི་གསལ་བསྒྲགས།

༢༠༢༣/༡༢/༠༨
Front Slider

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགའ་ལྡན་ལྔ་མཆོད་ཆེན་མོའི་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས།

༢༠༢༣/༡༢/༠༧
Mobile App

ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་ལྷན་ཚོགས་སྟེང་བོད་དོན་གླེང་སློང་དགོས་པའི་རེ་སྐུལ་ཞུས།

༢༠༢༣/༡༢/༠༦
རྒྱ་གར་གྱི་གློག་བརྙན་འཁྲབ་ཁྲིད་པ་ཨ་བྷི་ཤེཀ་དྷུ་དྷེ་ཡཱ་ལགས་དང་།གློག་བརྙན་བཟོ་སྐྲུན་པ་རྗེ་པ་ཊེལ་ལགས་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས། དུས་བབ་ཀྱི་པར། ༢༠༢༣།༡༢།༠༧
༸གོང་ས་མཆོག གསར་འགྱུར།

རྒྱ་གར་གྱི་གློག་བརྙན་འཁྲབ་འཁྲིད་པ་གྲགས་ཅན་ཞིག་གིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༣/༡༢/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist