མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་ཀྱི་ཉམས་ལེན་དེ་ཁོར་ཡུག་སྲུང་སྐྱོབ་ཐོག་བསྒྱུར་ཐུབ་དགོས།

བོད་ཀྱི་དུས་བབ།
༢༠༡༢/༠༦/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་གཟའ་སྤེན་པའི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཚོགས་ཐེངས་བཞི་པའི་ཉིན་མཐའ་མར་༸རྒྱལ་བ་ཀརྨ་པ་མཆོག་ཆེད་ཕེབས་ཀྱིས་ཚོགས་ཞུགས་པ་རྣམས་ལ་མ་འོངས་པར་ང་ཚོའི་ངོས་ནས་ནང་པ་སངས་རྒྱས་པའི་ཆོས་ཁོ་ནར་ཡིད་འཕྲོག་ཏེ་མི་འདུག་པར། ཆོས་ཀྱི་ཉམས་ལེན་དེ་ཁོར་ཡུག་སྲུང་སྐྱོབ་ཐོག་བསྒྱུར་ཐུབ་པར་བྱ་དགོས་པའི་ལམ་སྟོན་བཀའ་སློབ་གནང་ཡོད།  

ཟླ་འདིའི་ཕྱི་ཚེས་ ༥ ནས་ཉིན་བཞིའི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་གོ་སྒྲིག་འོག་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་ཀརྨ་བཀའ་རྒྱུད་ཀྱི་དགོན་སྡེ་ཁག་གཙོས། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ཁོར་ཡུག་སྡེ་ཚན། ས་གནས་ཁག་གི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཁག་ ༣༥ ལྷག་གི་སྐུ་ཚབ་ ༨༠ ལྷག་འདུ་འཛོམས་ཐོག་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཚོགས་ཐེངས་བཞི་པ་ཚོགས་ཡོད་ཅིང་། ཉིན་བཞིའི་རིང་གི་ཚོགས་འདུའི་ཐོག རྒྱལ་སྤྱིའི་རི་དྭགས་སྲུང་སྐྱོབ་ཚོགས་པའི་ལས་བྱེད་བདེ་སྐྱིད་ལགས་དང་། རྒྱ་གར་གྱི་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་ཚོགས་མི་གྷ་པུར་ལགས། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ཁོར་ཡུག་སྡེ་ཚན་གྱི་ལས་བྱེད་ཚེ་རིང་དོན་འགྲུབ་ལགས་དང་འཇིགས་མེད་ནོར་བུ་ལགས་བཅས་གདན་ཞུས་ཐོག  རྣམ་མང་སྐྱེ་དངོས་ཚན་རིག་དང་གནམ་གཤིས་འགྱུར་ལྡོག རང་བྱུང་རྐྱེན་ངན་ལ་གདོང་ལེན་བྱ་ཚུལ་བཅས་བརྗོད་གཞི་གསུམ་གྱི་ཐོག་ཚོགས་ཞུགས་པ་རྣམས་ལ་འཛམ་གླིང་ནང་སྐྱེ་ལྡན་གྱི་དངོས་པོ་ག་ཚོད་ཡོད་མེད་དང་དེ་དག་ཕན་ཚུན་བར་ལྟོས་གྲུབ་གང་འདྲ་ཡོད་མེད།   རྒྱུ་རྐྱེན་ཞིག་ལ་བརྟེན་ནས་གནམ་གཤིས་འགྱུར་ལྡོག་བྱུང་མིན་དང་དེ་དག་གི་ཉེན་ཁ་བཅས་ཀྱི་ཐོག་གཏམ་བཤད་བགྲོ་གླེང་དང་དྲི་བ་དྲིས་ལན་བཅས་གནང་ཡོད་པ་རེད།

ཁ་སང་ཕྱི་ཚེས་ ༩ ཉིན་སྟེ། ཚོགས་འདུའི་ཉིན་མཐའ་མའི་ཕྱི་དྲོ་༸རྒྱལ་བ་ཀརྨ་པ་མཆོག་ཆེད་ཕེབས་ཀྱིས་ཚོགས་ཞུགས་པ་རྣམས་ལ། ཁོང་ཉིད་ཆུང་དུས་བོད་ནང་གི་ཡར་རྒྱས་མེད་པའི་ལུང་པ་ཁུག་ཀྱོག་ཅིག་ཏུ་སྐྱེས་ཏེ། འབྲོག་པའི་རང་བྱུང་ཁོར་ཡུག་གི་མཛེས་སྡུག་དང་འཚོ་བ་སྐྱེལ་སྟངས་ལ་ཉམས་སུ་མྱོང་བའི་གོ་སྐབས་བྱུང་བའི་བག་ཆགས་དང་ཤུགས་རྐྱེན་ལ་བརྟེན་ནས། ཁོར་ཡུག་ཐོག་ལས་ཀ་བྱེད་པའི་འདུན་པ་བསླེབས་ཡོད་པ་དང་། གནས་སྟངས་དེའི་དབང་གིས་ད་ལྟ་རང་བྱུང་ཁོར་ཡུག་ཉམས་ཆག་དང་འབྲེལ་བའི་སྐད་ཆ་བཤད་སྐབས། དམིགས་བསལ་གྱི་ཚོར་སྣང་ཡོང་བཞིན་པའི་སྐོར་སོགས་ཁོང་སྒེར་ངོས་ནས་ཁོར་ཡུག་ལ་དོ་སྣང་བྱུང་སྟངས་ངོ་སྤྲོད་དང་འབྲེལ་ཏེ། སྤྱི་ཡོངས་ཀྱི་ཁོར་ཡུག་གནས་སྟངས་ཐོག་ཁོང་གིས། “ སྤྱི་ཡོངས་ཀྱི་ཁོར་ཡུག་གནས་སྟངས་ཀྱི་ཐད་ནས། དུས་རབས་༢༠དང་ ༢༡ བར་མིའི་རིགས་ཀྱིས་གཏེར་ཁ་སྔོག་འདོན་མཚོན་པའི་རང་བྱུང་ཐོན་ཁུངས་མང་པོ་ཞིག་བེད་སྤྱོད་བཏང་བ་དང་། ཁོར་ཡུག་ལ་འདོད་རྔམ་ཤུགས་ཆེ་རུ་ཕྱིན་སྟེ། དེང་སང་དགོས་མཁོ་ཡོད་མེད་ཀྱི་དབྱེ་བ་མེད་པར་འཕྲུལ་ཆས་རིགས་མང་པོ་བེད་སྤྱོད་བྱེད་བཞིན་ཡོད་ཀྱང་། བེད་སྤྱོད་གཏོང་རྐྱང་བྱས་པ་ལས་ཁོར་ཡུག་ལ་དོ་ཕོག་དང་ཤུགས་རྐྱེན་གང་འདྲ་ཐེབས་མིན་ལ་བསམ་བློ་མ་བཏང་བ་དང་། འཛམ་གླིང་གི་རང་བྱུང་ཐོན་ཁུངས་དེ་རྫོགས་མཐའ་ཡོད་པ་ཅིག་དང་ཚད་གཞི་ཡོད་པ་ཞིག་ཡིན་སྟབས། གཞི་རྩའི་དཀའ་ངལ་དེ་ལ་ཐུག་བསྡད་ཡོད་པ་རེད།  འཛམ་བུ་གླིང་ལ་ལོ་དུང་ཕྱུར་༤༠༠ལྷག་ཆས་ཡོད་ཀྱང་། འགྲོ་བ་མིའི་རིགས་ལོ་འབུམ་  ༢ལྷག་ལས་འགྲོ་གྱི་ཡོད་པ་མ་རེད། འགྲོ་བ་མིིའི་རིགས་བྱུང་བའི་དུས་ནས་རང་བྱུང་ཁོར་ཡུག་ལ་བརྟེན་པ་དང་ཐོན་ཁུངས་མང་པོ་ཞིག་བེད་སྤྱོད་བཏང་ཡོད་ཀྱང་།  སྔོན་མ་རྒྱས་སྤྲོས་མེད་པའི་འཚོ་བ་སྐྱེལ་ཏེ་བསྡད་སྟབས།  རང་བྱུང་ཁོར་ཡུག་ལ་དོ་ཕོག་ཆེན་པོ་བྱུང་མེད། ཚན་རིག་པས་འཛམ་གླིང་གི་གནམ་གཤིས་ཏེ།  ༡༩༥༩ སྔོན་ལ་གང་འཚམ་བརྟན་པོ་ཡོད་ཀྱང་། དེའི་རྗེས་སུ་གནམ་གཤིས་ལ་གློ་བུར་འགྱུར་བ་ཕྱིན་སྟེ་འདས་པའི་ལོ་འབུམ་ཕྲག་ལ་འགྱུར་བ་འགྲོ་མ་མྱོང་བའི་འགྱུར་བ་ཕྱིན་ཡོད་པའི་སྐོར་བཤད་ཀྱི་ཡོད། དེ་དག་ཡོད་ཚད་མིའི་རིགས་ཀྱི་བྱ་སྤྱོད་ལ་བརྟེན་ནས་བྱུང་བ་དང་།ལྷག་པར་དུ་བཟོ་ལས་ཀྱི་དུས་རབས་མགོ་ཚུགས་པ་ནས་བྱུང་བ་རེད། ང་ཚོའི་ཕ་མེས་ཡང་མེས་ཚོས་རང་བྱུང་ཐོན་ཁུངས་བེད་སྤྱོད་བྱས་ཡོད་ཀྱང་། ཁོང་ཚོའི་འཚོ་བ་སྐྱེལ་སྟངས་དེ་སྟབས་བདེ་བོ་དང་། ཁོར་ཡུག་དང་མཐུན་པའི་འཚོ་བ་སྐྱེལ་སྟངས་ཡིན་པའི་ཆ་ནས་རང་བྱུང་ཁོར་ཡུག་ལ་དོ་ཕོག་དེ་འདྲ་ཆས་མེད། ད་ལྟའི་དུས་འདིར་མིའི་རིགས་ཀྱིས་རང་བྱུང་ཁོར་ཡུག་ལ་གུས་བརྩི་མེད་པའི་རྐྱེན་གྱིས་གནས་སྟངས་འདི་འདྲ་བྱུང་བ་རེད། ” ཅེས་གསུངས་བྱུང་།

ཡང་༸རྒྱལ་བ་ཀརྨ་པ་མཆོག་གིས་རང་བྱུང་ཁོར་ཡུག་གི་ཉེན་ཚབས་དང་མི་མང་གི་ངོས་ནས་གང་འདྲ་བྱ་དགོས་མིན་ཐད་ནས་ཁོང་གིས། “ སྔོན་མ་བོད་ལ་མཚོན་ན་རང་བྱུང་ཐོན་ཁུངས་གང་མང་ཞིག་བེད་སྤྱོད་བྱེད་ཆོག་མིན་གྱི་བཤད་སྟངས་འདྲ་མིན་ཡོད་ཀྱང་། དེང་སང་མི་རྣམས་ཀྱི་ཕ་མེས་ནས་བྱུང་བའི་ལམ་ལུགས་སྲོལ་དེ་དག་རྗེས་ལུས་དང་རྨོངས་དད་དུ་ངོས་འཛིན་བྱས་ཏེ། རང་བྱུང་ཁོར་ཡུག་གི་པགས་པ་བཤུས་རྐྱང་བྱེད་ཀྱི་ཡོད་པ་རེད། གལ་སྲིད། མུ་མཐུད་བྱ་སྤྱོད་ལ་འགྱུར་བ་མ་བཏང་བར་བེད་སྤྱོད་བྱས་པ་ཡིན་ན། འཛམ་གླིང་གི་ཚན་རིག་པ་ཚོས་ ལོ་ ༥༢ སྔོན་དུ་འཛམ་གླིང་དུ་ཚ་བ་ཆེན་པོ་བྱུང་སྟེ་སྲོག་ལྡན་ཙམ་མིན་པར་སྲོག་མེད་ཀྱི་བརྒྱ་ཆའི་ ༩༩ མེད་བརླགས་དུ་ཕྱིན་ཡོད་ཚུལ་དང་། གལ་སྲིད་མུ་མཐུད་འདི་ལྟར་ཆས་པ་ཡིན་ན་ ༢༠༥༠ ལོར་འཛམ་གླིང་སྐྱེ་དངོས་ཀྱི་བརྒྱ་ཆའི་ ༥༠ བརླགས་འགྲོ་བའི་ཚོད་དཔག་བྱེད་ཀྱིན་ཡོད་སྟབས། ང་ཚོའི་ངོས་ནས་ནང་པ་སངས་རྒྱས་པའི་ཆོས་ནང་གསུང་ཡོད་པའི་བདེན་པ་བཞི་དང་འབྲེལ་བའི་གནས་ལུགས་དེ་ཁོར་ཡུག་སྟེང་བཀོལ་ཏེ་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཁོར་ཡུག་སྲུང་སྐྱོབ་བྱེད་པ་དེ་གད་སྙིགས་རེ་གཉིས་གཙང་བཟོ་བྱེད་རྒྱུ་ཙམ་གྱིས་ཕན་གྱི་མེད་པར། ཉིན་རེའི་སྤྱོད་ལམ་ནང་ཁོར་ཡུག་ལ་ཤུགས་རྐྱེན་གང་འདྲ་ཐེབས་མིན་མིའི་བསམ་སྤྱོད་ལ་ཐུག་ཡོད་སྟབས། མིའི་བསམ་སྤྱོད་ལ་འགྱུར་བ་གཏོང་རྒྱུ་གལ་ཆེན་པོ་རེད། སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པའི་ལས་ཀ་ཞིག་བྱ་འདོད་ཡོད་ན་ཁོར་ཡུག་སྲུང་སྐྱོབ་ལས་ལྷག་པ་ཞིག་ཡོད་པ་མ་རེད་བསམ་གྱི་འདུག ཆོས་ལུགས་ཀྱི་ཐད་ནས་འཛམ་གླིང་ནང་ཆོས་ལུགས་འདྲ་མིན་མང་པོ་ཡོད་པ་རེད། ཆོས་མེད་མཁན་ཡང་ཡོད་པ་རེད། ཆོས་ལུགས་ཁག་ཀྱི་ནང་ནས་ཡི་ཤུ་བས་ཁོར་ཡུག་དང་འཕྲོད་བསྟེན་སོགས་ཀྱི་ཐོག་ལས་ཀ་མང་པོ་ཞིག་བྱེད་ཀྱི་འདུག ང་ཚོའི་ངོས་ནས་ད་ལྟའི་བར་ནང་པ་སངས་རྒྱས་པའི་ཆོས་ཁོ་ནར་ཡིད་འཕྲོག་སྟེ་བསྡད་ན་འགྲིག་གི་ཡོད་པ་མ་རེད། ཁོར་ཡུག་སྲུང་སྐྱོབ་དེ་མི་སྒེར་དང་མི་རིགས། རྒྱལ་ཁབ་གཅིག་གི་གནད་དོན་མིན་པར་འཛམ་བུ་གླིང་གི་གནད་དོན་ཞིག་ཡིན་སྟབས། ནང་པ་སངས་རྒྱས་པའི་ཆོས་ཀྱི་ཉམས་ལེན་དེ་ཁོར་ཡུག་སྲུང་སྐྱོབ་ཐོག་བསྒྱུར་ཐུབ་པ་ཡིན་ན། ཕན་ཐོགས་ཆེན་པོ་ཡོད་པ་རེད། ” ཅེས་ལམ་སྟོན་བཀའ་སློབ་གནང་སོང་།

རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ནི། ཕྱི་ལོ་ ༢༠༠༩ ལོར་༸རྒྱལ་བ་ཀརྨ་པ་རིིན་པོ་ཆེ་མཆོག་གིས་བཀའ་དགོངས་གཞི་ལྟར་གསར་འཛུགས་གནང་བའི་ཚོགས་པ་ཞིག་ཡིན་པ་དང་། ཚོགས་པ་འདིའི་དམིགས་ཡུལ་གཙོ་བོ། ཧི་མ་ལ་ཡའི་རི་རྒྱུད་དུ་ཡོད་པའི་དགོན་སྡེ་ཁག་ཏུ་ཡོད་པའི་གྲྭ་བ་ཚོར་ཁོར་ཡུག་སྲུང་སྐྱོབ་ཀྱི་སློབ་སྦྱོང་སྤྲད་དེ། དེར་ཡོད་ས་གནས་མི་མང་ལ་རང་བྱུང་ཁོར་ཡུག་ལ་གཏོར་བཅོམ་མ་བཏང་བར་སྲུང་སྐྱོབ་བྱ་ཕྱོགས་བརྒྱུད་སྒྲོག་དང་། མ་འོངས་པར་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཚོགས་པས་ཧི་མ་ལ་ཡའི་རི་རྒྱུད་དང་བཙན་བྱོལ་སྤྱི་ཚོགས། རྒྱ་གར་གྱི་ཚོགས་སྡེ་ཁག་བཅས་རིམ་བརྒྱུད་ཀྱིས་འཛམ་གླིང་གི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཁག་དང་མཉམ་རུབ་ཐོག་ལས་འགུལ་སྤེལ་རྒྱུའི་དམིགས་ཡུལ་ཡོད་པ་དང་། ད་ལྟའི་ཆར་ཚོགས་པ་འདིར་ཚོགས་མི་རྒྱལ་བལ་འབྲུག་གསུམ་དུ་ཡོད་པའི་ཀརྨ་ཀམ་ཚང་གི་དགོན་སྡེ་ཁག་དང་། ༸རྒྱལ་བ་ཀརྨ་པར་དགའ་ཞེན་དང་དད་མོས་ཡོད་མཁན་གྱི་མི་མང་བཅས་ཡོད་འདུག   ༢༠༠༩ ལོ་ནས་སྔ་ཕྱི་ཝ་ར་ནཱ་སི་དང་བཞུགས་སྒར་རྒྱུད་སྟོད་གྲྭ་ཚང་། རྒྱ་གར་ལྷོ་ཕྱོགས་བཀའ་རྒྱུད་ནཱ་ལེནྡྲ་དགོན་པ་བཅས་སུ་ཚོགས་ཡོད་ལ། ཐེངས་འདི་ནི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚོགས་འདུ་ཐེངས་བཞི་པ་ཆགས་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༠ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡༡ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༡ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༡༦ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 2

  1. འབྲོང་བུ་སོག་ཚ། says:
    ལོ་ 14 སྔོན།

    ལྷ་དར་སར་བདུད་དར། ཞེས་པ་དེ་ཅི་མི་བདེན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། དཔལ་རྒྱལ་བ་ཀརྨ་པས་གཙོས་རང་རེ་བོད་ཀྱི་བླ་ཆེན་ཚོས་འཛམ་གླིང་འདིའི་ནང་གནས་པའི་ནང་བཅུད་ཀྱི་སེམས་ཅན་དང་། དེ་ཡི་རྟེན་གཞིར་གྱུར་པ་ཕྱི་སྣོད་ཀྱི་འཇིག་རྟེན་གཉིས་ཆར་སྲུང་སྐྱོབ་ཀྱི་སྐྱེ་འགྲོ་མཐའ་དག་ལ་དངོས་ཤུག་རྒྱུད་གསུམ་ནས་ཕན་པའི་རླབས་ཆེན་གྱི་བཀའ་བཟང་ལེགས་ཕེབས་ལ། རུ་ང་ཕྲག་དོག་གི་མེ་ལྕེ་འབར་བའི་ཀླད་མེད་ཀྱི་དྲྭ་འབུ་གནས་ཚང་ཁྱོད་ལྟ་བུས་ཉི་ཟེར་སྦར་མོས་འགེབས་སེམས་ཀྱང་། དེ་ནི་རྨི་ལམ་གྱི་འདོད་ཡོན་ལ་བདེན་པར་བཟུང་སྟེ་ཡིད་རྟོན་བྱས་པ་དང་ཅི་མི་མཚུངས། ཡིད་རེ་སྐྱོ།

    Reply
  2. གནས་ཚང་། says:
    ལོ་ 14 སྔོན།

    ད་རེས་པ་ལེ་བ་དངོས་གནས་ཁོང་ཁྲོ་ལངས་བྱུང་། ཆོས་ཀྱི་ཉམས་ལེན་ཁོར་ཡུག་སྲུང་སྐྱོབ་སྒང་སྔར་ནས་བསྒྱུར་ཡོད་པར་མ་ཟད། ལོ་ངོ་སྟོང་ཕྲག་ལྷག་བརྒལ་ཡོད་པ་རེད། ད་ལྟ་ག་རེ་བྱེད་དགོས་པ་རེད་དམ། ཚང་མ་ལོས་ཁོར་ཡུག་གལ་ཆེན་ཡིན་པ་ཤེས་དགོས་ཀྱི་ཡོད་པ་རེད་ལ། སྒོས་སུ་བོད་ཀྱི་ཁོར་ཡུག་རྒྱ་གར་ནག་གཙོས་པའི་མཐའ་འཁོར་རྒྱལ་ཁབ་ཚང་མ་ལོར་འབྲེལ་བ་ཡོད་པར་མ་ཟད། ཤི་གསོན་ཐག་གཅོད་ཀྱི་ནུས་པ་ཐོན་གྱི་ཡོད་པ་རེད། གསུང་དགོས་ཡ་དེ་མི་གསུང་། སྒམ་པོ་གནང་དྲགས་ན་རྒྱ་གར་གྱིས་ནག་ཉེས་ད་དུང་འགེལ་སྲིད་པ་རེད་དྲ། བསམ་ཤེས་ཡ་གཅིག་ཀྱང་མི་འདུག མི་ངན་ཚོེའི་ཁ་ལ་ཉན་ཡ་ཡོད་པ་མ་རེད། སེམས་བསམ་པའི་སྐད་ཆ་ཡིན། ཉན་ཤེས་མིན་སོ་སོར་རག་ལས་ཡོད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese