མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཅན་ཚར་རང་ལུས་མེར་བསྲེཊ།

བོད་ཀྱི་དུས་བབ།
༢༠༡༢/༠༦/༡༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གཟའ་པ་སངས་ཉིན་གྱི་ཞོགས་པར་མདོ་སྨད་གཅན་ཚ་རྫོང་ཐོག་ཏུ་བོད་མི་ཞིག་གིས་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག

དེ་རིང་ཕྱི་ཚེས་ ༡༥ ཉིན་གྱི་བོད་ནང་གི་ཞོགས་པའི་ཆུ་ཚོད་ ༦།༣༠ ཡས་མས་སུ། མདོ་སྨད་གཅན་ཚ་རྫོང་གཅན་ཚ་ཐང་ཞང་ལོ་བ་སྡེ་བའི་རང་ལོ་ ༤༠ ཡིན་པའི་བོད་མི་རྟ་མགྲིན་ཐར་ཞུ་བ་ཞིག་གིས། གཅན་ཚ་རྫོང་དྲག་ཆས་ཉེན་རྟོག་ལས་ཁུངས་ཀྱི་སྒོ་འགྲམ་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག  མེར་བསྲེགས་བཏང་སྟེ་ཅང་མ་འགོར་བར་ས་གནས་དམག་མིས་མེ་བསད་དེ་བཙན་འཁྱེར་བྱས་འདུག   ད་ནངས་ཞོགས་པར་ས་གནས་མང་ཚོགས་ཀྱིས་རྟ་མགྲིན་ཐར་ཕྱིར་རྩིས་སྤྲོད་བྱེད་དགོས་པའི་རེ་འདུན་བཏོན་སྟེ་ངོ་རྒོལ་བྱས་སྟབས། ས་གནས་ཉེན་རྟོག་པས་དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་ཁོང་ཕྱིར་ནང་མིར་རྩིས་སྤྲོད་བྱ་རྒྱུ་ཡིན་ཚུལ་བརྗོད་ཡོད་ཀྱང་། ད་ལྟའི་ཆར་ཁོང་གྲོངས་ཡོད་མེད་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མི་འདུག

ད་ལྟའི་ཆར་རྒྱ་ནག་གཞུང་གིས་མདོ་སྨད་རྨ་ལྷོ་ཁུལ་གཅན་ཚ་རྫོང་ཐོག་ཏུ་དམག་མི་འགྲེམས་འཇོག་གིས་ས་གནས་མི་མང་ལ་དམ་དྲག་ཤུགས་ཆེར་བྱེད་ཀྱི་ཡོད་འདུག

ས་གནས་མང་ཚོགས་༼ གཅན་ཚ་རྫོང་མི་དམངས་སྲིད་གཞུང༽ གི་མདུན་དུ་འཛོམས་ཏེ་རེ་སྐུལ་ཞུ་བཞིན་པ།

 

 

གསར་འགོད་པ། དོན་གོ

 

འབྲེལ་ཡོད་གསར་འགྱུར།

ཟི་ལིང་གྲོང་ཁྱེར་དུ་མཚོ་སྔོན་ཞིང་ཆེན་རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་བ་ཞིག་གསར་འཛུགས་བྱས་འདུག དྲ་ལམ་གྱི་པར།
Mobile App

ཟི་ལིང་གྲོང་ཁྱེར་དུ་རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་བ་ཞིག་གསར་འཛུགས་བྱས་འདུག 

ཆུ་ཚོད་ ༦ སྔོན་ལ།
Mobile App

དྷ་རམ་ས་ལ་ནས་སྐྱེ་འཚར་བྱུང་བའི་བོད་པའི་བུ་མོ་ཞིག་འཛམ་གླིང་གི་ཤུགས་རྐྱེན་ཆེས་ཆེ་བའི་མི་སྣ་བརྒྱའི་ཁོངས་སུ་བདམས་དོན་ཅི་ཡིན་ནམ།

ཆུ་ཚོད་ ༦ སྔོན་ལ།
པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

དབྱིན་ཇིའི་རྩོམ་པ་པོ་ཨེམ་ཇོན་ཧེ་རི་སོན་ལ་ཕྱི་ལོ་ ༢༠༢༦ ལོའི་བྷུ་ཁུར་རྩོམ་རིག་གཟེངས་རྟགས་ཐོབ།

ཆུ་ཚོད་ ༡༡ སྔོན་ལ།
ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་སེའེ་ཊབ་ཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་ཞིག་འཚོག་མུས་ཡིན་འདུག པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༡༡།༩
Mobile App

དུས་རབས་ ༡༣ ནས་ ༡༤ བར་གྱི་བོད་ཀྱི་ཆོས་སྲིད་རིག་གནས་ཀྱི་ཚོགས་འདུ་ཞིག་དབུ་བཙུགས།

༢༠༢༦/༡༡/༠༩
(L-R) Dylan Douglas, Michael Douglas and Carys Zeta Douglas attend the Tibet House US Art of Freedom Gala 2026 in New York City. (Photo by Noam Galai/Getty Images for Tibet House US) (Getty Images for Tibet House US)
Mobile App

ཨ་རིའི་བོད་ཁང་གི་ཕྱི་ལོ་ ༢༠༢༦ ལོའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་དེ་གློག་བརྙན་འཁྲབ་སྟོན་པ་ཞིག་ལ་ཕུལ།

༢༠༢༦/༡༡/༠༩
པར་དྲ་ལམ་ནས་བླངས།
Mobile App

བོད་ཀྱི་འབྲོག་ཁུལ་གྱི་སློབ་ཕྲུག་སྟོང་ཕྲག་མང་པོ་གྲོང་ཁྱེར་གྱི་བཅའ་སྡོད་སློབ་གྲྭར་སྤོས།

༢༠༢༦/༡༡/༠༧

མཆན། 7

  1. གདོང་གཡུ་ལོང་། says:
    ལོ་ 14 སྔོན།

    ཀླ་ཀློ་དཔུང་གི་བསམ་སྦྱོར་ངན་པའི་སྡེར་མོའི་མཆེ་བ་གཙིགས་ན་ཡང་།།
    གཞི་ལུས་བོད་མིས་ལ་རྒྱའི་དར་ཆ་མེ་དཔུང་དམར་བོས་དགུངས་ལ་བཏགས།།
    གངས་ཅན་ལྗོངས་ནས་གདོང་དམར་ཚང་གི་སྐྱོ་སྡུག་འཁྱམས་རོམ་མཐུག་ན་ཡང་།།
    བདེན་པའི་སྲོག་རྕ་མེ་ལ་བསྲེག་སྟེ་གདོང་དམར་ཁྱིམ་གཞི་དྲོད་ཀྱིས་གསོས།།

    བྱེས་སྡོད་བོད་མིས་རིགས་ཞེན་ལ་རྒྱ་དགོས་རབས་བཤད།།
    འཚེ་མེད་བདེན་པ་ཁོ་ཚོའི་དམ་བཅའ་ཡིན་རབས་བཤད།།
    རང་རིགས་དོན་དུ་ཅི་ཞིག་ཡིན་རུང་ཐུབ་རབས་བཤད།།
    ཁ་ལག་འགལ་བའི་བོད་མིའི་རྩ་དོན་སྒྲུབ་ལུགས་འདི།།

    ཁྱེད་ཚོའི་མིག་མཆི་ང་ཚོའི་མཆི་མ་ཡིན་རབས་བཤད།།
    ཁྱེད་ཚོའི་སྡུག་བསྔལ་ང་ཚོའི་ལུས་ཀྱི་མྱོང་རབས་བཤད།།
    ཁྱེད་ཚོ་སྡུག་ན་ང་ཚོ་སྐྱིད་པོ་མེད་རབས་བཤད།།
    དགའ་དགའ་སྤྲོ་སྤྲོ་སྐྱིད་གཉིད་བྱས་ནས་སྡོད་ལུགས་འདི།།

    Reply
  2. རང་དབང་རྒྱལ། says:
    ལོ་ 14 སྔོན།

    《མདོ་སྨད་གཅན་ཚ་ནས་རང་ལུས་མེར་བསྲེགས་གནང་མཁན་རྟ་མགྲིན་ཐར་ལགས། འདས་གྲོངས་སུ་ཕྱིན་ཡོད་པའི་སྐོར་རྒྱ་ནག་གཞུང་གིས་ངོས་ལེན་བྱས་འདུག》
    A person died of self-immolation Friday morning in Jianzha county of Huangnan Tibetan autonomous prefecture of northwest China’s Qinghai province, government sources said.

    http://www.china.org.cn/china/2012-06/15/content_25657298.htm

    http://www.china.org.cn

    Reply
  3. བུ་ཡུག says:
    ལོ་ 14 སྔོན།

    ངོ་མ་ཡིད་སྐྱོ་པའི་གནས་ཚུལ་རེད་རྒྱལ་གཅེས་དཔའ་བོ་ཁོང་གི་དམིགས་འདུན་འགྲུབ་པའི་སྨོན་འདུན་ཞུ། བཙན་བྱོལ་ནས་ཡང་ལམ་དང་ལུགས་སྲོལ་ལྟ་བུའི་མར་མེ་ཁྲོམ་ཞིག་འཚོགས་ན་འགྲིག་སོང་བ་།

    Reply
  4. གཡུ་དྲུག་དཀར། says:
    ལོ་ 14 སྔོན།

    ཨོཾ་མ་ཎི་པདྨེ་ཧྰུཾ། ཨོཾ་མ་ཎི་པདྨེ་ཧྰུཾ། ཨོཾ་མ་ཎི་པདྨེ་ཧྰུཾ། ཨོཾ་མ་ཎི་པདྨེ་ཧྰུཾ།

    དུས་བབ་ཚང་གི་དྲ་རྒྱ་དོ་དམ་པར་ཞུ་རྒྱུ་ཞིག་ལ། དུས་བབ་དྲ་བར་ནད་འབུ་ཧ་ཅང་མང་པོ་ཞིག་འཛུལ་འདུག་པས་དྲ་ཚིགས་མ་ལག་གཙང་བཟོ་བྱེད་མ་ཐུབ་ཚེ་ཀློག་པ་པོ་མང་པོ་ཞིག་ལ་དཀའ་ངལ་བཟོ་རྒྱུ་རེད། མ་ལག་གཙང་བཟོ་བྱེད་རྒྱུ་དེ་ཧ་ཅང་གི་ལས་སླ་བོ་ཡིན་པས་དེ་དོན་ཐུགས་ལ་འཛིན་པར་འཚལ།།

    Reply
  5. ཤར་མདའ། says:
    ལོ་ 14 སྔོན།

    བོད་རྒྱལ་ལོ་དཔའ་བོ་ཁོང་རྒྱལ་ལོ་བདེན་པ་རྒྱལ་ལོ།

    Reply
  6. སྐྲན། says:
    ལོ་ 14 སྔོན།

    ཨ་ཧ་བོ། ཡང་རྒྱལ་ཞེན་གྱི་གློ་སྙིང་མཁྲེག་པའི་བོད་ཀྱི་སྐྱེས་ཆེན་ཞིག་ཚར་སོང་བ་ཡིན་ནམ། ཨོཾ་མ་ཎི་པདྨེ་ཧྰུཾ།ཨོཾ་མ་ཎི་པདྨེ་ཧྰུཾ།ཨོཾ་མ་ཎི་པདྨེ་ཧྰུཾ།

    Reply
  7. ཨ་ར་དཀར་པོ says:
    ལོ་ 14 སྔོན།

    ཨོཾ་མ་ཎི་པདྨེ་ཧྰུཾ། ཡང་བོད་མི་གཅིག་
    དུས་བབས་ཚང་གི་གསར་འགྱུར་བྱ་ལས་མྱུར་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese