མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་མི་དེ་དག་ཐའེ་ཝན་ནས་རེད།

བོད་ཀྱི་དུས་བབ།
༢༠༡༢/༠༦/༡༥
Share on FacebookShare on TwitterShare on EmailShare on Whatsapp


ཕྱི་ཚེས་
༡༢ ཉིན་ཅཱོན་ཊི་རཱ་ས་གནས་རྫོང་གསར་བཤད་གྲྭའི་ཉེ་འཁྲིས་ཀྱི་བཀའ་བརྒྱུད་པའི་སྤྲུལ་སྐུ་ཞིག་གི་བླ་བྲང་དུ་རྒྱ་རིགས་ལས་བཟོ་བ་ ༨ ཙམ་རྒྱ་གར་གྱི་ཉེན་རྟོག་པས་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་ཀྱང་། རྗེས་སུ་ཉེན་རྟོག་ལས་ཁུངས་དང་གསང་པའི་ལས་ཁུངས་གཉིས་ཀྱིས་ཞིབ་བཤེར་སྐབས། རྒྱ་མི་དེ་དག་ཐའེ་ཝན་ནས་ཡོང་བའི་ལས་བཟོ་བ་སྐོར་ཞིག་ཡིན་པ་ར་འཕྲོད་ཡོད་འདུག

རྒྱ་གར་ཉེན་རྟོག་པས་ཕྱི་མི་དེ་དག་གིས་ཐོངས་མཆན་ཞུས་ཏེ་ཡོང་ཡོད་ཀྱང་། རྒྱ་གར་ནང་བསླེབས་རྗེས་བདུན་ཕྲག་གཉིས་ནང་ཚུན་འབྲེལ་ཡོད་ས་གནས་ཉེན་རྟོག་ལས་ཁུངས་སུ་སྙན་གསེང་ཞུས་མེད་པ་དང་། ཁོང་ཅག་ལ་ཡུལ་སྐོར་སྤྲོ་འཆམ་པའི་ཐོངས་མཆན་ལས་ལས་ཀ་བྱེད་པའི་ཡིག་ཆ་མེད་པར་ཁྲིམས་འགལ་ཡིན་ཚུལ་གྱིས་འཇུ་བཟུང་དང་། རྒྱ་ནག་གི་གསང་ཉུལ་བ་ཡིན་པའི་དོགས་གཞིའི་འོག་མངའ་སྡེ་ཉེན་རྟོག་པ་དང་རྒྱ་གར་གསང་པའི་ལས་ཁུངས་ཀྱིས་འདྲི་ཞིབ་བྱས་ཡོད་འདུག

ལས་བཟོ་བ་དེ་དག་གི་ཐོངས་མཆན་སྟེང་(Republic of China) ཞེས་བྲིས་ཡོད་སྟབས་རྒྱ་གར་ཉེན་རྟོག་པས་ཁོང་ཚོ་རྒྱ་མི་ཡིན་པའི་ངོས་འཛིན་འོག་གསང་ཉུལ་བའི་དོགས་གཞི་བྱུང་ཡོད་ཀྱང་། རྗེས་སུ་ཐའེ་ཝན་ཕྱི་སྐྱོད་ཐོངས་མཆན་སྟེང་(Republic of China) ཞེས་འགོད་ཀྱི་ཡོད་པ་དང་། རྒྱ་ནག་སྐམ་ས་ནས་ཡིན་ཚེ་ (People’s Republic of China) ཞེས་འགོད་ཀྱི་ཡོད་པ་ཤེས་རྟོགས་བྱུང་འཕྲུལ་ཁོང་ཚོ་ཐའེ་ཝན་ནས་ཡིན་པ་ཁ་གསལ་ཆགས་ཡོད།

ཧི་མ་ཅཱལ་སྤྱི་ཁྱབ་བློན་ཆེན་ཌུ་མལ་(PK Dhumal) མཆོག་གིས་འཛིན་བཟུང་བཀག་ཉར་བྱས་པའི་རྒྱ་རིགས་དེ་དག་ཐའེ་ཝན་བརྒྱུད་དེ་ཡོང་མཁན་རྒྱ་ནག་སྐམ་སའི་མི་ཡིན་སྲིད་པ་དང་། རྒྱ་གར་དབུས་གཞུང་གིས་ཧི་མ་ཅཱལ་ནང་དང་ས་མཚམས་ཁག་ཏུ་རྒྱ་ནག་གི་འགུལ་སྐྱོད་ལ་དོགས་ཟོན་བྱ་དགོས་པའི་ལམ་སྟོན་ཡོད་པ་ལྟར་གཟབ་ནན་བྱེད་ཀྱི་ཡོད་སྐོར། ཉེ་སྔོན་རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་སྐུ་ཕྱྭར་གནོད་འཚེ་བྱ་འཆར་གྱི་གནས་ཚུལ་ཐོན་པ་ནས་རྒྱ་གར་གཞུང་གིས་རྒྱ་ནག་གི་འགུལ་སྐྱོད་ཐད་དམིགས་བསལ་དོ་སྣང་བྱེད་མགོ་ཚུགས་ཡོད་ཚུལ་སོགས་བརྗོད་འདུག

གསར་འགོད་པས་དབུས་བོད་མིའི་སྒྲིག་འཛུགས་བདེ་སྲུང་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་སུ་གོང་གསལ་གནས་ཚུལ་སྐོར་མཁྱེན་རྟོགས་ཡོད་མེད་བཀའ་འདྲི་ཞུས་པར། ཁོང་གིས་ “གནས་ཚུལ་དེ་འདྲ་ཞིག་གོ་ཐོས་བྱུང་། ཡིན་ནའང་མི་དེ་དག་གིས་ཐའེ་ཝན་གྱི་ཐོངས་མཆན་ཞུས་ཏེ་ཡོང་ཡོད་སྟབས། ང་ཚོས་ཐའེ་ཝན་རང་ནས་ཡིན་པ་ཞིག་ལ་ངོས་འཛིན་བྱ་དགོས་པ་ཞིག་ཆགས་ཡོད། གནད་དོན་དེའི་སྐོར་འདིར་དམིགས་བསལ་འབྲེལ་བ་ཞུ་མཁན་དེ་འདྲ་བྱུང་མ་སོང”ཞེས་བརྗོད་བྱུང་།

ད་ཆར་མི་དེ་དག་ཧི་མ་ཅཱལ་མངའ་སྡེའི་མན་ཌེ་(Mandi) རྫོང་ཁོངས་ཀྱི་ཇོ་གྷེན་ཌར་ནཱ་གྷར་(Jogindernagar) ཁྲིམས་ཁང་དུ་ཡོད་ཅིང་། མི་དེ་དག་གིས་ཅཱོན་ཊི་རཱ་ས་གནས་ཀྱི་བཀའ་བརྒྱུད་པའི་སྤྲུལ་སྐུ་ཞིག་བླ་བྲང་འཛུགས་སྐྲུན་ཐད་ལས་ཀ་བྱེད་ཀྱི་ཡོད་པ་དང་། དགོན་པ་འཛུགས་སྐྲུན་གྱི་ས་ཆ་དེ་ཚེ་བརྟན་ཕུན་ཚོགས་ཞེས་པའི་བོད་མི་ཞིག་གི་མིང་ཐོག་ན་ཡོད་སྟབས། ཚེ་བརྟན་ཕུན་ཚོགས་ཟེར་བ་དེ་ཡང་ཉེན་རྟོག་པས་འབོད་འགུག་གིས་ཁྲིམས་ཁང་དུ་འདྲི་རྩད་བྱེད་ཀྱི་ཡོད་འདུག  

ཅཱོན་ཊི་རཱ་ས་གནས་ལས་ཁུངས་ལ་ཁ་པར་བརྒྱུད་གནས་ཚུལ་དྲིས་སྐབས། མིང་ལ་ཚེ་བརྟན་ཕུན་ཚོགས་ཟེར་བའི་མི་ཞིག་གི་མིང་ཐོག་ཏུ་ཡོད་པའི་ས་ཆའི་སྟེང་ཁང་པ་རྒྱག་གི་ཡོད་པ་དེའི་ལས་བཟོ་བ་མི་ ༨ ལ་ཉེན་རྟོག་པས་དོགས་གཞིའི་འོག་འཇུ་བཟུང་བྱས་ཡོད་ཀྱང་། རྗེས་སུ་ཁོ་ཚོ་ཐའེ་ཝན་ནས་ཡིན་པ་ར་འཕྲོད་བྱུང་ཡོད་པ་དང་། ད་ཆར་ས་གནས་ཁྲིམས་ཁང་དུ་ཡོད་ཀྱང་གནས་ཚུལ་ཚབས་ཆེན་དེ་འདྲ་མིན་པར་ཉིན་གཅིག་གཉིས་ནང་ཐག་གཅོད་གཙང་མ་ཆགས་རྒྱུ་ཡིན་ཚུལ་བརྗོད་བྱུང་།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༡༤ སྔོན་ལ།
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥
པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

༢༠༢༦/༡༠/༡༥

མཆན། 1

  1. བཀྲ་ཤིས། says:
    ལོ་ 14 སྔོན།

    བོད་པ་འདི་ཚོར་དམིགས་གསར་བྱེད་རྒྱུ་ཡོད་རེད། མི་ཡུལ་ལ་རྫིག་རྫིག་བྱེད་བྲག་ན་རང་མགོ་མི་ལ་ཤོར་ཡོང།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese