མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཡོངས་སྔ་འགྱུར་གྲོས་ཚོགས་འཛུཊ་དགོས།

བོད་ཀྱི་དུས་བབ།
༢༠༡༢/༠༦/༡༧
Share on FacebookShare on TwitterShare on EmailShare on Whatsapp

 ཀཱི་ལུང་ཐུབ་བཟང་།

དད་དམ་གྱི་རང་མདངས་གཅིག་ཏུ་གྱུར་བའི་ཆོས་གྲོགས་ཚོར་བསམ་ཚུལ་ཁ་ཤས་ཞུ་འདོད་བྱུང་། དུས་ཀྱི་གོམ་སྟབས་ནི་རི་གཟར་གྱི་འབབ་ཆུ་བཞིན་འགྲོ་བ་དང་ཆབས་ཅིག དེར་གནས་པའི་འགྲོ་བ་མིའི་འདུ་ཤེས་ཀྱི་འཕེལ་རིམ་ལའང་འགྱུར་བ་ཤུགས་ཆེན་ཕྱིན་ཏེ། སྔོན་ཆད་རྟ་ལམ་ཉིན་གཅིག་ཙམ་གྱི་གནས་ཚུལ་གོ་རྟོགས་ལས་དེ་རིང་འཛམ་གླིང་ཤར་ནུབ་ཀྱི་འཕྲིན་གསར་གོ་སླ་ཞིང་རྟོགས་མྱུར་བའི་བརྡ་འཕྲིན་དུས་རབས་ཀྱིས་ས་ལྒང་ཆུང་དུ་བཏང་བའི་དུས་ཚོད་ཅིག་ལ་སླེབས་ཡོད་པ་མཁྱེན་གསལ་རེད།

དུས་གཉན་འདི་འདྲ་བ་ཞིག་གི་སྐབས་ལ་སྤྱོད་ངན་ཐམས་ཅད་རྒྱ་ཡན་དུ་བཏང་སྟེ། མ་གོ་མ་ཐོས་ཟོལ་གྱིས་འདུག་པ་ནི་འགན་འཁྲི་མེད་པའི་བྱ་སྤྱོད་དམ་རང་མགོ་རང་གཅོག་གི་ལས་ཤིག་ཡིན་སྟབས། འགན་འཁྲི་ནི་མི་རེ་ངོ་རེའི་ཕྲག་ཏུ་ཡོད་པ་བཞིན་གནད་དོན་འགའི་ཐད་དུ་བསམ་བློ་ཞིག་བཏང་རྒྱུ་བྱུང་། ཚོར་ཤུགས་རྣོ་བའི་གོ་ལའི་ཁྱིམ་ཚང་འདིའི་འགྲོ་བར་འབྲེལ་འདྲིས་བྱེད་དགོས་ན་དེ་དག་གི་འདུ་ཤེས་ལ་བརྩི་བཀུར་དང་དགའ་ཕྱོགས་ལ་བསྟུན་མཁས་བྱེད་དགོས་པ་སྨོས་མེད་རེད།

དངོས་པོའི་དཔལ་ཡོན་ཁོ་ནས་འགྲོ་བ་མིའི་འཚོལ་སྙེགས་ཀྱི་རྨི་ལམ་དེ་དུས་ནམ་ཡང་མི་འགྲུབ་པར། དྲང་བདེན་དང་ཞི་བདེ། ཆོག་ཤེས། བཟོད་སྒོམ་སོགས་ཀྱི་འབྱུང་ཁུང་ནང་བསྟན་རིག་གཞུང་ཡིན་པའི་ཡིད་ཆེས་ཡོད་ན། བསྟན་པ་རྣམ་དག་འཛིན་སྐྱོང་ཁྱབ་སྤེལ་གྱིས་སེམས་ཅན་ཀུན་ལ་བླ་ན་མེད་པའི་ཞབས་འདེགས་ཞུ་རྒྱུ་ནི་དེར་ཞུགས་པའི་སྐྱེ་བོ་རེ་རེ་བཞིན་དང་བླངས་ཀྱི་འགན་འཁྲི་ཆགས་ཡོད་པ་ཤེས་དགོས། འདི་ཡན་ནི་རྩོམ་ཡིག་འདིའི་གླེང་གཞི་ཡིན།

མདོ་མེད་གྲྭ་རྐྱང་འཁྱམ་པོ་ཞིག་བསྟན་པ་གང་གི་གྲྭལ་མཐར་སྐྱེས་ས་དེ་གསང་ཆེན་སྔ་འགྱུར་རྙིང་མའི་ཆོས་རྒྱུད་འདི་ཡིན་པས་དེར་འདུ་ཤེས་བཟང་བོའི་བསམ་འཆར་ནི། སྤྱིར་ལམ་བསླབ་པ་གསུམ་གྱི་ཉམས་ལེན་དང་ལུང་སྡེ་སྣོད་གསུམ་ལ་འཆད་ཉན་གནང་པའི་མཁན་སྤྲུལ་བླ་སློབ་དགེ་འདུན་སོགས་བསམ་གྱིས་མི་ཁྱབ་པ་མངོན་པར་སྟོད་པའི་གནས་སུ་ བཞུགས་ཡོད་པ་ནི་སྨོས་མ་དགོས་སོ།།

འོན་ཀྱང་ཆོས་ཟབ་ས་ན་ནག་པོའི་བདུད་ཀྱང་ཟབ་ཟེར་བ་བཞིན་དེ་དང་མཉམ་དུ་བསྟན་པ་འཛིན་པ་ལས་བསྟན་བཤིག་མང་བའི་དུས་སྐབས་ཤིག་ལ་འཁེལ་ཡོད་པ་ནི་སུས་ཀྱང་སྙོན་དུ་མེད། མ་གཞི་བོད་རྒྱུད་ནང་བསྟན་ཆོས་བརྒྱུད་ཚོར་གཅིག་གྱུར་གྱི་སྒྲིག་གཞི་དེ་ཙམ་མེད་ལ། རྙིང་མ་པ་ནི་དེ་ལས་ཀྱང་སྒྲིག་འཛུགས་ཀྱི་ཚད་གཞི་ཅུང་དམའ་བའི་ཆོས་རྒྱུད་ཅིག་རེད། ང་རང་གི་རྨོངས་བློར་འཆར་སྣང་ལྟར་ན་ཆོས་རྒྱུད་འདིས་སྒྱུར་བཅོས་བྱེད་དགོས་པའི་གནད་དོན་མང་པོ་ཞིག་ཡོད་ལ་དེའི་ནང་ནས་ཁག་གཅིག་ཞུས་ན།

༼ ༡ ༽སྔ་འགྱུར་བའི་ཡང་སྲིད་ངོས་འཛིན་ལམ་ལུགས་ལ་བསྒྱུར་བཅོས་བྱས་ཏེ། གཅིག་གྱུར་ངོས་འཛིན་ཁྲི་འདོན་གྱི་ཐབས་ལམ་བཙལ་ཏེ་རང་ཉིད་ཀྱིས་རང་ཉིད་ངོས་འཛིན་བྱེད་པ་དང་བླ་དཔོན་སྦྱིན་བདག་གི་འཛུམ་རིས་བརྒྱུད་དེ་ཡང་སྤྲུལ་ངོས་འཛིན་བྱེད་པ། ཡང་སྤྲུལ་ཡོད་བཞིན་ཡང་སྤྲུལ་གཞན་ངོས་འཛིན་བྱེད་པ། དེ་བཞིན་ཉེ་ཁོར་གྱི་བརྩི་བཀུར་ཅུང་ཟད་ཡོད་པའི་མི་གྲོངས་ཚད་ལ་ཡང་སྲིད་འཚོལ་བ་སོགས་སྲོལ་ངན་འདི་རིགས་ལ་སྟངས་འཛིན་བྱེད་ཐུབ་དགོས།

༼ ༢ ༽ དགོན་པ་བདག་གཉེར་གྱི་རྩ་བའི་ཁ་ཕྱོགས་ལ་ཆོས་དང་མཐུན་པའི་འགྱུར་བ་བཏང་ནས་བསྟན་པའི་སྙིང་པོ་བཤད་སྒྲུབ་གཉིས་པོ་བྱས་ཏེ། དགོན་པ་འཛིན་སྐྱོང་ཚོང་ལས་སུ་སྒྱུར་བཞིན་པའི་རང་སྣང་གང་དྲན་གྱི་སྤྱོད་ངན་ཡ་ང་བ་ཁག་དང་ཆོས་ལུགས་ཀྱི་བྱེད་སྒོ་གོམ་སྲོལ་ཙམ་གྱི་རྒྱུན་འཛིན་པར་བྱེད་པ་མཇུལ་སྒྲིལ་བྱ་དགོས།

༼ ༣ ༽རྒྱལ་ཡོངས་ཆོས་ཁྲིམས་ལྷན་ཚོགས་འཛུགས་ཐུབ་པ་བྱས་ནས་རྒྱལ་ཕྱི་ནང་གང་སར་ནས་དད་ལྡན་རྣམས་ཀྱི་སེམས་ཁམས་དཀྲུགས་པའི་ཁྱིམ་པ་སུན་འབྱིན་གྱི་ལས་འདྲ་མིན་གྱིས་བསྟན་པའི་ཞབས་འདྲེན་བྱེད་མཁན་རིགས་གཙང་སེལ་བྱེད་པ་དང་། ཆེས་ཁ་ན་མ་ཐོ་བའི་ཁྱིམ་སུན་འབྱིན་པ་དག་ཐ་ན་རྒྱལ་ཡོངས་སྔ་འགྱུར་ཆོས་རྒྱུད་དེའི་སྒྲིག་འཛུགས་ཁྱབ་ཁོངས་ལས་ཕྱིར་བཏོན་ཁྱབ་བསྒྲགས་བྱེད་དགོས།

༼ ༤ ༽རྒྱལ་ཡོངས་སློབ་སྟོན་ལྷན་ཁང་འཛུགས་ཐུབ་བྱས་ཏེ་བསླབ་གཞི་གཅིག་གྱུར་དང་བསླབ་གཞི་དང་བསྟུན་པའི་མཚན་གནས་དང་། མཚན་གནས་གང་ཞིག་ཕྱིར་བསྡུ་བྱེད་རྒྱུ་ཡོད་པ་དང་མེད་པའི་ཁྱད་པར་སོགས་གཅིག་གྱུར་གསལ་ཁ་ལྡན་པ་གཏན་འབེབས་བྱེད་དགོས།

༼ ༥ ༽གྲྭ་བའི་སྡོམ་པ་ཉམ་ཚེ་སྔགས་པ་ཟེར་པའི་མིང་སྙན་པོ་དེ་བསྡུ་གསོག་རྒྱབ་སྟེ་ཁྱིམ་པ་སྔགས་པ་དང་ཁྱིམ་པ་ཕལ་བའི་དབྱེ་མཚམས་ཤེས་ཡོན་དང་ཀུན་སྤྱོད་གཉིས་ཀའི་སྒོ་ནས་ཁ་གསལ་བཟོ་པའི་མ་ཚད། རབ་བྱུང་རྣམས་ཀྱི་ནབས་བཟའ་བཞེས་ཕྱོགས་ལའང་ཅིག་གྱུར་གཏན་འབེབས་ཐད་ཐུགས་བསམ་བཞེས་དགོས།

༼ ༦ ༽ རྒྱལ་ཡོངས་རྙིང་མའི་དབུ་འཛིན་གྱི་འོས་ཆོས་དང་དབུ་འཛིན་དུ་ཕེབས་སྟངས། དེ་བཞིན་ཕྱགས་ལས་གནང་ཕྱོགས་དང་དབུ་འཛིན་ཁྲི་ཡུན་སོགས་ཁ་གསལ་གཏན་འབེབས་གནང་རྒྱུ།

༼ ༧ ༽སྔ་འགྱུར་རྒྱལ་ཡོངས་གྲོས་ཚོགས་ཆེན་མོ་ཞེས་པའི་བསྟན་འཛིན་གྱི་ཚོགས་སྡེ་ཞིག་འཛུགས་ཐུབ་ན་གོང་འཁོད་གནད་དོན་འདི་དག་དང་། འདི་ལས་གཞན་ཅི་ཡོད་ཐག་གཅོད་ཐུབ་པའི་གཞི་རྩའི་གོམ་པ་དང་པོ་ཡིན་པས། དུས་ཚོད་སྐར་ཆ་གཅིག་ཀྱང་ཕྱིར་འགྱངས་བྱ་མི་རུང་ལ་ཆེད་བརྗོད་འདིའི་བསྟན་དོན་གཙོ་བོ་དང་ཞུ་སྐུལ་གཙོ་བོ་ཡང་དེ་ཡིན།  

འདི་ཆེན་པོའི་མཚན་འཆང་ག་གེ་མོས་གནང་སྦྱིན་གསོལ་རས་མི་སྩོལ་ལ་འབད་མེད་ལྷུན་གྲུབ་ཀྱིས་ནི་དེ་བས་ཀྱང་མི་འོང་། དེས་ན་ཤཱཀྱ་སེང་གེའི་བསྟན་པར་གོ་བ་རྙེད་ཀྱང་ལྷག་བསམ་ལྡན་པའི་དགེ་འདུན་པ་ཁག་གཅིག་གིས་རྩོད་ལེན་བྱེད་དགོས་པའི་དུས་ལ་བབ་ཡོད་པ་རེད།།

ཆོས་གྲོགས་ཚོ་ང་ཚོའི་ཕྱིར་མིག་གི་ཁྲོད་ན་བོད་སིལ་བུའི་དུས་རབས་ནི་བོད་ཀྱི་ཆོས་སྲིད་ཐམས་ཅད་ཉམས་ཆག་ཐོར་ཞིག་ཏུ་སོང་བའི་དུས་རབས་ཤིག་ཡིན་པར་ངོས་ཟིན་པ་བཞིན། ད་ལྟ་སྔ་འགྱུར་རྙིང་མ་པའི་ཆོས་རྒྱུད་འདི་ཆོས་རྒྱུད་སིལ་བུའི་དུས་རབས་ཤིག་ཡིན་པ་ངོ་ཤེས་དགོས་ལ་འདིའི་མཇུག་འབྲས་རྗེས་དཔོག་ཀྱང་བྱེད་ཐུབ་དགོས།། །།

ཕྱི་ལོ་༢༠༡༢།༠༦།༡༦ལའོ།

 

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༩ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༩ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༠ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༡༥ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 4

  1. རྫ་ཆུའི་ཟླ་བ། says:
    ལོ་ 14 སྔོན།

    དངོས་གནས་ལྷག་བསམ་དང་སྙིང་སྟོབས་ཀྱི་མི་འདི་རིགས་ལ་རྒྱབ་སྐྱོར་བྱེད་རྒྱུའི་རེ་བ་ཡོད། ལྷག་ཏུ་ཁོང་གིས་གསུངས་གནང་བའི་༼བསྟན་པ་རྣམ་དག་འཛིན་སྐྱོང་ཁྱབ་སྤེལ་གྱིས་སེམས་ཅན་ཀུན་ལ་བླ་ན་མེད་པའི་ཞབས་འདེགས་ཞུ་རྒྱུ་ནི་དེར་ཞུགས་པའི་སྐྱེ་བོ་རེ་རེ་བཞིན་དང་བླངས་ཀྱི་འགན་འཁྲི་ཆགས་ཡོད་པ་ཤེས་དགོས།༽ གསུངས་པ་ལྟར།
    སྟོང་ཆ་འགེང་རྒྱུ་དེ་མི་རེ་རེའི་འོས་འགན་རང་རེད།

    Reply
  2. ཀཱི༔ལུང་ཐུབ་བཟང་། says:
    ལོ་ 14 སྔོན།

    དྲང་བདེན་གྱིས་བསླུས་པའི་མུ་ཏོ་བ་དང་ཡར་ཀླུང་ལྷ་རྗེ་གཉིས་ཀྱིས་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ་ཞུ།

    Reply
  3. ཡར་ཀླུང་ལྷ་རྗེ། says:
    ལོ་ 14 སྔོན།

    དངོས་གནས་བདེན་པ་དང་། རྒྱུ་མཚན་རྣལ་མ་འདུག་ལ། དུས་ཀྱིས་དགོས་མཁོ་ཞིག་ཡང་ཡིན་པས་རྗེས་སུ་ཡིད་རང་ཡོད་ལ་ཤུགས་རྒྱབ། རིས་སུ་མེད་པའི་བླ་ཆེན་དང་། མི་ཆེན་དེ་ཚོས་རང་ཉིད་ཀྱིས་ཁེ་ཉེ་མི་བལྟོས་པར་སངས་རྒྱས་ཀྱིས་ལུང་རྟོགས་ཀྱིས་བསྟན་པར་དམིགས་ཏེ་གོང་གི་དོན་ཚན་དེ་ཚོར་བསམ་ཞིབ་བྱ་དགོས་ལ་བློ་སྟོབས་ཆེན་པོས་བསྒྱུར་བཅོས་ཡང་དགོས་པ་མཐོང།།

    Reply
  4. དྲང་བདེན་གྱིས་བསླུས་པའི་མུ་ཏོ་བ། says:
    ལོ་ 14 སྔོན།

    རྗེས་སུ་ཡི་རང་ཡོད། ཤུགས་རྒྱག་རོགས་གནོངས། ངས་ཀྱང་འདི་འདྲ་ཞིག་བསྒུགས་ནས་ཡོད། ལག་ལེན་བསྟར་ཐུབ་སོང་ན། ང་རང་ཉིད་རྩ་དགོངས་ཞུ་དགོས་ན་ཞུ་ངེས་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese