མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྟ་མགྲིན་ལཊ་ཀྱི་ཞལ་ཆེམས།

བོད་ཀྱི་དུས་བབ།
༢༠༡༢/༠༦/༡༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་གཅེས་དཔའ་པོ་རྟ་མགྲིན་ཐར་ལགས་སྐུ་མ་གྲོངས་གོང་རང་ཁྱིམ་དུ་ཞལ་ཆེམས་ཞིག་བཞག་ཡོད་འདུག

 རྨ་མགུར་སངས་རྒྱམ་ལགས་ཀྱིས་ཀ་སྦུག་ནས་གནས་ཚུལ་བཏང་འབྱོར་ལ། ཀ་སྦུག་ས་གནས་བུད་མེད་དང་གཞོན་ནུ་གཉིས་ཀྱི་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་ ༡༧ གྱི་དགོང་མོར་ཀ་སྦུག་ས་གནས་སུ་བོད་རིགས་སེར་སྐྱ་མི་དམངས་ ༡༠༠ ལྷག་འདུ་འཛོམས་བྱས་ཏེ། ཉེ་ལམ་འདས་གྲོངས་སུ་ཕྱིན་པའི་རྒྱལ་གཅེས་དཔའ་བོ་རྟ་མགྲིན་ཐར་ལགས་སུ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་མར་མེ་ཁྲོམ་སྐོར་ཞིག་གནང་ཡོད་འདུག་ལ། རྒྱལ་གཅེས་པ་རྟ་མགྲིན་ཐར་ལགས་ཀྱིས་སྐུ་ལུས་མེར་བསྲེཊ་མ་བཏང་གོང་རང་ཁྱིམ་དུ་ཞལ་ཆེམས་ཤིག་བཞག་ཡོད་འདུག

ཁོང་གི་ཞལ་ཆེམས་དེའི་ནང་དུ། “ བླ་མ་ཡི་དམ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆིའོ།འཛམ་གླིང་ལ་ཞི་བདེ་ཡོང་བའི་རེ་བ་དང་། ༸རྒྱལ་དབང་རིན་པོ་ཆེ་རང་ཡུལ་དུ་ཕེབས་པའི་རེ་འདུན།བོད་རྒྱལ་ཁབ་ཀྱིས་རང་ས་ཟིན་པའི་དོན་དུ་རང་ལུས་མེ་མཆོད་དུ་འབུལ་རྒྱུ་ཡིན།” ཞེས་འཁོད་འདུག་ལ།རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་དེ་བྱུང་འཕྲལ་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གཉིས་ཀྱིས་ཛ་དྲག་ཐོག་གསར་འགོད་གསལ་བསྒྲགས་སྤེལ་ཡོད་ལ།དེ་བཞིན་བཞུགས་སྒར་ངྷ་ས་དང་ནོར་གླིང་། རྡེར་རྡུན་སོགས་ཀྱི་ནང་དུའང་མར་མེ་ཁྲོམ་སྐོར་གནང་ཡོད་འདུག

རང་ལོ་ ༦༤ ཡིན་པའི་རྒྱལ་གཅེས་དཔའ་བོ་མཁན་རྟ་མགྲིན་ཐར་ལགས་ནི། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གཅན་ཚ་རྫོང་གཅན་ཚ་ཐང་ཞང་ལོ་བ་སྡེ་བ་ནས་ཡིན་ཞིང་། རང་ལོ་ ༥༤ ཡིན་པའི་བཟའ་ཟླ་ཆོས་མོ་ཐར་དང་ཁོང་གཉིས་ལ་ཕྲུ་གུ་གསུམ་ཡོད་པ་ལས།རང་ལོ་ ༣༣ ཡིན་པའི་བུ་ཆེ་བ་རྟ་མགྲིན་སྐྱབས་ཀྱིས་ཁྱིམ་གཞིས་ཟུར་དུ་བཟུང་ཡོད་ལ། རང་ལོ་ ༢༨ ཡིན་པའི་རྡོ་རྗེ་འཚོ་ཁྱིམ་ཚང་གི་གཞི་འཛིན་ཡིན་འདུག  རང་ལོ་ ༢༠ ཡིན་པའི་བུ་ཆུང་བ་ཝུན་ཁྲང་རྡོ་རྗེས་གཅན་ཚ་རྫོང་མི་རིགས་སློབ་འབྲིང་དུ་སློབ་གཉེར་བྱེད་ཀྱི་ཡོད་འདུག ལོ་ཤས་གོང་རྒྱ་གཞུང་གིས་འབྲོག་པ་གྲོང་ཁྱེར་ཅན་དུ་བསྒྱུར་བའི་སྲིད་ཇུས་ལག་བསྟར་བྱེད་སྐབས་གཅན་ཚ་ཐང་ནས་རྫོང་གི་ཉེ་འགྲམ་དུ་གཞིས་སྤོ་བྱས་ཏེ།  ནམ་རྒྱུན་རྫོང་ཐོག་ཏུ་ཡོད་པའི་མ་ཎི་འཁོར་ཁང་དུ་སྐོར་བ་བྱེད་པ་དང་མཉམ་དུ་རྫོང་ཐོག་ཏུ་སློབ་གྲྭར་འགྲོ་བཞིན་པའི་ཚ་བོར་ལྟ་སྐྱོང་བྱེད་བཞིན་བསྡད་ཡོད་འདུག

 གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

ཆུ་ཚོད་ ༤ སྔོན་ལ།
བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

ཆུ་ཚོད་ ༦ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

༢༠༢༦/༠༧/༠༩
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

༢༠༢༦/༠༧/༠༩
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

༢༠༢༦/༠༧/༠༩
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

༢༠༢༦/༠༧/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese