མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ ༢ ཀྱིས་མེར་བསྲེགས།

བོད་ཀྱི་དུས་བབ།
༢༠༡༢/༠༦/༢༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་དྲོ་ཁམས་ཡུལ་ཤུལ་ཁུལ་རྫ་སྟོད་གྲོང་རྡལ་དུ་བོད་མི་གཉིས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག

རྒྱ་གར་ལྷོ་ཕྱོགས་སེར་བྱེས་ལྡན་མ་ཁང་ཚན་གྱི་གྲྭ་བློ་བཟང་སངས་རྒྱས་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། དེ་རིང་ཕྱི་ཚེས་ ༢༠ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༣།༣༠ ཐོག་རང་ལོ་ ༢༢ ཡིན་པའི་ངག་དབང་ནོར་འཕེལ་དང་། རང་ལོ་ ༢༤ ཡིན་པའི་བསྟན་འཛིན་མཁས་གྲུབ་གཉིས་ཀྱིས་ཁམས་ཡུལ་ཤུལ་རྫ་སྟོད་གྲོང་རྡལ་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག  

གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ངག་དབང་ནོར་འཕེལ་ནི་ཨ་མདོ་རྔ་བ་རྫོང་གི་ཡིན་འདུག་ལ། ཕ་མིང་ལ་ལྷག་པ་དོན་འགྲུབ་དང་ཨ་མའི་མིང་ལ་ཚེ་རིང་དབྱངས་ཅན་འབོད་ཀྱི་ཡོད་འདུག ལོ་ཤས་གོང་རྫ་སྟོད་དུ་ཡོང་སྟེ་བསྡད་ཡོད་འདུག བསྟན་འཛིན་མཁས་གྲུབ་ལགས་ནི། ཁམས་ཡུལ་ཤུལ་ཁུལ་ཁྲི་འདུ་རྫོང་ཉ་མཚོ་སྡེ་བའི་སྐམ་ཡུལ་རུ་ཁག་གསུམ་པ་ནས་ཡིན་ཞིང་། ཕ་མིང་ལ་ལེགས་གྲུབ་དང་མ་སྐྱིད་འཛོམས་འབོད་ཀྱི་འདུག དེ་སྔོན་ཟིལ་དཀར་དགོན་གྱི་གྲྭ་བ་ཡིན་པ་དང་། ༢༠༠༦ ལོར་སྐྱ་སར་བབས་འདུག

ཉེ་ཆར་ཁོང་གཉིས་ཀྱིས་མེར་བསྲེགས་མ་བཏང་བའི་སྔོན་དུ་ཞལ་ཆེམས་ཡི་གེ་ཅིག་བཞག་ཡོད་པའི་ནང་། ངེད་གཉིས་ལ་མཚོན་ན་བོད་ཀྱི་ཆོས་དང་རིག་གནས་སོགས་གང་ལ་ཡང་ནུས་པ་འདོན་མི་ཐུབ་ཅིང་། དཔལ་འབྱོར་གྱི་ཕྱོགས་ནས་བོད་མི་མང་ལ་ཕན་པའི་ལས་ཀ་ཅི་ཡང་བྱེད་མི་ཐུབ། དེའི་ཕྱིར་ངེད་གཉིས་ཀྱིས་རང་གི་ནུས་ཚོད་ཀྱིས་བོད་མི་རིགས་དང་ལྷག་པར་དུ་༸གོང་ས་མཆོག་སྐུ་ཚེ་ཁྲི་ཕྲག་ནས་ཁྲི་ཕྲག་ཏུ་བརྟན་པ་དང་། གཞན་ཡང་ཁོང་མྱུར་དུ་བོད་ལ་ཞབས་སོར་ཐུབ་པའི་རམ་འདེགས་སུ་རང་ལུས་མེར་བསྲེགས་ཀྱི་ལས་གཞི་འདི་འདེམས་པ་ཡིན། ངེད་གཉིས་དང་འདྲ་བའི་བོད་ཀྱི་གཞོན་སྐྱེས་ཚོར་ཞུ་སྙིང་། ང་ཚོའི་བོད་ནང་ཁུལ་ནས་རྒྱག་རེས་རྒྱག་རྒྱུ་དང་། ནང་རྩོད་བྱེད་རྒྱུའི་བྱ་སྤྱོད་རིགས་ནམ་ཡང་མི་བྱེད་པའི་དམ་བཅའ་དང་། ཚང་མས་རྡོག་རྩ་གཅིག་སྒྲིལ་གྱིས་བོད་མི་རིགས་ཀྱི་ལ་རྒྱ་འཛིན་ཐུབ་རྒྱུའི་རེ་བ་དང་ཡིད་ཆེས་ཡོད་ཅེས་འཁོད་འདུག

ཁོང་གཉིས་ཀྱིས་མེར་བསྲེཊ་གཏོང་སྐབས་ཀྱི་པར།

མེར་བསྲེགས་བཏང་རྗེས་ཀྱི་པར།

བསྟན་འཛིན་མཁས་གྲུབ་ལགས། 

ངག་དབང་ནོར་འཕེལ་ལགས།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

ཆུ་ཚོད་ ༦ སྔོན་ལ།
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

མཆན། 18

  1. འཇའ་ཐང་འབྲོག་བུ། says:
    ལོ་ 14 སྔོན།

    ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

    ངས་ཀྱང་དཔའ་བོ་དེ་དག་གི་ཆེདདུ་མ་ཎི་འགའ་འདོན་ན་འདོད་སོང་།
    དཔའ་བོ་དག་རྗེས་དྲན་ཞུ།
    ངུ་ངག་གི་ཕྲེང་བ་རྡོག་པོ་འདི་ཁྱེད་རྣམས་ལ་གྱེས་བྲལ་གྱི་ཕེབས་སྐྱེལ་ཡིན།

    Reply
  2. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    ཡུལ་ཤུལ་དཔའ་བོ་རྣམས་ཀྱིས་དཔའ་སྐད་འདོན་གྱི། དཔའ་བོ་ཁྱེད་ཀྱི་མཛད་རྗེས་ལ་བསྔགས་བརྗོད་ཞུ། ཡང་དེ་སྔོན་ཡུལ་ཤུལ་གྲྭ་པ་ཞིག་གིས་ཀྱང་མེར་བསྲེགས་བཏང་ཡོད། དེང་སང་ཁོང་གི་སྐོར་ལ་གནས་ཚུལ་གསར་པ་ཞིག་ཐོས་པ་ནི། ཁོང་གི་རྐང་པ་གཉིས་ཀ་རྒྱའི་སྨན་ཁང་གིས་བཏུབ་ཚར་ཡོད་སྐད། ད་དུང་དེར་མ་ཚད། སྐེད་ལ་བཤག་བཅོས་བཏང་ཡོད་སྐད། གང་ལྟར་རྒྱའི་སྨན་པས་སྨན་ཁང་ནས་ཐང་ཐང་ཞིག་གློད་གྲོལ་བཏང་མི་སྲིད་ཡ།

    Reply
  3. སྐར་མདའ། says:
    ལོ་ 14 སྔོན།

    བདེན་པ་ལ་རྒྱབ་སྐྱོར་དང་། སེམས་ཤུགས་ཅན་ལ་རམ་འདེགས་གནང་རྒྱུ་ནི་དྲང་བདེན་ལ་དགའ་བའི་འགྲོ་བ་མིའི་རིགས་ཀྱི་མཚན་ཉིད་ཚང་བའི་གང་ཟག་ཚོའི་ལས་འགན་རང་སྟེང་ལ་ཁུར་ཡོད། ཡང་སྒོས་རང་ལུས་མེ་སྲེག་གཏོང་མི་ཐུབ་མཁན་རྣམས་ཀྱིས་ལས་འགན་གཙོ་བོ་ཡང་ཡིན།

    སྙིང་རྗེ།
    ཡང་རང་ལུས་མེ་སྲེག་གཏོང་གི་འདུག
    འདི་ལྟར་བྱས་པ་ཡིན་ན། མི་རིགས་ཀྱི་གྲངས་འབོར་ལ་གྱོང་ཆེན་པོ་ཕོག་ངེས་རེད་ལ། ནུས་པ་ཡང་དེ་ཙམ་འཐོན་ཐུབ་ཀྱིན་མེད་པ་འདྲ་བོ་ཞིག་འདུག
    དེ་བས་སྐུ་ལུས་མེ་སྲེག་མ་བཏང་བར་སྐུ་འཚོལ་ནས་ལས་འགུལ་ཞིག་སྤེལ་བ་ཡིན་ན།
    ང་ཚོའི་སེམས་པ་ལྷོད་ལ་འབད་ཐུབ་ལ། ལས་འགུལ་ཡང་མ་འདྲ་བ་ཞིག་རྒྱུན་མཐུད་ནས་སྤེལ་ཆོག་པ་རེད།

    སྐུ་ལུས་མེ་སྲེག་བཏང་ན་རང་ཉིད་གཟི་བརྗིད་ལྡན་པའི་ངང་ནས་ཕེབས་ཟིན་པ་རེད།
    ཡིན་ན་ཡང་། ཤུལ་དུ་མང་པོ་ཞིག་སྡུག་བསྔལ་གྱི་རྒྱ་མཚོའི་ནང་དུ་གཡུགས་པ་དང་གཅིག་པ་རེད།
    ཤུལ་ལུས་དཔའ་བོ་དཔའ་མོ་ཚོར་་་ ༽་བསམ་གཞིགས་རེ་ཐོངས་དང་།
    ཀླད་ཤུགས་ངལ་རྩོལ་གྱི་ནུས་ཤུགས་བཏོན་སྟེ་དམར་ཕྱོགས་ལ་ངོ་རྒོལ་གནང་རོགས།

    རང་ལུས་མཆོད་མེའི་གཟུགས་སུ་སྤྲུལ་རོགས་གནང་།
    ང་ཚོས་ཕ་རཽལ་དགྲ་བོར་རྒོལ་ལན་སྤྲོད་པ་ལ།
    མི་འབོར་དགོས། ནུས་ཤུགས་དགོས། ཀླད་ཤུགས་དགོས།
    ཡུན་སྐྱོང་ཐུབ་དགོས།

    གང་ལྟར་ཨོཾ་མ་ཎི་པདྨེ་་ཧཱྃཿ། གང་ལྟར་ཨོཾ་མ་ཎི་པདྨེ་་ཧཱྃཿ། གང་ལྟར་ཨོཾ་མ་ཎི་པདྨེ་་ཧཱྃཿ།
    གང་ལྟར་ཨོཾ་མ་ཎི་པདྨེ་་ཧཱྃཿ། གང་ལྟར་ཨོཾ་མ་ཎི་པདྨེ་་ཧཱྃཿ། གང་ལྟར་ཨོཾ་མ་ཎི་པདྨེ་་ཧཱྃཿ།

    Reply
  4. བདེན་པའི་དུང་སྒྲ། says:
    ལོ་ 14 སྔོན།

    རྒྱལ་གཅེས་སེམ་དཔའ་དག་གིས་ཅི་ཙམ་མཛད་བཟང་བཞག་ཀྱང་།
    བཙན་བྱོལ་བའི་དཔོན་ངན་ཚོས་མི་འཇོན་པས་དངོས་གནས་སེམ་སྐྱ་གི་ཡ།
    ཁྱེད་རང་ལྷག་བསམ་ཅན་ཚངས་མ་ཤིན་ཏུ་སྐྱོ་གི་ཡོད་པ་ངའི་སྙིང་གི་མཡོང་ཚོར་ཟབ་མོས་ཚོར་ཐུབ་གི་ཡ། གཞིས་བཞུགས་པ་དག་སྙིང་རྗེ་ཡང་བྱེད་ཐབས་མི་ཤེས་པས་དེ་བས་སྡུག་གི་ཡ།
    ཨ་ཤུ་རེ་ཀོ་ཡིན་ན། ང་དཔོན་པོ་ཞིག་ཡིན། ངས་ཉིན་མཚན་མེད་པར་ལས་དོན་ལ་འབད་ཡ།

    Reply
  5. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། དཔར་དེ་དག་མཐོང་བ་ཙམ་གྱིས་སྐད་ཆ་མ་བཤད་གོང་ནས་མ་ཎི་ཁ་ནས་ཤོར་སོང་། དཔའ་བོ་གཉིས་ལ་གུས་འདུད་ཞུ། སྐྱེས་བུ་ཆེ་པོ་ངག་དབང་ནོར་འཕེལ་དང་བསྟན་འཛིན་མཁས་གྲུབ་གཉིས་གཙོས་པའི་དཔའ་བོ་ཞེ་གཉིས་ཀྱི་རེ་སྨོན་མྱུར་དུ་འགྲུབ་པའི་སྨོན་ལམ་ཡང་ཡང་ཡོད། ང་ཚོ་བོད་པ་ཚང་ལ་ཕྱི་ནས་རྒྱབ་དཔུང་མེད་ཅིང་ནང་ལ་ཆིག་སྒྲིལ་མེད། དཔའ་བོ་དེ་དག་གི་སྐུ་སྲོག་མེ་ལ་སྒྲོན་ཡོད་ནའང་རྒྱ་མི་ལ་གཡོ་འགུལ་ཐེབས་ཐུབ་པ་ཞིག་ཕར་ཞོག་ནང་ལ་ཡང་སེམས་འགུལ་ཐེབས་ཏེ་ལས་དོན་སྒྲུབ་མཁན་ཤིན་ཏུ་ཉུང་།

    Reply
  6. ཧོར་བུ་ཡེ་ཤེས says:
    ལོ་ 14 སྔོན།

    ད་གང་དྲག། སེམས་ཁུང་ནས་སྐྱོ་ཞིང་མིག་ཟུང་མཆི་མས་གང་བ་ཙམ་ལས་ཅི་བཤད་དགོས་མི་ཤེས་ཀི། མ་ཎི་གྲངས་མེད་ཡོད།

    Reply
  7. ནད་པ says:
    ལོ་ 14 སྔོན།

    བདག་གིས་བསྟོད་དེ་དཔའ་རྒོད་ཅེས་མི་བརྗོད།།
    བདག་གིས་སྨད་དེ་གླེན་ལྐུགས་ཞེས་མི་བྱ།།
    གང་ལྟར་ཕྱི་ནང་དུས་ཀྱི་རྟོག་བསད་ནས་།།
    རང་གཞན་གཉིས་ཀའི་ཚུལ་རྣམས་ཤེས་གྱུར་ཏེ།།
    ཅི་བྱས་འབྲས་སུ་སྨིན་དང་མི་སྨིན་པའི།།
    རང་རྒྱལ་གཞན་ཕམ་གཞན་རྒྱལ་རང་ཕམ་པའི།།
    ངང་ཚུལ་འདི་དག་བོད་མིས་རྟོགས་པར་ཤོག།

    Reply
  8. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 14 སྔོན།

    གངས་རིས་ཡོངས་བསྐོར་བསིལ་ལྡན་གངས་ལྗོངས་ན། །
    དཔའ་བོའི་ཁྱུ་མཆོག་རྒྱལ་གཅེས་དཔའ་རྒོད་དག །
    གཞན་གནོད་གཞི་བཅས་སྤངས་ཏེ་གཞན་དོན་ཆེད། །
    རིན་ཆེན་ལུས་སྲོག་གཏོང་འདིའི་རིན་ཐང་རྨད། །

    Reply
  9. དོན་འགྲུབ། says:
    ལོ་ 14 སྔོན།

    དཔལ་བོ་འདི་ཚོས་བློས་བཏང་བྱེད་པ་འདི་ང་ཚོ་བོད་མི་རིགས་ཙམ་མ་ཟད་འཛམ་གླིང་སྤྱིའི་བདེ་འཇག་གི་ཆེད་དུ་ཡིན་པས། མཉམ་འབྲེལ་རྒྱལ་ཚོགས་ལ་ཡང་འགན་ཆེན་པོ་ཡོད།

    Reply
  10. རྒྱང་མིག says:
    ལོ་ 14 སྔོན།

    བོད་ཀྱི་དཔའ་བོ་ཚོ་མི་རིགས་དང་རྒྱལ་ཁབ་ཀྱི་རང་དབང་དང་ཞི་བདེའི་ཆེད་དུ་འདི་ལྟར་བློས་གཏོང་བྱེད་དུས། ནམ་རྒྱུན་འཛམ་གླིང་ཞི་བདེ་དང་རང་དབང་ཞེས་ཁ་ནས་བཤད་མཁན་ཚོས་དོན་དངོས་རང་དབང་ཞི་བདེའི་ཆེད་དུ་ཅི་ཞིག་བྱ་ཐུབ་ཀྱི་ཡོད་རེད། མ་མཐའ་ཁོང་ཚོ་ལ་རྒྱབ་སྐྱོར་ཀྱི་སྐད་ཆ་རྣོ་ངར་ཅན་ཞིག་ཀྱང་བཤད་མི་ཐུབ་པར་ཁུ་སིམ་མེར། ལོངས་ཤོག་ལོངས་ཤོག་རང་དབང་དང་ཞི་བདེ་ལ་དུང་མཁན་ཚོ། མིའི་རིགས་ལ་སྡུག་རྩུབ་དང་མནར་གཅོད་གཏོང་མཁན་ཚོ་གོ་ལ་འདིའི་སྟེང་ནས་རྒྱང་ཕུད་གཏོང་དགོས།། ཚང་མ་མཉམ་དུ་ལོངས་ཤོག།

    Reply
  11. ལུང་རྟོགས། says:
    ལོ་ 14 སྔོན།

    ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

    Reply
  12. གྲྭ་རྒོད says:
    ལོ་ 14 སྔོན།

    མི་རིགས་ཞིག་གི་བདེན་དོན་ཆེད་དུ་ལྷག་བསམ་རྣམ་པར་དག་པའི་རང་ལས་མེར་བསྲེག་དེ་བོད་མི་ཡོད་དོ་ཅོག་གི་སེམས་ཚོར་ཡོད་པའི་སྒོ་ནས་ཤེས་དགོས་པ་དང་ཁོང་རྣམས་ཀྱི་ལས་དོན་འབྲས་ཅན་དུ་འགྲོ་ཆེད་རམ་འདག་བྱེད་དགོས་པ་གལ་ཆེད་ནང་གི་དོན་ཆེན་རེད།
    གསལ་བསྒྲགས་རྒྱ་བོད་དབྱིན་གསུམ་ཐོག་གཏོང་དགོས་པ་སོགས་མདོར་ན་དགོས་ངེས་ཀྱི་ལག་ལེན་སྒྲིག་འཛུགས་དང་སྒེར་གཉིས་ཀྱི་ཐོག་གང་ཡིན་གྱི་ཕྱོགས་ལ་འཐུས་ཤོར་མེད་པ་ཞིག་བྱེད་རོགས་ཞུ། ང་་ལྟ་བུའི་ཡང་ལས་གང་འགལ་དོན་འབྲས་ཅན་གང་ཡིན་ལ་མཉམ་ཞུགས་བྱེད་ངེས་ཡིན།

    Reply
  13. sangkye says:
    ལོ་ 14 སྔོན།

    ཨོྃ་མཎྀ་པདྨེ་ཧཱུྃ། ཨོྃ་མཎྀ་པདྨེ་ཧཱུྃ། ཨོྃ་མཎྀ་པདྨེ་ཧཱུྃ། ཨོྃ་མཎྀ་པདྨེ་ཧཱུྃ། ཨོྃ་མཎྀ་པདྨེ་ཧཱུྃ། ཨོྃ་མཎྀ་པདྨེ་ཧཱུྃ། ཨོྃ་མཎྀ་པདྨེ་ཧཱུྃ། ཨོྃ་མཎྀ་པདྨེ་ཧཱུྃ། ཨོྃ་མཎྀ་པདྨེ་ཧཱུྃ། ཨོྃ་མཎྀ་པདྨེ་ཧཱུྃ།

    Reply
  14. ལོག་འཇོམས་རལ་གྲི། says:
    ལོ་ 14 སྔོན།

    ཁོང་གཉིས་འཕགས་པ་སྤྱན་རས་གཟིགས་ཀྱི་ལམ་སྣ་དྲོངས།

    བོད་མི་རིགས་རྒྱལ་གྱུར་ཅིག བདེན་པ་རྒྱལ་གྱུར་ཅིག
    རྒྱལ་ནས་ཀྱང་བོད་མི་རིགས་ནམ་ཡང་ནུབ་པ་མེད་པའི་ཉི་མ་བཞིན་བརྟན་པར་གྱུར་ཅིག

    Reply
  15. ལི་ཐང་གི་ལུག་རྫི། says:
    ལོ་ 14 སྔོན།

    དཔའ་བོ་ཚོ་རྒྱལ་གྱུར་ཅིག ཁྱེད་རྣམ་པའི་སེམས་ཀྱི་ཚོར་བ་དེ་ངས་ནམ་ཡང་བརྗོད་མི་ཤེས། ཁྱེད་རྣམ་པའི་ལུས་ཀྱི་སྡུག་བསྔལ་དེ་ལ་ངས་ནམ་ཡང་ལྟ་མི་བཟོད། ཡོད་ཚད་བདེན་པའི་ཆེད་དུ་བློས་བཏང་བར་ནམ་ཡང་བརྗེད་མི་སྲིད། བདེན་པའི་ཆེད་དུ་སྲོག་བཏང་བ་བདེན་པ་ལ་རྒྱལ་ཁ་ཐོབ་པའི་སྔོན་འགྲོ་སྔར་ནས་ཡིན་ན། བོད་མི་རིགས་ལ་ཅིའི་ཕྱིར་མིན། བདེན་པ་ལ་ཡིད་ཆེས་བྱོས་དང་། བདེན་པ་ནི་བདེན་རང་ཡིན་པས། བདེན་པས་ང་ཚོ་ནམ་ཡང་སླུ་མི་སྲིད།
    ང་ནི་བོད་པ་ཞིག་ཡིན་ལ། བོད་མི་རིགས་དང་མཉམ་ཆུང་མི་རིགས་སུ་ཞིག་ལ་ཆག་སྒོ་དང་གཉའ་གནོན་ཆེན་པོ་རེ་བྱུང་དུས། སེམས་གཏིང་ནས་བརྗོད་དཀའ་བའི་ཚོར་བ་འདྲ་མིན་སྐྱེས་མཁན་གྱི་འགྲོ་བ་མི་ཞིག་ཡིན།
    འོན་ཀྱང་དེ་སྔོན་རང་གི་མི་རིགས་ལ་ཕན་པའི་ལས་དོན་གང་ཡང་བསྒྲུབས་ཐུབ་མ་མྱོང་། ངས་དེ་རིང་ནས་བཟུང་ཏེ་བོད་མི་རིགས་སུ་འདྲ་ཞིག་ཡིན་ཡང་། དོན་མེད་ཀྱི་ཁ་བརྩོད་ཙམ་ཡང་མི་བྱེད་རྒྱུའི་དམ་བཅའ་འབུལ་གྱི་ཡིན། དེ་ནི་ངས་དམ་པ་ཁོང་གཉིས་ཀའི་རེ་བའི་ཟུར་ཙམ་དངོས་སུ་ལག་བསྟར་བྱས་པ་ཞིག་ལ་ང་རང་གིས་ངོས་འཛིན་བྱེད་བཞིན་ཡོད། བོད་རིགས་སྤུན་ཟླ་རྣམ་པས་བོད་མི་རིགས་ཀྱི་ཆེད་དུ་རང་གིས་ནུས་ཚོད་ཀྱི་ལས་ལ་བརྩོན་རོགས་ཤེས་ངས་ཀྱང་རེ་སྐུལ་ཞུའོ།

    Reply
  16. སྙིང་མིག says:
    ལོ་ 14 སྔོན།

    སྙིང་རྗེ་ཆེན་པོ་ཡོད་ན་ད་མཆོངས་ཤོག།
    བྱང་ཆུབ་སེམས་མཆོག་ཡོད་ན་ད་ལོང་ཤོག།
    ཡི་དམ་ལྷ་ཚོགས་ཡོད་ན་ད་བཞེངས་ཤོག།
    ཆོས་སྐྱོང་སྲུང་མ་ཡོད་ན་མ་བྲོས་ཤིག།

    Reply
  17. གསལ་ལེ་རྒྱལ། says:
    ལོ་ 14 སྔོན།

    གང་ན་བྱིན་རླབས་འོད་ཀྱིས་འཁྱུག་པ་ཡི།།
    ཉམས་མེད་རྒྱལ་བ་བདེ་གཤེགས་འཁོར་བཅས་ཀྱིས།།
    ཐར་ལམ་མཐོང་སྨོན་ཡིད་དགའ་ཆོས་འཛིན་ནས།།
    དཔའ་བོ་དཔའ་མོ་བསུ་བའི་སྟ་གོན་མཛོད།།

    ཨོྃ་མ་ཎི་པདྨེ་ཧཱུྃཿ་ ཨོྃ་མ་ཎི་པདྨེ་ཧཱུྃཿ ཨོྃ་མ་ཎི་པདྨེ་ཧཱུྃཿ་

    དམར་བོ་མེ་ཡི་ཚལ་ནས་འཕུར་བ་ཡི།།
    གངས་རིའི་རྣམ་ཤེས་ཚ་བའི་འཇིགས་པ་ཅན།།
    ཐ་དག་མ་ལུས་བརྩེ་བའི་བདག་ཉིད་བ།།
    རྒྱལ་ཀུན་ཐུགས་བརྗེ་ཆར་གྱིས་བརླན་པར་མཁྱེན།།

    ཨོྃ་མ་ཎི་པདྨེ་ཧཱུྃཿ་ ཨོྃ་མ་ཎི་པདྨེ་ཧཱུྃཿ ཨོྃ་མ་ཎི་པདྨེ་ཧཱུྃཿ་

    Reply
  18. ཤག་སྒང་པ། says:
    ལོ་ 14 སྔོན།

    གུས་བཏུད་ཏོ།།

    མི་རིགས་ཤིག་གི་བདེན་དོན་ལ་འདི་ལྟར་བློས་བཏང་ཆེན་པོ་གནང་བར་སྙིང་ནས་བཀའ་དྲིན་ཆེའོ།།

    ནམ་ཡང་བརྗེད་དུ་མི་ཉན་ནོ།།

    བདེན་པ་རྒྱལ་གྱུར་ཅིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese