མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸པཎ་ཆེན་སྐུ་ཕྲེང་བཅུ་བའི་མ་ཡུམ་སྐུ་གཤེཊ་པ།

བོད་ཀྱི་དུས་བབ།
༢༠༡༢/༠༦/༢༩
Share on FacebookShare on TwitterShare on EmailShare on Whatsapp

༸པཎ་ཆེན་སྐུ་ཕྲེང་བཅུ་བའི་མ་ཡུམ་བསོད་ནམས་སྒྲོལ་མ་མཆོག་དེ་རིང་ཞོགས་པར་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་སྐུ་གཤེཊ་འདུག

དེ་རིང་ཕྱི་ཚེས་ ༢༩ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༨ པ་ཡས་མས་སུ་ ༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་བློ་བཟང་འཕྲིན་ལས་ལྷུན་འགྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་གི་མ་ཡུམ་བསོད་ནམས་སྒྲོལ་མ་མཆོག རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་སྐུ་གཤེགས་ཡོད་པ་དང་། ད་ལོ་དགུང་ལོ་ ༩༧ ཡིན་འདུག  

དེ་རིང་ཞོགས་པར་གནས་ཚུལ་བྱུང་རྗེས་ཁོང་གི་སྐུ་ཕུང་པེ་ཅིན་ནས་ཟི་ལིང་དུ་གདན་འདྲེན་ཞུས་ཡོད་འདུག་ལ། གནས་ཚུལ་གོ་འཕྲལ་ཁོང་གི་འཁྲུངས་ཡུལ་མཚོ་སྔོན་མཚོ་ཤར་ས་ཁུལ་ཡ་རྫི་རྫོང་བིས་མདོ་ཞང་མ་རུ་སྡེ་བ་དང་བིས་མདོ་དགོན་ཆེན། དེ་བཞིན། རྡོ་སྦིས་དང་བསེ་ཆང་། ཀ་རིང་། རྐང་ཚ་བཅས་ཞང་བཞིའི་དགོན་གྲོང་གཉིས་ཀྱིས་བསྔོ་སྨོན་མཆོད་འབུལ་གནང་བཞིན་ཡོད་འདུག

མ་ཡུམ་བསོད་ནམས་སྒྲོལ་མ་མཆོག་གིས། ད་ལྟའི་བར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་བོད་རང་སྐྱོང་ལྗོངས་ཀྱི་འགན་འཛིན་གཞོན་པ་བཅས་ཀྱི་འགན་བཞེས་ཡོད་པ་མ་ཟད། ༸པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་དང་ཁོང་གི་ཡབ་གུར་མགོན་ཚེ་བརྟན་རྣམ་གཉིས་དགོངས་པ་ཆོས་དབྱིངས་སུ་འཐིམས་རྗེས། ༸པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་ཐུགས་རྗེ་བཀའ་དྲིན་ལ་རྟེན་ནས་བོད་ལྗོངས་དང་མཚོ་སྔོན། ཟི་ཁྲོན། ཀན་སུའུ། ཡུན་ནན་བཅས་སུ་གསར་འཛུགས་གནང་ཡོད་པའི་སློབ་གྲྭ་ཁག་དང་། དགོན་སྡེ་ཁག  དེ་བཞིན། ཁོང་གི་འཁྲུངས་ཡུལ་ (ཡ་རྫི་) རྫོང་ཞོན་ཧྭ་བོད་ཡིག་སློབ་འབྲིང་དང་བིས་མདོ་དགོན་ཆེན་བཅས་ཀྱི་འཛུགས་སྐྲུན་དང་། ས་གནས་མང་ཚོགས་ཀྱི་བདེ་སྡུག་སོགས་ཕྱོགས་ཡོངས་ལ་ཐུགས་ཁུར་ཟབ་བཞེས་གནང་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

ཆུ་ཚོད་ ༡༤ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༡༧ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

ཆུ་ཚོད་ ༢༡ སྔོན་ལ།
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦

མཆན། 16

  1. འཁྱམས་པོ་ says:
    ལོ་ 14 སྔོན།

    ཁྱོད་ལྟ་བུའི་གཟུགས་མེད་ཀྱི་བུ་ཡུག་ལ་བརྩོད་རིན་མིན་འདུག་། ང་མཐོང་ཐོས་ཆུང་བས་ཁྱོད་ལྷག་པ་གང་འཁྱེར་བཞིན་སླེབས་ནི་མ་རེད་། དེ་ལས་བདེ་བའི་གཉིད་ལ་བཞུགས་ན་ལེགས་། ཧཧཧཧ ཀྲ་ཀྲ་

    Reply
  2. བུ་ཡུག says:
    ལོ་ 14 སྔོན།

    འཁྱམས་པོ་ནི་འཁྱམས་པོ་རང་རེད་རྒྱ་ཡིག་ཆ་ཀ་ཡ་རྡུབ་ཞིག་བྲིས་ནས་ད་དུང་ཡིན་མདོག་མདོག་བྱས་དེ་ལས་བོད་ཡིག་ཁམས་གཙང་ཞིག་ཕྲིས་དང་དེས་དགའ་ས་རེད། ཁྱོད་ལ་མཐོང་ཐོས་ཀྱི་འཁོར་ཡུག་ཆུང་བ་ཁྱོད་ཀྱི་བྲིས་པའི་རྡོ་ཆག་རྐང་བསྒྲིགས་ཀྱི་ཚིག་དུམ་འདི་ཚོའི་ར་སྤྲོད་བྱེད་ཀྱི་འདུག་ད་དུང་གར་སྟེགས་འདིའི་སྟེང་དུ་འབུད་རྒྱོ་སྔ་ཚོད་རེད་

    Reply
  3. འཁྱམས་པོ་ says:
    ལོ་ 14 སྔོན།

    བུ་ཡུག་ཁོ་རེ་ཁྱོད་ཀྱི་ངའི་མིག་ཡ་གཅིག་ལ་སྐྱོན་ཡོད་ཟེར་ན་། ཁྱོད་རང་མིག་གཉིས་ལ་སྐྱོན་ཡོད་པ་ཡིན་ནམ་ཡང་ན་བོད་ཡིག་ཡག་པོ་ཤེས་ཀྱི་མེད་ནམ་ཧ་མི་གོ་། མ་ཡུམ་གི་ཕྱག་ལས་ག་རེ་གནང་མིན་གོང་གི་གསར་འགོད་ནས་གསལ་ཐག་ཆོད་བྲིས་ཡོད་པ་ཁྱོད་ཀྱི་མི་མཐོང་ངམ་། ཡག་པོ་ཞིག་བལྟ་ཀློག་རྒྱབ་ནས་བསམ་བློ་མཐོང་ཞིག་།། མ་གཞི་ནས་ཁྱོད་བོད་ནས་ད་ལྟ་རང་སླེབས་པ་ཡིན་ཟེར་ནས་ 中央政协委员西藏自治区副主任 དགུང་ལོ་ ༩༧ལ་སླེབས་པ་ཞིག་ལ་ལས་ཀ་ག་རེ་བྱེད་དགོས་པའི་རེ་བ་རྒྱབ་གི་ཡོད་དམ་།
    如果你是藏族人,不要忘了曾今为我们流过血汗的这些老人。

    Reply
  4. མལ་གྲོའི་བཙུན་པ་ says:
    ལོ་ 14 སྔོན།

    ཁྱེད་སྐུ་གཤེགས་པར་སེམས་གཏིང་ནས་མྱ་ངན་བཞུ་བཞུ།།

    Reply
  5. བུ་ཡུག says:
    ལོ་ 14 སྔོན།

    འཁྱམས་པོ་གླེན་པ་ཁྱོའི་ཉོན་ངས་མ་ཡུམ་གྱིས་ཕྱག་ལས་ཅི་ཞིག་གནང་ཡོད་མེད་མ་ཤེས་ཟེར་བ་མ་གཏོགས་པཎ་ཆེན་ཁོང་གིས་གང་ཞིག་གནང་ཡོད་མེད་ལ་དོགས་པ་མི་དགོས། མིག་ཡ་གཅིག་ལ་སྐྱོན་ཤོར་ཡོད་ན་མ་གཏོགས་ལེགས་པར་གཟིགས་ན་ཡག། ཁྱོད་ཀྱིས་ང་ལ་བོད་ཡུལ་མཐོང་མྱོང་ཡོད་ས་མ་རེད་ཟེར་བའི་གཏམ་དེས་ང་དགོད་ཁ་ཡང་ཡང་ཤོར་སོང་ང་བོད་ནས་སླེབས་ནས་ལོ་གཅིག་ལས་ལྷག་འགྲོ མ་སོང་་་ཧ་ཧ་ཧ་སྙིང་རྗེ་་་་

    Reply
  6. ཡུལ་གྱར་བ། says:
    ལོ་ 14 སྔོན།

    དྲ་གྲོགས་འཁྱམས་པོས་གོ་ནོར་ཐེབས་པ་འདྲ། བུ་ཡུག་ཟེར་བས་ཡུམ་ཆེན་འདིས་བོད་སྤྱི་བའི་དོན་ལ་ཕྱག་ལས་ཅི་ཞིག་གནང་ཡོད་མེད་ད་བར་ཏུ་གོ་རྒྱུ་མ་བྱུང་ཟེར་བ་ལས་པན་ཆེན་ཐམས་ཅད་མཁྱེན་པའི་སྐོར་ལ་གང་ཡང་བཤད་མི་འདུག་པས་ཐུགས་ལྷོད་བཞུགས།།

    Reply
  7. ནད་པ says:
    ལོ་ 14 སྔོན།

    ལོ་གསུམ་གྱིས་མ་གཏོགས་ལོ་བརྒྱ་འཚོ་ཞིང་སྟོན་བརྒྱ་མཐོང་བའི་མི་ལུས་ཞིག་བླངས་པ་རེད། སྐུ་ངོ་ང་ཕོད་ངག་དབང་འཇིགས་མེད་མཆོག་ཡང་ལོ་བརྒྱ་འཚོ་བ་དང་སྟོན་བརྒྱ་མཐོང་མྱོང་བའི་མི་ལུས་ཞིག་རེད།

    ཡུམ་ཆེན་འདིས་པཎ་ཆེན་སྐུ་འཕྲེང་བཅུ་པ་དང་། བཅུ་གཅིག་པ་པཎ་ཆེན་ཆོས་ཀྱི་རྒྱལ་པོ་ཡང་མཇལ། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཇལ་མྱོང་ཡོད་མེད་མི་ཤེས་ནའང་གོ་མྱོང་བ་རེད།

    ཡུམ་ཆེན་གཅིག་གིས་པན་ཆེན་ཁག་གསུམ་གྱི་གནས་སྟངས་མཐོང་ཐོས་བྱུང་བ་དེ་ཡང་ལས་སླ་པོ་གཅིག་ག་ནས་ཡིན།

    གང་ལྟར་བཀའ་དྲིན་རྗེས་དྲན་དང་མྱ་ངན་ཞུ། ཨོཾ་མ་ཎི་པདྨེ་ཧུཾ།

    Reply
  8. རས་པ། says:
    ལོ་ 14 སྔོན།

    བཀུར་འོས་གསར་འགོད་པ་ལགས། མ་དང་ཡུམ་གཉིས་ཞེ་ས་དང་ཞེ་ས་མ་ཡིན་པའི་ཁྱད་པར་ཡིན་པས་མ་ཡུམ་ཞུ་བ་ལས། ཡུམ་ཆེན་ཞུས་ན་ཡག་པོ་མེད་དམ།

    Reply
  9. ཨ་ལ་ལ says:
    ལོ་ 14 སྔོན།

    ༸པཎ་ཆེན་རིན་པོ་ཆེ་དང་ཡབ་ཡུམ་རྣམ་པར་བཀའ་དྲིན་རྫེས་དྲན་ཞུ།
    གསར་འགོད་པ་ལགས། ཡབ་མགོན་པོ་ཚེ་བརྟན་བྲིས་འདུག་པས་ཡབ་གུར་མགོན་ཚེ་བརྟན་རེད། མགོན་པོ་ཚེ་བརྟན་ནི་རིན་པོ་ཆེ་མཆོག་གི་ཐོག་མའི་མཚན་རེད། རྗེས་ཕྱོགས་གསར་འགྱུར་སྤེལ་དུས་ཐུགས་གཟབ་གནང་རོགས་འབོད་སྐུལ་ཞུ་རྒྱུ་ཡིན།

    Reply
  10. གཙང་ཞོལ་བདེ་གསལ། says:
    ལོ་ 14 སྔོན།

    ཀུན་གཟིགས་བཀའ་དྲིན་ཅན་གྱི་མ་ཡུམ་ལགས་སྐུ་གཤེགས་པར་སེམས་གཏིང་ནས་མྱ་ངན་ཞུ།

    Reply
  11. sangkye says:
    ལོ་ 14 སྔོན།

    པན་ཆེན་སྐུ་འཕྲེང་བཅུ་བ་མཆོག་གི་མ་ཡུམ་བསོད་ནམས་སྒྲོལ་མ་དམར་ཕྱོགས་རྒྱལ་ས་པེ་ཅེན་ནས་སྐུ་གྲོང་འདུག། ཉིད་གྱིས་ངོས་ནས་མྱ་ངན་གུས་འདུན་ཞུ། ཨོཾ་མཎི་པདྨེ་ཧཱུཾ་། ཨོཾ་མཎི་པདྨེ་ཧཱུཾ་། ཨོཾ་མཎི་པདྨེ་ཧཱུཾ་། ཨོཾ་མཎི་པདྨེ་ཧཱུཾ་།

    Reply
  12. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ༸པཎ་ཆེན་སྐུ་ཕྲེང་བཅུ་པའི་མ་ཡུམ་གཤེགས་པར་མྱ་ངན་གུས་དུད་ཞུ།

    Reply
  13. འཁྱམས་པོ་ says:
    ལོ་ 14 སྔོན།

    བུ་ཡུག་ཞེས་པའི་ཀླ་ཀློ་ཁྱོད་ཉོན་ཞིག་། ད་ལྟ་རྒྱལ་ཡུམ་ཁོང་སྐུ་ཚེའི་ཕན་པ་རྫོགས་ནས་དུས་ཚོད་ཕྲན་བུ་ལས་མ་སོང་བར་ཁྱོད་ཀྱི་ཁོང་དང་པན་ཆེན་ཁོང་གི་དཀའ་དྲིན་བརྗེད་པ་ནི་ང་བོད་མི་ཚང་གི་ངོ་ཚ་རེད་། མ་གཞི་ནས་ཀླ་ཀློ་ཁྱོད་ནི་བོད་ཡུལ་མཐོང་མྱོང་མེད་པར་ཀླ་ཀློའི་ཡུལ་དུ་སྐྱེས་པའི་ན་ལེ་ཞིག་ཡིན་པ་འདྲ་།

    Reply
  14. བསང་ཆུ་འབྲུག་བྷེ། says:
    ལོ་ 14 སྔོན།

    བོད་གངས་ཅན་ལྗོངས་ལ་བཀའ་དྲིན་བསམ་གྱི་མི་ཁྱབ་པའི་སྐྱེས་ཆེན་དམ་པ།མི་རིགས་ཀྱི་དཔའ་བོ་པན་ཆེན་སྐུ་ཕྲེང་བཅུ་བའི་མ་ཡུམ་ཨ་མ་བསོད་ནམས་སྒྲོལ་མ་སྐུ་གཤེགས་པར་སེམས་གཏིང་ནས་མྱ་ངན་ཞུ།

    Reply
  15. རྒྱང་མིག says:
    ལོ་ 14 སྔོན།

    དོན་གོ་ལགས། བིས་མདོ་ཞང༽ ཞེས་བིས་མདོ་ཡུལ་ཚོ་ཞེས་བཀོད་ན་མི་བདེ་འམ། ཞང་ཞེས་པ་རྒྱ་སྐད་མ་རེད་དམ། བོད་སྐད་གཙང་མའི་ཐོག་ནས་དུས་བབ་ཚང་ལ་ཅུང་གདེངས་འཇོག་བྱེད་ཀྱིན་ཡོད་པས་ཡིན། དགོངས་འགལ་མེད་པར་ཞུ། གཞན་བཏགས་ནོར་ཁ་ཤས་འདུག་བཅོས་རོགས།

    Reply
  16. བུ་ཡུག says:
    ལོ་ 14 སྔོན།

    གོ་གནས་ཧ་ཅང་མཐོ་ས་རེད་ཡིན་ནའང་བོད་སྤྱི་བའི་དོན་ལ་ཕྱག་ལས་ཅི་ཞིག་གནང་ཡོད་མེད་ད་བར་ཏུ་གོ་རྒྱུ་མ་བྱུང་ད་གང་ལྟར་ཞིང་གཞན་དུ་གཤེགས་ཚར་བ་རེད་་་་མ་ཎི་རེ་འདོན་རྒྱུ་ལས་གཞན་ཅི་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese