མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐུ་ཚེ་ཁྲི་ལོར་ཤོགས།

བོད་ཀྱི་དུས་བབ།
༢༠༡༢/༠༧/༠༥
Share on FacebookShare on TwitterShare on EmailShare on Whatsapp


དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གཙོས་པའི་བཙན་བྱོལ་བོད་མི་འདུས་སྡོད་ཀྱི་རྒྱལ་ཁབ་དང་ས་གནས་ཁག་ཏུ་སྐུའི་འཁྲུངས་སྐར་
༧༧ པ་དེ་ཟབ་རྒྱས་ངང་སྲུང་གཙི་ཞུ་བཞིན་པའི་སྐབས་འདིར།  བོད་ནང་མགོ་ལོག་ཁུལ་གྱི་སྒྱུ་རྩལ་པ་ཁག་ཅིག་གིས་ཀྱང་ཆེད་དུ་རྡུང་ལེན་གསར་རྩོམ་དང་བརྙན་ཕབ་འགྲེལ་སྤེལ་གྱིས་ལམ་ནས་ད་ལོའི་སྐུའི་འཁྲུངས་འདི་སྲུང་གཙི་གནང་ཡོད་འདུག

བོད་ནས་ད་ལོའི་འཁྲུངས་སྐར་ཆེད་གསར་དུ་བརྙན་ཕབ་བྱས་པའི་རྡུང་ལེན་གཉིས་ནི། རྡུང་ལེན་པ་ལོ་ལོ་ལགས་ཀྱིས་༼ སེམས་ན་ཡོད།༽ཅེས་པ་དང་། རྡུང་ལེན་པ་ཚེ་རིང་རྡོ་རྗེ་ལགས་ཀྱི་༼ཁྲི་ལོར་ཤོགས།༽ཞེས་པ་གཉིས་ཡིན་ཞིང་། རྡུང་ལེན་དེ་གཉིས་ཀྱི་ཚིག་རྩོམ་མཁན་ནི་མགོ་ལོག་༼རྨ་ཡུལ་སེང་ཆེན་སྒྱུ་རྩལ་ཚོགས་པའི་༽མཆོད་རྟེན་ལགས་ཡིན་འདུག འདི་ག་གསར་འགོད་པས་ཆེད་དུ་བོད་ནང་ཁ་པར་བརྒྱུད་ནས་རྒྱུས་ལོན་བྱས་སྐབས། ཚིག་རྩོམ་མཁན་མཆོད་རྟེན་ལགས་ཀྱིས།  “ རྡུང་ལེན་འདི་གཉིས་ཉིན་གཉིས་དང་གསུམ་གྱི་སྔོན་ཏག་ཏག་ལ་གསར་དུ་བརྙན་ཕབ་བྱས་པ་ཡིན།  དེ་ཡང་ཆེད་དུ་ད་ལོའི་ཡིད་བཞིན་ནོར་བུའི་སྐུའི་འཁྲུངས་སྲུང་གཙིའི་ཆེད་གསར་རྩོམ་དང་བརྙན་ཕབ་འགྲེམ་སྤེལ་བྱས་པ་ཞིག་ཡིན” ཞེས་ངོ་སྤྲོད་གནང་བ་དང་། རྡུང་ལེན་དེ་གཉིས་གཞིས་ལུས་བོད་མི་ཡོངས་ཀྱིས་༧གོང་ས་ཡིད་བཞིན་ནོར་བུ་མཆོག་ལ་བཅངས་པའི་སེམས་འདུན་དང་ཡིད་སྨོན་མཚོན་བྱེད་ཙམ་ཡིན་ཟེར།

དེ་བཞིན། ད་ལྟ་རྒྱ་ནག་གཞུང་ལ་ངོ་རྒོལ་ཆེད་བོད་ནང་རང་སྲེག་ལས་འགུལ་རྒྱུན་མཐུད་ནས་བསྟུན་མར་བྱུང་བཞིན་པ་དང་། རྒྱ་ནག་གཞུང་གིས་ཀྱང་བོད་ས་ཡོངས་ལ་དམ་དྲག་ཤུགས་ཆེན་བྱེད་བཞིན་པ་མ་ཟད།  རྒྱ་ནག་གཞུང་ལ་ཚོར་ཤུགས་ཆེ་བའི་སྐུའི་འཁྲུངས་སྐར་ལ་ཆེད་དུ་སྲུང་གཙི་བྱེད་སྐབས་མི་སྒེར་གྱི་བདེ་འཇགས་ལ་བསམ་བློ་བཏང་མིན་དྲིས་སྐབས། ཁོང་གིས། “དེ་ལ་བསམ་བློ་བཏང་མེད། ཡིད་བཞིན་ནོར་བུ་མཆོག་མགོ་ནག་བོད་པ་ཚང་མའི་སྐྱབས་གནས་ཉར་གཅིག་དེ་རེད། ཁོང་གི་སྐུའི་འཁྲུངས་སྐར་སྲུང་གཙི་ཞུ་རྒྱུ་དེ་བོད་པ་ཚང་མས་དགའ་བཞིན་དད་བཞིན་བྱེད་རྒྱུའི་ལས་ཀ་ཞིག་དང་། དེ་ཡང་བོད་པ་ཚོའི་རྒྱུན་ལྡན་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་ཞིག་རེད། མ་ཟད་ད་ལོའི་རྡུང་ལེན་འདི་གཉིས་ནང་ཆབ་སྲིད་ཀྱི་ནང་དོན་གང་ཡང་འདྲེས་མེད། དེར་བརྟན་ང་ཚོས་རང་རང་གི་བདེ་འཇགས་ལ་དཀའ་ངལ་འཕྲད་མིན་ལ་བསལ་བློ་བཏང་མེད” ཅེས་བརྗོད་སོང་།

འདས་ལོར་ཡང་མགོ་ལོག་ཁུལ་གྱི་སྒྱུ་རྩལ་པ་ཁག་ཅིག་གིས་རྡུང་ལེན་བརྙན་ཕབ་ཀྱི་ལམ་སྐུའི་འཁྲུངས་སྐར་སྲུང་གཙི་གནང་ཡོད་པ་དང་། ད་ལོའི་རྡུང་ལེན་འདི་གཉིས་མཆོད་རྟེན་ལགས་ཀྱིས་བརྙན་ཕབ་གྲུབ་མཚམས་འགྲེལ་སྤེལ་ཆེད་ཧྥ་རན་སིར་བསྐུར་ཡོད་ཅིང་། ཧྥ་རན་སིའི་བོད་དོན་རྒྱབ་སྐྱོར་བ་གླིང་ལྷ་མོ་ལགས་ཀྱིས་ཕྱི་ཚེས་ ༣ ཉིན་ཡུ་ཊོབ་བརྒྱུད་འགྲེལ་སྤེལ་བྱས་ཡོད་འདུག

ཁྲི་ལོར་ཤོགས། http://www.youtube.com/watch?v=CGrBRf8jEuU&feature=youtu.be

 སེམས་ན་ཡོད། http://www.youtube.com/watch?v=TFeKWibV_mQ&feature=youtu.be

 

ཧྥ་རན་སིའི་གསར་འགོད་པ་ཟླ་བ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༡༩ སྔོན་ལ།
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༡༩ སྔོན་ལ།
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢

མཆན། 3

  1. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    དཔའ་རྒོད་ཚོ་ལ་བཀའ་དྲིན་ཞུ།

    Reply
  2. ཚ་བ་མི་ཆུང་ཁ་བདེ says:
    ལོ་ 14 སྔོན།

    དཔལ་རྒོད་འདི་ཚོའི་སྙིང་སྟོབས་ལ་དངོས་གནས་རྗེ་སུ་ཡིས་རམ་ཡོད་
    བོད་ནང་གི་སྙིང་སྟོབས་ཅན་གྱི་གླུ་བ་དང་གླུ་མ་རྣམས་ཀྱིས་སྙེས་པོ་དབྱངས་ཀྱི་རྒྱུད་དེ་བོད་པའི་གནས་སྟང་འབྲེལ་བཤད་རྒྱག་བཞིན་འདི་ཆེས་སྟོབས་ཤུགས་ཅན་གྱི་ལས་འགོལ་ཞིག་རེད་།་
    འོན་ཀྱང་ཁོང་ཚོའི་བདེ་འཇག་ལ་སེམས་འཕྲལ་དེ་བས་ཇེ་ཆེ་རེད་ྲ

    Reply
  3. བསེ་རུ། says:
    ལོ་ 14 སྔོན།

    ཚོར་འདུ་གླུ་རུ་ལེན་མཁས་དཔའ་རྒོད་ཚོ།།
    ཚེ་སྲོག་ཡལ་བར་བོར་བའི་དཔའ་རྒོད་ཚོ།།
    རིགས་ཀྱི་དོན་ཆེན་སྒྲུབ་མཁས་དཔའ་རྒོད་ཚོ།།
    དྲིན་ཅན་རྩ་བའི་བླ་མས་ཐུགས་རྗེས་སྐྱོངས།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese