མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀོ་ཅི་རུ་བདེན་པའི་མེ་ལྕེ་སྐོར་སྐྱོད།

བོད་ཀྱི་དུས་བབ།
༢༠༡༢/༠༧/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་ཏེ། རྒྱ་གར་ལྷོ་ཕྱོགས་ཀོ་ཅི་རུ་བོད་མི་མང་སྤྱི་འཐུས་ཀྱི་སྣེ་ཁྲིད་འོག་བདེན་པའི་མེ་ལྕེ་སྐོར་སྐྱོད་མགོ་འཛུགས་གནང་འདུག

ཁ་སང་སྐུའི་འཁྲུངས་སྐར་ཉིན་མོར་རྒྱ་གར་ལྷོ་ཕྱོགས་ཀོ་ཅི་(Kochi)ས་གནས་སུའང་སྤྱི་འཐུས་ཀརྨ་ཡེ་ཤེས་ལཊ་ཀྱི་སྣེ་ཁྲིད་འོག བདེན་པའི་མེ་ལྕེ་སྐོར་སྐྱོད་ཀྱི་ལས་འགུལ་དེ་མགོ་འཛུཊ་གནང་ཡོད་ཅིང་། དཔལ་འབར་སྐོར་སྐྱོད་དབུ་འབྱེད་སྐབས་རྒྱ་གར་དབུས་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཟུར་པ་དང་། ཀེ་ར་ལ་མངའ་སྡེའི་བློན་ཆེན་ཟུར་པ། རྒྱ་གར་གཟེངས་རྟཊ་གྲཊ་ཅན་ (Padma Vibhushan) ཐོབ་མྱོང་མཁན་སྐུ་ཞབས་ (V. R. Krishna Iyer) ལཊ་བཅས་མཉམ་ཞུགས་གནང་ཡོད་འདུག

 

སྐབས་དེར་རྒྱ་གར་དབུས་གཞུང་གི་ཁྲིམས་དཔོན་ཟུར་པ་སྐུ་ཞབས་ (V. R. Krishna Iyer) ལཊ་ཀྱིས་གསར་འགོད་པའི་དྲི་བར་ལན་འདེབས་གནང་སྐབས། སྟོན་པ་ཤཀྱཱ་ཐུབ་པ་ནི་དཀོན་མཆོག་ནས་འགྲོ་བ་མིར་བྱིན་གྱིས་རླབས་པ་ཞིག་དང་། བོད་དང་བོད་མིའི་རིག་གཞུང་གིས་སྟོན་པ་ཤ་ཀྱཱ་ཐུབ་པ་མཚོན་གྱི་ཡོད། ༸ཏླ་ལའི་བླ་མ་མཆོག་གིས་འགྲོ་བ་མིའི་རིན་ཐང་དང་བྱམས་བརྩེ། འགྲོ་བ་མིའི་ཐོབ་ཐང་དང་འགྲོ་བ་མིའི་རིག་གཞུང་བཅས་ཀྱི་ཆེད་སྐུ་ལས་སྐྱོན་བཞིན་ཡོད་སྟབས། ངས་ཁོང་གི་མཚན་སྙན་འཛམ་གླིང་ཧྲིལ་པོར་རྒྱས་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། ༸ཏཱ་ལའི་བླ་མཆོག་ནི་གང་ཟག་ཞིག་དང་། རྒྱལ་ཁབ་ཅིག་གི་དབུ་ཁྲིད་ཙམ་མིན་པར། ཁོང་ནི་གོ་ལ་ཧྲིལ་པོ་འདིའི་རིག་གཞུང་ཐོག་སྐུ་ལས་སྐྱོན་མཁན་གྱི་འགྲོ་བ་མི་སྤྱི་ཡོངས་ཀྱི་སྐྱེས་བུ་ཞིག་ཆཊ་ཡོད། དེང་སྐབས་བོད་ནང་བོད་མི་རྣམས་སྡུག་སྔལ་གྱིས་མནར་ཏེ་འདས་གྲོངས་སུ་འགྲོ་དང་འགྲོ་མུས་ཡིན་ལ། བོད་མི་རྣམས་ད་ལྟའི་དུས་ཚོད་འདིར་བྲན་གཡོག་ལྟ་བུའི་ངང་གནས་ཡོད་དུས། ང་ཚོས་དེ་ལྟར་འགྱུར་དུ་འཇུག་རྒྱུ་ཡོད་པ་མ་རེད། བོད་མི་ཚོར་རང་དབང་ཆ་ཚང་གི་བདག་དབང་ཡོད། ང་ཚོས་དེར་ཐོག་རྒྱབ་སྐྱོར་བྱ་དགོས་པ་རེད། བོད་མིའི་རིག་གཞུང་སྲུང་སྐྱོབ་དང་རང་དབང་རང་བཙན་ལ་རྒྱབ་སྐྱོར་བྱ་ དགོས་ཞེས་བརྗོད་ཡོད།

ཕྱི་ཚེས་ ༥ ཉིན་སྤྱི་འཐུས་ཀརྨ་ཡེ་ཤེས་ལཊ་ཀྱིས་ས་གནས་གསར་འགོད་པ་ ༢༠ ཙམ་ལ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་དམིཊ་ཡུལ་དང་རྒྱབ་ལྗོངས་དང་། ད་ལྟའི་བོད་ནང་གི་གནས་སྟངས། ལས་འགུལ་གྱི་དགོས་འདུན་ཁག་ངོ་སྤྲོད་དང་། མཇུག་ཏུ་མང་ཚོགས་ཀྱི་སྣེ་ཁྲིད་དེ་གྲོང་ཁྱེར་ནང་དཔལ་འབར་སྐོར་གནང་འདུག  

 

བདེན་པའི་མེ་ལྕེ་སྐོར་སྐྱོད་ཀྱི་དགོས་འདུན་ཁག་ནི། ཕྱི་ལོ་༡༩༥༩ ལོ་དང་།  ༡༩༦༡། ༡༩༦༥ ལོ་བཅས་སུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བོད་དོན་ཐོག་བཞག་པའི་གྲོས་ཆོད་ཁག་སླར་ཡང་རྒྱལ་ཚོགས་ནས་གླེང་སློང་དང་ལག་བསྟར་མཇུག་གནོན་དགོས་པ། གཉིས། བོད་ནང་ད་ལྟའི་ཛ་དྲག་གནས་སྟངས་རྟོག་ཞིབ་སླད་རང་དབང་ཅན་གྱི་རྒྱལ་སྤྱིའི་སྐུ་ཚབ་ཁག་ཅིག་འཕྲལ་གཏོང་དགོས་པ། གསུམ། བོད་ནང་གི་བོད་མིའི་མངོན་འདོད་བསྒྲུབ་རྒྱུར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དམིགས་བསལ་འགན་འཁུར་བཞེས་དགོས་རྒྱུ་བཅས་ཡིན་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

༢༠༢༦/༠༨/༡༨
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧

མཆན། 4

  1. ནད་པ says:
    ལོ་ 14 སྔོན།

    བདེན་པའི་མེ་ལྕེ་གཞི་ལུས་བོད་མིས་སྦར།།
    རྫུན་མའི་མེ་ལྕེ་བཙན་བྱོལ་བོད་མིས་སྦར།།
    བདེན་པས་རང་ལུས་དམར་པོའི་མེ་ལ་སྒྲོན།།
    རྫུན་མས་མེ་སྟག་ཆུང་ཆུང་ལག་ཏུ་འཁུར།།

    Reply
  2. ཆོས་བཟང་། says:
    ལོ་ 14 སྔོན།

    སྤྱི་འཐུས་ནང་གི་མགོ་བདེ་ཤོས་དང་། དེ་ལས་ངན་མེད་པ་དེ་སྐུ་ངོ་ཀརྨ་ཡེ་ཤེས་རེད། ད་ཁོ་རང་འདིར་སླེབས་འདུག མི་ངན་མགོ་བདེ་ཁོས་གཞུང་དངུལ་འཕྲོ་བརླགས་གཏོང་གི་འདུག དེ་འདྲ་མ་བྱེད་མ་ཡེ་ཤེས་མགོ་བདེ། ངོ་མ་འདི་ཚོ་ལ་ངོ་ཚ་མེད་པ་རེད། ག་རེབདེན་པའི་མེ་ལྕེ་སྐོར་སྐྱོད། མི་ཁྱོད་བདེན་པ་ཡིན་མིན་བཙན་བྱོལ་ནང་གི་མང་ཚོགས་ཚོས་ཤེས་ངེས་རེད།

    Reply
  3. ཆོས་བཟང་། says:
    ལོ་ 14 སྔོན།

    དངོས་གནས་བདེན་པ་རེད་ཡར་ཀླུང་ལྷ་རྗེ་ལ་རྒྱབ་སྐྱོར་ཡོད་དེ་ནི་དེང་དུས་དབྱར་དུས་ལ་དྭགས་དང་ལྷོ་ཕྱོགས་སུ་གནམ་གཤིས་ཡག་དུས་སྤྱི་མཐུས་ཕོང་ཤ་ན་བསྡད་ཚོས་གཞུང་རྒྱུ་འཕྲོ་བརླག་གིས་ཡུལ་སྐོར་སྤྲོ་འཁྱམ་དུ་ཕྱིན་པ་ཙམ་ལས་དེ་ལ་དོན་འབྲས་གང་ཡང་མེད

    Reply
  4. ཡར་ཀླུང་ལྷ་རྗེ། says:
    ལོ་ 14 སྔོན།

    ལས་འགུལ་དེ་ནི་དུས་ཚོད་སྐྱེལ་ཙམ་ཡོང་རྒྱུ་གང་ཡང་མེད་ལ། ཚོགས་རྒྱུའི་དམིགས་གསལ་ཚོགས་ཆེན་དེ་ཡང་གྲུབ་འབྲས་གང་ཡང་ཐོན་རྒྱུ་མེད་གང་ཡིན་ཞུས་ན་དེ་སྔོན་གྱི་ཚོགས་པའི་ཚོགས་ཆེན་གྱིས་ལས་དོན་དེ་ཚོར་ད་བར་གྲུབ་འབྲས་ཆེ་བ་གང་ཡང་ཐོན་མེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese