མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལ་དྭཊ་སུ་བདེན་པའི་མེ་ལྕེ་སྐོར་སྐྱོད།

བོད་ཀྱི་དུས་བབ།
༢༠༡༢/༠༧/༠༧
Share on FacebookShare on TwitterShare on EmailShare on Whatsapp


ཁ་སང་སྔ་དྲོའི་ཆུ་ཚོད་ ༡༠ དང་ཕྱེད་ཀའི་སྟེང་ལ་དྭགས་རྒྱལ་ས་སླེ་
ཞི་བའི་ཚལ་གྱི་ཕོ་བྲང་མདུན་སར་དགའ་ལྡན་ཁྲི་རིན་པོ་ཆེ་དབུ་བཞུགས་ཐོག་སྐུའི་འཁྲུངས་སྐར་སྲུང་གཙི་ཞུས་ཡོད་འདུག་ལ། མཛད་སྒོའི་སྐུ་མགྲོན་གཙོ་བོ་ལ་དྭགས་རང་སྐྱོང་ཁུལ་གྱི་སྤྱི་ཁྱབ་འགན་འཛིན་རིག་འཛིན་དཔལ་འབར་མཆོག་དང་། ལ་དྭགས་ནང་པའི་ལྷན་ཚོཊ་ཀྱི་ཚོཊ་གཙོ་དོན་གྲུབ་ཚེ་རིང་ལཊ། ས་གནས་གཞིས་མགོ བོད་མི་མང་སྤྱི་འཐུས་པདྨ་འབྱུང་གནས་ལགས་དང་སྤྱི་འཐུས་ཨ་ཅཱ་རཱ་ཡེ་ཤེས་ཕུན་ཚོཊ། སྤྱི་འཐུས་བསོད་ནམས་རྒྱལ་མཚན། ས་གནས་མགོ་འཛིན་དང་གཞུང་དང་གཞུང་འབྲེལ་མིན་པའི་ཚོཊ་པ་ཁག་གི་སྐུ་ཚབ། དེ་བཞིན། བོད་པ་དང་ས་གནས་ཡུལ་མི། ཕྱི་རྒྱལ་བ་བཅས་ཁྱོན་མི་ ༣༠༠༠ ལྷག་འདུ་འཛོམས་བྱུང་ཡོད་འདུག

མཛད་སྒོའི་ཐོག་ལ་དྭགས་ས་གནས་མགོ་འཛིན་དོན་འགྲུབ་བཀྲ་ཤིས་ལགས་ཀྱིས་ད་ལོའི་སྐུའི་འཁྲུངས་སྐར་གཟབ་རྒྱས་གནང་དགོས་དོན་ནི། གཅིག་ནས་༸གོང་ས་མཆོག་གིས་བོད་མིའི་ཆབ་སྲིད་འགན་དབང་མང་ཚོགས་ཀྱིས་བདམས་པའི་མགོ་ཁྲིད་ཚོར་རྩིས་སྤྲོད་དང་། གཉིས་ནས་དབྱིན་ཡུལ་ཊེམ་པིལ་ཊེན་ཆེ་བསྟོད་གཟེངས་རྟགས་འབུལ་བཞེས་གནང་བ་བཅས་ཀྱིས་ཡིན་སྐོར་ངོ་སྤྲོད་དང་། དེ་བཞིན་སྐུ་མགྲོན་དུ་ཕེབས་པའི་ལ་དྭགས་ཡུལ་མི་ཁག་ཅིག་གིས་ཀྱང་སྐུའི་འཁྲུངས་དང་འབྲེལ་བའི་གཏམ་བཤད་གནང་རྗེས། ས་གནས་བོད་པ་དང་ལ་དྭགས་ཡུལ་མི། འཇར་མན་གླུ་གར་ཚོགས་པ་བཅས་ཀྱིས་མང་ཚོགས་ལ་གཞས་སྣ་ཁག་ཅིག་གཟིགས་འབུལ་ཞུས་ཡོད་འདུག

ཐེངས་འདིའི་འཁྲུངས་སྐར་སྐབས་ལ་དྭགས་ཟངས་དཀར་དང་། བྱང་ཐང་། ནུབ་ར།  བྱམས། ཧ་ནོ། མདའ་པདྨ། རྒ་ཀལ། འདུ་ར་སུ། འཛོ་གཞིས་ར། བྭ་ཀ ལྕོག་ཚལ་སོགས་ས་གནས་མི་འདྲ་བ་ ༡༡ ཙམ་གྱི་ཡུལ་མི་སྟོང་ཕྲག་ལྷག་འཛོམས་ཡོད་འདུག་ལ། དེ་ནི་ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་༸གོང་ས་མཆོག་ལ་དྭགས་སུ་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་པ་དེར་སྔ་ས་གྲ་སྒྲིག་བྱས་པ་ཞིག་ཡིན་འདུག

དེ་རིང་ཁ་པར་བརྒྱུད་ས་གནས་སུ་ཕེབས་པའི་བོད་མི་མང་སྤྱི་འཐུས་པདྨ་འབྱུང་གནས་ལགས་སུ་བཀའ་འདྲི་ཞུས་དོན་ལྟར་ན། ཉིན་དེའི་འཁྲུངས་སྐར་གྱི་དངོས་གཞིའི་མཛད་སྒོའི་ལས་རིམ་ཁག་གྲུབ་རྗེས་ལ་དྭགས་རང་སྐྱོང་སྤྱི་ཁྱབ་འགན་འཛིན་རིག་འཛིན་དཔལ་འབར་ལགས་ཀྱིས་བདེན་པའི་མེ་ལྕེ་སྐོར་སྐྱོད་དཔལ་འབར་དབུ་འབྱེད་གནང་སྟེ་ལས་འགུལ་དངོས་སུ་མགོ་འཛུགས་གནང་ཡོད་འདུག

བདེན་པའི་མེ་ལྕེ་གོ་སྒྲིག་ཚོགས་ཆུང་གིས་གནས་ཚུལ་བཏང་བའི་ནང་། “ ལ་དྭགས་ས་གནས་སུ་བདེན་པའི་མེ་ལྕེ་སྐོར་སྐྱོད་ཀྱི་ལས་འགུལ་ཉིན་དང་པོར་ཕོ་བྲང་ཞི་བའི་ཚལ་དུ་ས་གནས་འཐུས་ཚོགས་ཀྱིས་འགན་འཁུར་རྒྱུ་དང་། ཉིན་གཉིས་པར་སླེ་ཇོ་ཁང་དུ་ས་གནས་རང་བདེན་ཚོགས་ཆུང་གིས་འགན་འཁུར་རྒྱུ། ཉིན་གསུམ་པར་ཆངས་པ་ཕྱོགས་སུ་ས་གནས་མངའ་རིས་སྤྱི་མཐུན་ཚོགས་པས་འགན་འཁུར་རྒྱུ། ཉིན་བཞི་པར་སྐལ་བཟང་གླིང་ཕྱོགས་སུ་ས་གནས་དབུས་གཙང་ཚོགས་པས་འགན་འཁུར་རྒྱུ། ཉིན་ལྔ་པར་རླངས་འཁོར་འབབ་ཚུགས་སུ་ས་གནས་མདོ་སྟོད་ཚོགས་པས་འགན་འཁུར་རྒྱུ། ཉིན་དྲུག་པར་ལྕོག་ལམ་ཟམ་པའི་ཕྱོགས་སུ་ས་གནས་གཞོན་ནུ་དང་བུད་མེད་ཀྱིས་འགན་འཁུར་རྒྱུ་བཅས་ཀྱི་ལས་རིམ་འཆར་སྒྲིག་བྱས་ཡོད’’ ཅེས་བཀོད་འདུག

མཇུག་ཏུ། “ཕྱི་ཚེས་ ༡༢ ཉིན་ལ་དྭགས་ཁུལ་ནས་ཀར་གྷིལ་དང་། དེ་ནས་ཤྲི་ན་གྷར་བར་དུ་ས་གནས་འཐུས་ཚོགས་དང་ས་གནས་མགོ་འཛིན་ལས་ཁང་། གཞུང་འབྲེལ་མ་ཡིན་པ་བཅས་ཀྱི་སྐུ་ཚབ་གསུམ་ནས་བདེན་པའི་མེ་ལྕེ་དེ་ཉིད་སྐྱེལ་མ་བྱ་རྒྱུ་དང་། ཀར་གྷིལ་ཕྱོགས་སུའང་འབྲེལ་ཡོད་མངའ་སྡེའི་གྲོས་ཚོགས་འཐུས་མི་གདན་འདྲེན་ཞུས་ཏེ་ལས་འགུལ་སྤེལ་རྒྱུ་ཡིན་འདུག” ཅེས་བཀོད་འདུག

 

ས་གནས་གསར་འགོད་པ། ཤེས་རབ་རྡོ་རྗེ།

 

འབྲེལ་ཡོད་གསར་འགྱུར།

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

ཆུ་ཚོད་ ༢༢ སྔོན་ལ།
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧

མཆན། 1

  1. ཆོས་བཟང་། says:
    ལོ་ 14 སྔོན།

    སྐུ་ངོ་སྤྱི་འཐུས་རྣམ་པས་བདེན་པའིབདེན་པའི་མེ་ལྕེ་སྐོར་སྐྱོད་ལ་ཁ་གཡར་ཏེ། ཡང་གང་སར་དབྱར་གྱི་སྤྲོ་སྐྱིད་གཏང་བར་ཕེབས་འདུག བཀའ་དྲིན་ཅན་གྱི་སྤྱི་འཐུས་རིན་པོ་ཆེ་རྣམ་པ་ཚོས་བདེན་པའི་མེ་ལྕེ་སྦལ་བསམ་ན། དྲང་བདེན་ལམ་ལ་ཤར་བསྐྱོད་གནོངས། སྤྱི་ཚོགས་ནང་གི་ཛ་དྲག་དཀའ་ངལ་ཆེ་བའི་གནས་ཚུལ་རིགས་མིག་གིས་མཐོང་བཞིན་མ་མཐོང་མདོག་དང་། ཤེས་བཞིན་མ་ཤེས་ཁུལ་མ་བྱེད། གཞན་ཁྱེད་ཚོས་བདེན་པའི་མེ་ལྕེ་སྐོར་སྐྱོད་དེ་གཞུང་དངུལ་འཕྲོ་བརླགས་རེད། དེ་འདྲ་མ་དྲན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese