མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

“རང་ལུས་མེ་རུ་བསྲེགས་ཏེ་སེམས་ཀྱི་ན་ཟུག་སྟོན་གྱི་ཡོད”

བོད་ཀྱི་དུས་བབ།
༢༠༡༢/༠༧/༠༨
Share on FacebookShare on TwitterShare on EmailShare on Whatsapp

བོད་ནས་གསར་དུ་འབྱོར་བའི་དགེ་འདུན་པ་ཞིག་གིས་བརྗོད་ན། དེང་སྐབས་རྔ་པ་ས་ཆའི་སྐྱ་སེར་མང་པོ་ཞིག་གིས་རང་ལུས་མེར་བསྲེགས་གཏོང་གི་ཡོད་པ་དེ། ༢༠༠༨ ལོའི་ཞི་རྒོལ་ལ་རྒྱ་གཞུང་གིས་དྲག་གནོན་བྱས་པ་དང་། སྐབས་དེ་ནས་བཟུང་རྒྱ་དམག་གིས་ཀིརྟི་དགོན་པར་དམ་དྲག་བྱས་པའི་ན་ཟུག་ཕྱིར་སྟོན་གྱི་ཡོད་པ་རེད་ཟེར། 

མདོ་སྨད་རྔ་པ་རྫོང་ཇོ་ནང་བསེ་དགོན་པའི་གྲྭ་བདེ་ལེགས་ལགས། རྒྱ་གཞུང་གིས་ ༢༠༠༨ ལོར་ས་གནས་ཉེན་རྟོག་ལས་ཁུངས་གཏོར་བཅོམ་དང་མེར་བསྲེཊ་གཏོང་མཁན་ཡིན་པའི་ཉེས་མིང་འོག་འཛིན་བཟུང་བཀའ་རྒྱ་སྔ་རྗེས་བཏང་མཐར། ལོ་ ༤ ལྷག་རིང་མདོ་དབུས་ཁམས་གསུམ་གྱི་ས་ཆ་མང་པོར་བྲོས་བྱོལ་བྱས་ཏེ་ཉེ་ཆར་ངྷ་རམ་ས་ལའི་དབུས་སྣེ་ལེན་ཁང་དུ་འབྱོར་འདུག ཕྱི་ཚེས་ ༢༥  ཉིན་འདི་གའི་གསར་འགོད་པས་ཁོང་ལ་ཐུག་འཕྲད་ཀྱིས་སྐབས་དེའི་ལས་འགུལ་གྱི་བརྒྱུད་རིམ་དང་རྔ་པ་ཁུལ་གྱི་གནས་སྟངས་སྐོར་ལ་བཅར་འདྲི་བྱས་ཡོད།  

གྲྭ་བདེ་ལེགས་ལགས་ཀྱིས་བརྗོད་དོན་ལྟར་ན།  ལོ་དེའི་ཕྱི་ཟླ་ ༣ པའི་ཚེས་  ༡༦ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༢།༣༠ ཡས་མས་སུ་བསེ་དགོན་པའི་རྒྱབ་ཕྱོགས་ནས་གྲྭ་པ་མང་པོ་ཞིག་རྔ་པ་རྫོང་གི་ཕྱོགས་སུ་གོམ་བགྲོད་ཀྱིས་༧རྒྱལ་དབང་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག  ང་ཚོ་ལ་འགྲོ་བ་མིའི་ཐོབ་ཐང་དགོས། མི་རིགས་འདྲ་མཉམ་དགོས། ༸རྒྱལ་དབང་བསྟན་འཛིན་རྒྱ་མཚོ་བོད་ལ་གདན་འདྲེན་ཞུ་དགོས། ཞེས་སྐད་འབོད་བྱེད་བཞིན་རྫོང་གི་ཕྱོགས་སུ་བསྐྱོད་ཡོད་ཅིང་། སྐབས་དེར་རྒྱ་ནག་གི་དྲག་ཆས་ཉེན་རྟོག་པ་དང་དམག་མི་མང་པོ་བསླེབས་ཏེ། ཉིན་དེར་ཁོང་གི་མཐོང་ས་ནས་སྣང་ཞིག་བོན་དགོན་གྱི་མི་སྐྱ་ཞིག་མེ་མདས་བརྒྱབ་སྟེ་དམར་གསོད་དང་། བསེ་དགོན་པའི་རང་ལོ་ ༢༡ ཡས་མས་ཡིན་པའི་གྲྭ་བསང་དོན་ལགས་འཛིན་བཟུང་བྱས་ཡོད་པ་མ་ཟད། དྲག་ཆས་ཉེན་རྟོག་པས་གྲྭ་བ་དང་མི་མང་གི་དཀྱིལ་དུ་གང་བྱུང་མེ་མདའ་བརྒྱབ་པ་དང་གཅར་རྡུང་བྱས་ཏེ་སྐྱ་སེར་མང་པོ་ཞིག་ལ་རྨས་སྐྱོན་བཟོས་ཡོད་འདུག

སྐབས་དེའི་ལས་འགུལ་ནང་བསེ་དགོན་པའི་གྲྭ་བ་ཁག་ཅིག་ལས་མཉམ་ཞུགས་བྱས་མེད་ཀྱང་། ཉིན་རྒྱབ་ཆུ་ཚོད་ ༣ ཙམ་ནས་ཉེན་རྟོག་པ་དང་དྲག་ཆས་དམག་མིས་དགོན་པའི་མཐའ་ཡོངས་སུ་བསྐོར་ཏེ། གྲྭ་དཔལ་ལྡན་དང་ཐུབ་དགའ། རྒྱུགས་ཁམ། རྟེན་མགོན་བཅས་གྲྭ་བ་བཞི་འཛིན་བཟུང་དང་། དགོན་པའི་ཕྱོགས་བཞིར་ལྐོག་མིག་བརྙན་ཆས་བཙུགས་ཏེ་ལྟ་རྟོག་བྱས་ཡོད་ཅིང་། དུས་དེ་ནས་གྲྭ་བ་མང་པོ་རི་བྱོལ་དང་སོ་སོའི་ནང་དུ་ལོག་དགོས་བྱུང་འདུག ལྷག་པར་དུ་ལོ་དེའི་ཕྱི་ཟླ་ ༨ པར་དགོན་པའི་སྒོམ་ཁང་དུ་ཡོད་པའི་གྲྭ་བ་རྣམས་བཙན་གྱིས་ཕྱིར་འཕུད་བཏང་ཡོད་ཅིང་། གནས་ཚུལ་དེ་དག་གི་རྐྱེན་པས་དགོན་བདག་བླ་མ་སྲས་ཀུན་བཟང་གཞན་ཕན་མཆོག་གི་ནད་གཞི་རྙིང་པ་འཕར་ཏེ་སྨན་ཁང་དུ་བསྟེན་གཏུག་བྱས་ཀྱང་ཕན་སྐྱེད་མ་བྱུང་བར་དགོངས་པ་རྫོགས་ཡོད་འདུག དེའི་རྗེས་གྲྭ་པ་ཚོས་རྒྱ་ནག་གཞུང་ལ་བཟང་ཕྱོགས་ཀྱི་འགྱུར་བ་མ་བཏང་ཚེ་ངོ་རྒོལ་རྒྱག་རྒྱུ་ཡིན་སྐོར་བརྗོད་སྟབས། གནས་སྐབས་རིང་བཙོན་འཇུག་བྱས་ཡོད་པའི་གྲྭ་བ་རྣམས་ཀློད་གྲོལ་དང་བྲོས་བྱོལ་བ་རྣམས་ཕྱིར་སྐད་གཏོང་དགོས་བྱུང་ཡོད་ཀྱང་། ད་ཆར་སླར་ཡང་ལས་བྱེད་མི་སྣ་མངགས་གཏོང་གིས་གྲྭ་མང་ལ་སུན་གཙེར་བཟོ་བཞིན་ཡོད་འདུག   

གསར་འགོད་པས་ཁོང་ལ་སྐབས་དེར་བྲོས་བྱོལ་བྱ་དགོས་པའི་རྒྱུ་རྐྱེན་ཅི་ཡིན་དྲིས་པར་ཁོང་གིས། “ ང་ ༢༠༠༨ ལོར་ངོ་རྒོལ་ལས་འགུལ་ནང་ཞུགས་ཏེ། ཉེན་རྟོག་པས་ཁང་པ་དང་རྒྱ་ནག་ཉེན་རྟོག་པར་གཅར་རྡུང་བྱེད་སྤྱད་ཀྱི་ལག་ཆ་བཙོང་མཁན་བོད་མི་ཞིག་གི་ཁང་པ་གཏོར་བཅོམ་དང་མེར་བསྲེཊ་བཏང་བ་རེད། སྐབས་དེར་རྒྱ་ནག་གི་ཉེན་རྟོག་པས་པར་བརྒྱབ་ཡོད་པ་མ་ཟད། ལས་འགུལ་སྐབས་ང་རང་གསལ་བོར་ཡོད་པའི་པར་ཞིག་ཨ་རིའི་རླུང་འཕྲིན་དུའང་བསྟན་སོང་། རྗེས་སུ་ཉེན་རྟོག་པས་མི་སྐོར་ཞིག་འཛིན་བཟུང་གིས་འདྲི་རྩད་བྱས་ཤིང་། གཅིག་ལ་ལོ་ ༤ ཡི་ཁྲིམས་ཐག་ཀྱང་བཅད་སོང་། དེ་ནས་ངས་དགོན་པར་དགོངས་པ་ཞུས་ཏེ་ཁམས་སྡེ་དགེ་དང་དཀར་མཛེས། རྫ་ཆུ་ཁ། ཨ་མཆོག་མཚན་ཉིད་དགོན་བཅས་སུ་ལོ་ ༤ ཙམ་ལ་བྲོས་བྱོལ་བྱས་པ་ཡིན། ང་སོང་རྗེས་ཉེན་རྟོག་པ་ངའི་ཁྱིམ་དུ་ཡོང་སྟེ། ང་རང་རྩིས་སྤྲོད་བྱ་དགོས་པའི་བཙན་བཀའ་ཐེངས་མང་བཏང་འདུག” ཞེས་བརྗོད་བྱུང་།

ཡང་ཁོང་ལ་རྔ་པ་ཁུལ་དུ་རང་ལུས་མེར་བསྲེཊ་ཀྱི་ལས་འགུལ་བསྟུད་མར་བྱུང་སྐབས་དམ་དྲག་གང་འདྲ་ཡོད་མེད་དང་ད་ལྟའི་གནས་སྟངས་ཀྱི་སྐོར་ལ་སྐད་ཆ་དྲིས་པར་ཁོང་གིས། “རྔ་པ་ཁུལ་ལ་མཚོན་ན་ ༢༠༠༨ ལོའི་ཞི་རྒོལ་ལ་རྒྱ་གཞུང་གིས་དྲག་གནོན་བྱས་པ་དང་། དེ་ནས་བཟུང་ཀིརྟི་དགོན་པ་རྒྱ་དམག་གིས་དམ་དྲག་བྱས་པ་བཅས་ལ་བརྟེན་ཏེ། བོད་ཚོའི་སེམས་ནང་ན་ཟུག་བཟོད་ཐབས་མེད་པ་བྱུང་ཡོད། ༢༠༠༩ ལོ་ནས་བཟུང་སྐྱ་སེར་མང་པོ་ཞིག་གིས་སྔ་རྗེས། རང་ལུས་མེ་རུ་བསྲེགས་ཏེ་སེམས་ཀྱི་ན་ཟུག་སྟོན་གྱི་ཡོད། ཉེ་ཆར་ང་རང་འདིར་མ་བསླེབས་པའི་སྔོན་ཙམ་ལ་རྔ་པ་རྫོང་དུ་དམག་མིས་མི་སེར་དཀྱུས་མ་ལྟར་བོད་ལྭ་གོན་ཏེ་མི་མང་འདུ་འཛོམས་བྱེད་ས་དང་ཇ་ཁང་དང་ཟ་ཁང་སོགས་སུ་ལྟ་རྟོག་བྱེད་པ་དང་། ངས་རང་ལུས་མེར་བསྲེགས་འཆར་ཡོད་པ་ཧ་གོ་མཁན་ལ་རྒྱ་སྒོར་ཁྲི་ ༡༠ ཡིས་རྔན་པ་སྤྲོད་བཞིན་ཡོད་པ་དང་། མེར་བསྲེགས་གཏོང་གི་ཡིན་ཟེར་མཁན་ལ་ལོ་ ༡༠ ཡི་ཁྲིམས་ཐག་གཅོད་རྒྱུ་ཡིན་པའི་ཐག་གཅོད་ཀྱང་བྱས་ཡོད་འདུག” ཅེས་བརྗོད་བྱུང་།

མཐའ་མར་ཁོང་གིས་བོད་ནང་བོད་མི་ཚོས་རྒྱ་ནག་གི་དྲག་གནོན་བྱས་མིན་ལ་མ་ལྟོས་པར་ ༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་ཆེད་དང་བོད་གཞིས་བྱེས་ལྷན་འཛོམས་ཡོང་ཆེད་རང་སྲོག་བློས་གཏོང་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་སྟབས།  ང་ཚོ་ཤུལ་དུ་ཡོད་པའི་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚང་མས་མཉམ་རུབ་ཀྱིས་ཁོང་རྣམ་པས་ཁ་ཆེམས་ལྟར་འགྲུབ་ཐབས་ལ་འབད་བརྩོན་བྱ་དགོས་པའི་རེ་བ་དང་འབོད་སྐུལ་ཡང་གནང་སོང་།

རྔ་པ་ཇོ་ནང་བསེ་དགོན་པ་ནི། རྔ་པ་བོད་རིགས་རང་སྐྱོལ་ཁུལ་རྔ་པ་རྫོང་དང་སྤྱི་ལེ་ ༢ ཙམ་གྱི་སར་ཡོད་འདུག ད་ལྟའི་ཆར་དགོན་པ་འདིར་གྲྭ་པ་ ༧༠༠ ཡས་མས་ཤིག་ཡོད་པ་དང་། སྔགས་ཕྱོགས་ནས་དུས་འཁོར་ལུགས་ཀྱི་སྦྱོར་དྲུག་ཉམས་ལེན་དང་མཚན་ཉིད། ཆོ་ག་ཕྱག་ལེན་སོགས་ཀྱི་རྒྱུན་སྲོལ་འཛིན་སྐྱོང་སྤེལ་གསུམ་གནང་བཞིན་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་རུ་འཚོག་རྒྱུ་རེད།
Mobile App

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་དུ་འཚོག་རྒྱུ་རེད།

༢༠༢༦/༠༤/༢༨
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མཇལ་ཁ་སྩལ་སྐབས། སྐུ་པར་དགའ་ལྡན་ཕོ་བྲང་གི་བརྙན་ཐུང་ནས་བླངས།  ༢༠༢༦།༤།༢༨
༸གོང་ས་མཆོག གསར་འགྱུར།

ཆ་དྷི་སི་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༤/༢༨
བོད་རང་དབང་འཐབ་རྩོད་པའི་ལྷན་ཚོགས་༧རྒྱལ་བའི་ཞབས་ཕྱི་བར་གཟེངས་རྟགས་ཕུལ། དུས་བབ་ཀྱི་པར།
Mobile App

བོད་རང་དབང་འཐབ་རྩོད་པ་རྣམས་ལ་རིམ་གྱིས་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༤/༢༧
བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་དེ་དགོན་པའི་འདུ་ཁང་དུ་བཞག་སྟེ་སྔོན་གྱི་བཞུགས་ཡུལ་དུ་རྟ་རྒྱུག་ཐང་བཟོས་འདུག པར་དུས་བབ་ལ་མཁོ་སྤྲོད་གནང་།
Mobile App

བོད་བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་བཞུགས་ས་དེ་རྟ་རྒྱུག་ཐང་བཟོས་འདུག

༢༠༢༦/༠༤/༢༧
ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

༢༠༢༦/༠༤/༢༦
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese