མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དངོས་པོའི་གནས་ལུགས།

བོད་ཀྱི་དུས་བབ།
༢༠༡༢/༠༧/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཝཱཎ། རིག་འཛིན་ལྷུན་གྲུབ་ཀྱིས་སྒྲིག་བསྒྱུར་ཞུས།

ལོ་ངོ་ ༥༠ ཙམ་གྱི་རིང་འགྲོ་སོང་ཨ་སྒོར་ཐེར་འབུམ་ ༢།༦ ($2.6billions)ཙམ་བཏང་སྟེ་ཕྲ་རྡུལ་ཀུན་གྱི་‘ཕྲ་རྡུལ་དམ་པ་’(God Particle)དེ་གསར་རྙེད་བྱུང་ཡོད་ཅིང་། འདི་ནི་ང་ཚོས་འཇིག་རྟེན་ཁམས་ཀྱི་གནས་ལུགས་ཤེས་རྟོགས་བྱེད་པའི་ལེའུ་གསར་པ་ཞིག་མགོ་བཙུགས་པ་རེད། དུས་རབས་ཕྱེད་ཀའི་རིང་གཏིང་ཟབ་ཀྱི་བསམ་བློ་དང་། ལོ་ངོ་སུམ་ཅུ་ལྷག་གི་ཞིབ་ཕྲའི་བརྟག་དཔྱད། ཨ་སྒོར་ཐེར་འབུམ་ ༢།༦ ལྷག་གི་འགྲོ་སོང་བཏང་བའི་གྲུབ་འབྲས་ཞིག་རེད།

ཕྱི་ཟླ་ ༧ པའི་ཚེས་ ༤ ཉིན་ཚན་རིག་པ་ཚོས་གསར་རྙེད་བྱུང་བའི་ཕྲ་རྡུལ་དེས་ང་ཚོའི་འཇིགས་རྟེན་ཁམས་ཀྱི་བྱེད་ལས་དང་རྩ་བའི་སྒྲུབ་ཆ་ཤེས་རྟོགས་ཀྱི་གདེང་སྤོབས་དེ་བྱིན་ཡོད་ཟེར། ད་བར་གྱི་ཚན་རིག་གི་འབྱུང་རབས་ནང་བརྟག་དཔྱད་ཞིབ་འཇུག་འགྲོ་གྲོན་ཆེ་ཤོས་དེ་ཆགས་ཡོད། གསར་རྙེད་བྱུང་བའི་ཕྲ་རྡུལ་ཧེགས་བྷོ་སོན་ (Higgs boson) ཞེས་པ་ནི་ཚན་རིག་གི་གྲུབ་འབྲས་རླབས་ཆེ་ཤོས་ཤིག་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད་པ་དང་། ༡༩༥༣ ལོར་གསར་རྙེད་བྱུང་བའི་རིགས་རྒྱུན་རྡུལ་རྫས་ཕྲ་མོ་(DNA)ཞེས་པའི་གཞི་སྒྲོམ་དང་། ལོ་རབས་དྲུག་ཅུ་དང་བདུན་བཅུའི་ནང་གི་ཨ་པོ་ལོ་མུན་(Apollo Moon)ཞེས་པའི་ཟླ་བའི་གོ་ལའི་སྟེང་མིའི་འགྲོ་བ་ཐོག་མར་འགྲོ་སྐབས་ཀྱི་མཁའ་གྲུ་ལེགས་གྲུབ་བྱུང་བའི་གྲུབ་འབྲས་དག་དང་འགྲན་ཆོག་པར་འགྲེལ་གྱི་ཡོད།

 

ཕྲ་རྡུལ་ཧེགས་བྷོ་སོན་(Higgs boson)གལ་དགངས་ཆེན་པོར་བརྩི་དགོས་པའི་རྒྱུ་མཚན་ནི། རྩ་བའི་ཕྲ་རྡུལ་དག་དང་འཐེན་ནུས་ཕན་ཚུན་གྱི་འབྲེལ་མཐུད་ཇི་ལྟར་བྱེད་པའི་མགོ་རྙོག་ཅན་གྱི་ཤེས་བྱའི་བར་སྟོང་དེ་བསྐངས་ཡོད་ཅིང་། དེ་ལ་(SMP(Standard Model of Physics)ཞེས་འབོད་ཀྱི་ཡོད། སྤྱིར་རྣམ་གཞག་འདི་ནི་འཇིག་རྟེན་ཁམས་ཀྱི་བྱེད་ལས་དང་འབྱུང་ཁུངས་སོགས་ཤེས་རྟོགས་བྱེད་ཆས་ཤིག་ཡིན་པར་བརྗོད་ཅིང་། རྙེད་སོན་བྱུང་བའི་ཕྲ་རྡུལ་འདི་ནི་ཡིད་བརྟན་འཕེར་བའི་(SM(Standard Model)ཞིག་ཏེ། འདིས་བགྲང་དུ་མེད་པའི་དངོས་ཁམས་རིག་པའི་བརྟག་དཔྱད་ཀྱི་གྲུབ་འབྲས་དང་། དེའི་ཚན་རིག་ནི་ཡང་དག་པའི་ཁ་ཕྱོགས་སུ་སྐྱོད་བཞིན་པ་མཚོན། ཞིབ་འཇུག་པ་ཚོར་བསམ་གཞིགས་ཟབ་ཏུ་གཏོང་དགོས་པའི་བརྡ་ལན་དང་གསར་རྙེད་ཀྱི་སྒོ་མོ་ཞིག་ཡངས་པོར་ཕྱེ་པར་འདོད།  

  

ནོ་བྷེལ་གཟེངས་རྟགས་བཞེས་མྱོང་མཁན་དངོས་ཁམས་རིག་པ་བ་ཞིག་གིས་སྔོན་ཆད་‘ཕྲ་རྡུལ་དམ་པ་’(God Particle)ཞེས་’ཡོངས་བསྒྲགས་གནང་ཡོད། རྒྱུ་མཚན་ནི་དེས་དངོས་ཁམས་རིག་པའི་རྣམ་གཞག་གི་ལྟེ་བ་ལྟ་བུའི་བྱེད་ལས་བྱེད་ཐུབ་པས་རེད། འོན་ཀྱང་སློབ་དཔོན་ཧེགས་(Higgs)དང་ཁོང་གི་ལས་རོགས་ཚོས་ཐ་སྙད་དེར་ཆོས་ཀྱི་བསླད་འདུག་ཟེར་ནས་ཡིད་མོས་གནང་མེད།  རྒན་ཡོལ་ལ་ཕེབས་ཏེ་ད་ཆར་དགུང་གྲངས་ ༨༣ ལ་སོན་ཡོད་པའི་སློབ་དཔོན་ཧེགས་ལགས་ཐེངས་འདིའི་ཇི་ནེ་ཝའི་(Geneva)ནང་གི་ཚོད་ལྟའི་གྲུབ་འབྲས་གསལ་བསྒྲགས་ཀྱི་མཛད་སྒོར་མཉམ་བཞུགས་གནང་ཡོད། དེ་ནི་(LHC(Large Hadron Collider)ཞེས་པའི་འཕྲུལ་ཆས་སྤྱད་དེ་ནུས་ཤུགས་ཧ་ཅང་ཆེན་པོ་བརྒྱུད་ནས་བཞོག་བཏུབ་བྱས་པའི་ཕྲ་རྡུལ་ཞིག་རེད། བརྟག་དཔྱད་རིམ་པ་གཉིས་བརྒྱུད་དེ་ཁ་གསལ་གཏིང་གསལ་བྱུང་བའི་(125.5GeV(gigaelectron Volts)ཅན་གྱི་བོངས་ཚད་དང་ཕྲ་རྡུལ་ཀུན་གྱི་དབུས་ཀྱི་ཕོ་རྡུལ་ལས་ལྡབ་ ༡༣༣ ཀྱིས་ལྕི་བ་ཡོད།

    

ཕྲ་རྡུལ་གསར་པ་དེའི་ཞིབ་ཕྲའི་ཁྱད་ཆོས་དག་གི་ད་དུང་གསལ་བཤད་དགོས་ངེས་ཤིག་ཡིན་པ་དང་། དེ་ནི་ཕྲ་རྡུལ་ཧེགས་བྷོ་སོན་རིགས་ལས་བྱེ་བྲག་ཅིག་ཡིན་མིན་དཔྱད་དགོས་པ་ཞིག་ཆགས་ཡོད། གཞུང་ལུགས་ཀྱི་ཐོག་ནས་དངོས་ཁམས་རིག་པ་བ་ཚོས་ཕྲ་རྡུལ་ཧེགས་ནི་འཇིག་རྟེན་ཁམས་ཀུན་ལ་ཁྱབ་ཡོད་པ་དང་། དེས་མི་མངོན་པའི་འཐེན་ནུས་ཀྱི་དཀྱིལ་འཁོར་བསྐྲུན་པ། དེ་ལས་ཚོགས་གྲུབ་ཀྱི་དངོས་པོ་རགས་པ་རྣམས་གྲུབ་པར་འདོད། དཔེར་ན། རྡུལ་ཕྲན་དང་སྐར་མ། གཟའ་སྐར་སོགས་ལྟ་བུ་རེད། སྐུ་ཞབས་ཇུ་ཨིན་ཁན་ཌེལ་(Joe Incandela)ཡིས་སྣེ་ཁྲིད་པའི་ལས་རོགས་དག་གིས་སྡོམ་ཚིག་ཅིག་བཀོད་ཡོད་པ་ནི། ང་ཚོས་གང་ཞིག་མཐོང་ཐུབ་པ་ནི་གྲུབ་འབྲས་གལ་ཆེན་ཞིག་རེད། ང་ཚོར་ཕྲ་རྡུལ་བྷོ་སོན་(boson)གསར་པ་ཞིག་ཡོད་པ་རེད་ཅེས་ཟེར། ཁོང་གིས་འགྲེལ་བརྗོད་དེ་ནི་ཚན་རིག་པའི་བྱ་བཞག་གི་གདེང་ཚོད་དེ་བརྒྱ་ཆ་ 99.9999 ལས་རིམ་པ་མཐོ་བ་ཡོད་པ་དེ་རེད། ལྕམ་ཧྥ་བྷོལ་གྷེནོཊི་(Fabibla Gianotti)ཡིས་ཁོ་མོའི་འགྲེལ་བརྗོད་ཀྱི་མཇུག་སྡོམ་ནང་། ང་ཚོ་ཚང་མས་གྲུབ་འབྲས་དེ་དག་སྤོབས་པ་བྱེད་འོས་པ་དང་། འོད་སྟོང་ལྡན་པའི་མ་འོངས་པ་ཞིག་གི་སྒོ་མོ་ཕྱེ་པ་རེད་ཅེས་ཟེར།  

  

འོན་ཀྱང་། དྲུག་ཅུ་རེ་གྲངས་ནང་རང་དབང་ཅན་གྱི་གཞུང་ལུགས་དངོས་ཁམས་རིག་པ་བ་ཚོས་ཕྲ་རྡུལ་ཧེགས་ལ་ (scalar Boson) ཞེས་པའི་ཐ་སྙད་བཀོལ་སྤྱོད་བྱས་ཡོད། དེ་ནི་ནུས་ཤུགས་ཆེ་བའི་(LHC(Large Hadron Collider)ཞེས་པའི་འཕྲུལ་ཆས་བཀོལ་སྤྱོད་ཀྱིས་ཚན་རིག་ཐོག་ནས་ཕྲ་རྡུལ་དེ་ཁུངས་སྐྱེལ་གཏན་འབེབས་བྱེད་ཐབས་ཤིག་རེད། འཕྲུལ་ཆས་དེ་ནི་སྒོང་དབྱིབས་ཅན་གྱི་སྦུབས་ལམ་ཁྱོན་ཀི་ལོ་མི་ཊར་ ༢༧ ཙམ་གྱི་རིང་ཚད་ཡོད། དེ་ནི་སུད་སི་(Swiss)དང་ཧྥ་རན་ཀོ་(Franco)གཉིས་ཀྱི་ས་མཚམས་དང་ཇཱི་ནེ་ཝ་རུ་ཚོད་ལྟའི་ས་ཚིགས་བཙུགས་ཡོད། འཕྲུལ་ཆས་དེར་བརྒྱ་ཆ་ 99.999991ཡི་འོད་ཀྱི་མགྱོགས་ཚད་ཅན་གྱི་ཕོ་རྡུལ་གྱི་འོད་ཟེར་ཡར་འཕེལ་ལྡོག་ཕྱོགས་གཉིས་མཉམ་ཐོག་བཞོག་བཏུབ་ཀྱི་ཐབས་ལམ་སྤྱད་ནས་ཕྲ་རྡུལ་ཧེགས་མངོན་འགྱུར་ཡོང་རེ་བྱེད།།

 

ཕྲ་རྡུལ་ཧེགས་བྷོ་སོན་དང་འབྲེལ་བའི་དྲི་བ་ཆེན་པོ་ལྔ་ནི།

༡༽ཕྲ་རྡུལ་ཧེགས་བྷོ་སོན་(Higgs Boson)ཞེས་པ་ཅི་ཞིག་ཡིན་ནམ།

འཇིག་རྟེན་གྱི་གྲུབ་ཆར་རྩ་བའི་ཕྲ་རྡུལ་ ༡༢ དང་རྩ་བའི་ནུས་ཤུགས་ ༤ ཙམ་ཡོད་པ་དེར་(SMP(Standard Model of Physics)ཞེས་འབོད་ཀྱི་ཡོད། ཧེགས་དང་བྷོརཊི། ཨིང་ལརཊི་བཅས་ཀྱིས་ཕྱི་ལོ་ ༡༩༦༤ ལོར་ད་དུང་ཕྲ་རྡུལ་གཞན་ཞིག་ཡོད་པ་སྔོན་དཔག་བྱས་ཡོད། དེ་ལས་དངོས་པོ་ཀུན་གྱི་གལ་ཆེའི་ཁྱད་ཆོས་རྣམས་འགྲེལ་བཤད་རྒྱག་ཐུབ་རེ་ཡོད་ཚུལ་བརྗོད། དེ་ལ་ཧེགས་བྷོ་སོན་(Higgs boson(བྷོ་སོན་ཞེས་པ་ནི་ནུས་ཤུགས་འདྲེན་མཁན་གྱི་ཕྲ་རྡུལ་ཞིག་རེད)ཞེས་འབོད་ཀྱི་ཡོད། འཚོལ་ཞིབ་མགོ་བཙུགས་ནས་དུས་རབས་ཕྱེད་ཙམ་གྱི་རྗེས་ཕྲ་རྡུལ་ཧེགས་བྷོ་སོན་དེ་བཞིན་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༤ ཉིན་གཏན་འབེབས་ཀྱིས་གྲུབ་འབྲས་དེ་ཡུ་རོབ་རྡུལ་ཕྲན་ཞིབ་འཇུག་ལྟེ་གནས་(CERN(European Central for Nuclear Research)ཀྱི་སྤྱི་ཁྱབ་སློབ་སྟོན་པས་གསལ་བསྒྲགས་གནང་ཡོད་པ་རེད།

༢༽ཅིའི་ཕྱིར་ཕྲ་རྡུལ་འདི་རྙེད་པར་དུས་ཡུན་རིང་པོ་འགོར་བ་རེད་དམ།

གཞུང་ལུགས་ཐོག་འགྲེལ་བཤད་རྒྱག་རྒྱུ་དེ་གནས་ཚུལ་ཞིག་ཡིན་མོད། འོན་ཀྱང་། དེ་ཁུངས་སྐྱེལ་གཏན་འབེབས་བྱེད་རྒྱུ་ནི་རྙོག་འཛིང་ཅན་ཞིག་རེད། གལ་ཏེ་ཕྲ་རྡུལ་ཧེགས་ཡོད་ན་དེ་སྐར་ཆའི་ཆ་ཤས་ཙམ་དུ་ཡོད་པ་རེད། གཞུང་ལུགས་ཐོག་ནས་གལ་ཏེ་ནུས་ཤུགས་ཚད་མཐོ་ཞིག་གི་ཁྲོད་ཕོ་རྡུལ་འོད་ཟེར་ལྡོག་སྐྱོད་ཀྱི་རྡབ་ཐུག་བྱུང་པ་ལས་མངོན་འགྱུར་ཡོང་ཐུབ་པར་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད། ལོ་ཤས་སྔོན་གྱི་(LHM(Large Hadron Collider)ཞེས་པའི་འཕྲུལ་ཆས་འཛུགས་བསྐྲུན་བྱེད་མ་ཐུབ་བར་དུ། དེ་སྔོན་གྱི་ཡོ་བྱད་ཀྱི་ནུས་ཤུགས་ཚད་མཐོ་བོར་སླེབས་ཐུབ་པ་བྱུང་མེད།

 

༣༽དེ་ན་དངོས་གནས་ཚན་རིག་པས་ཕྲ་རྡུལ་ཧེགས་རྙེད་ཡོད་དམ།

ལེགས་འགྲུབ་བྱུང་པར་གདེང་སྤོབས་བྱེད་པ་ཅུང་དཀའ་མོ་ཞིག་རེད། ཁོ་ཚོས་ཏན་ཏན་ཕྲ་རྡུལ་ ༡༣༠ བོངས་ཚད་ཀྱི་ཕོ་རྡུལ་ཅན་ཞིག་རྙེད་ཡོད་སྲིད་པ་དང་། ཐོག་མའི་གྲུབ་འབྲས་ཐད་ནས་དེ་ནི་ཧེགས་བྷོ་སོན་ཞིག་ཡིན་པར་རེ་བ་ཆེན་པོ་འཆང་བཞིན་ཡོད། གཅིག་བྱས་ན་དེ་ཧེགས་བྷོ་སོན་ནམ་ཡང་ན་ཕྲ་རྡུལ་གཞན་ཞིག་ཡིན་སྲིད། གཞུང་ལུགས་ཀྱི་ཐོག་ནས་དེ་ནི་གཅིག་ལས་མང་བ་ཡོད་པའི་འགྲེལ་བརྗོད་ཀྱང་བྱེད།

༤༽ཅིའི་ཕྱིར་གསར་རྙེད་དེ་གནད་དོན་ཞིག་ཆགས་ཀྱི་ཡོད་དམ།

དངོས་ཁམས་རིག་པ་བ་ཚོས་འབད་བརྩོན་ཆེན་པོས་རང་འབྱུང་ཁམས་ཀྱི་ནུས་ཤུགས་སྣ་ཚོགས་མཉམ་འདུས་ཀྱི་འཇིག་རྟེན་ཁམས་ཀྱི་ཐོག་མའི་འབྱུང་ཁུངས་དང་རྩ་བའི་སྒྲུབ་ཆ་དག་ཤེས་རྟོགས་ཡོང་ཐབས་བྱེད། ཐབས་ཚུལ་དེར་(SMP(Standard Model of Physics)ཞེས་འབོད་ཀྱི་ཡོད། འོན་ཀྱང་། (SMP)ཞེས་པ་དེས་ཅིའི་ཕྱིར་དངོས་པོར་བོངས་ཚད་ཡོད་པ་འགྲེལ་བཤད་བྱས་མེད་པ་ནི་དཀའ་ངལ་ཞིག་རེད། ཕྲ་རྡུལ་ཧེགས་གསར་རྙེད་ཀྱི་མངོན་གསལ་དོད་པོས་(SMP)ལེགས་བཅོས་ཡོང་ཕྱིར་རྒྱབ་རྟེན་གལ་ཆེན་ཞིག་ཆགས་ཀྱི་ཡོད། གལ་ཏེ་ཕྲ་རྡུལ་ཧེགས་གསར་རྙེད་ཐུབ་མེད་ཚེ་ཕྱོགས་ཀུན་ནས་རྙོག་འཛིང་ཅན་གྱི་དེང་རབས་དངོས་ཁམས་རིག་པའི་གཞུང་ལུགས་ཀྱི་འགྲེལ་བརྗོད་མཐར་ལྷུང་ངེས་ཤིག་ཡིན་པར་འདོད།

 

༥༽འདི་ནས་ད་དུང་ང་ཚོས་གང་དུ་མདུན་སྐྱོད་བྱེད་སྲིད་དམ།

ཕྲ་རྡུལ་དེ་བཞིན་ངེས་བརྟན་ཆགས་པར་ད་དུང་ལས་ཀ་མང་པོ་བསྒྲུབ་དགོས་པ་ཞིག་ཡིན་པ་དང་། (LHM(Large Hadron Collider)ཞེས་པའི་ནང་ད་དུང་ལས་འཆར་གཞན་མང་པོ་ཞིག་འགྲོ་བཞིན་པ་རེད། དཔེར་ན། (SUSY(Super systemtry)ཞེས་པ་ཞིག་ཀྱང་རྙེད་ཐབས་བྱེད་ཀྱི་ཡོད།           

 

མཆན།  འདི་ལོའི་ཕྱི་ཟླ་ ༧ པའི་ཚེས་ ༤ ཉིན་ནི་ཚན་རིག་གི་རྣམ་གཞག་སྤྱི་དང་བྱེ་བྲག་དངོས་ཁམས་རིག་པའི་དུས་རབས་ཕྱེད་ཙམ་དང་། མི་རྒྱུ་གཉིས་ཀྱི་འགྲོ་སོང་ཕོན་ཆེ་ཤོས་ཕྱིན་པའི་གྲུབ་འབྲས་ཤིག་ཡོངས་ཁྱབ་རྒྱལ་སྤྱིའི་གསར་ལམ་ཁག་ནང་ཐོན་ཡོད། ཕྱི་ཟླ་ ༧ ཚེས་ ༥ ཉིན་རྒྱ་གར་གསར་ཤོག་གླེང་སྟེགས་ (The Tribune)དང་། རྒྱ་གར་དུས་བབ་(The Times of India) རྒྱ་གར་གྱི་བང་ཆེན་(The Indian Express)བཅས་ཀྱི་ཐོག་ཐོན་པའི་གནས་ཚུལ་ཁག་ལས་ཕྱོགས་བཏུས་ཀྱི་སྒྲིག་བསྒྱུར་ཞུས། བྲེལ་ཟིང་ཁྲོད་བོད་བསྒྱུར་ཞུས་པ་ཞིག་ཡིན་པས་མཁྱེན་ལྡན་ཀློག་པ་པོ་རྣམས་ཀྱི་དགོངས་ཚུལ་དང་ལམ་སྟོན་གནང་རོགས། དྷ་ས་ནས་སྒྱུར་པ་པོས།

 

འབྲེལ་ཡོད་གསར་འགྱུར།

Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

ཆུ་ཚོད་ ༡༣ སྔོན་ལ།
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

ཆུ་ཚོད་ ༡༤ སྔོན་ལ།
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

ཆུ་ཚོད་ ༡༤ སྔོན་ལ།
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས་པ། རིན་པོ་ཆེའི་ངོ་དེབ་ཀྱི་སྐུ་པར། ལོ་དུས་མི་གསལ།
Mobile App

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

ཆུ་ཚོད་ ༡༥ སྔོན་ལ།
Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢

མཆན། 5

  1. རྒྱལ་ཁམས་པ། says:
    ལོ་ 14 སྔོན།

    བོད་བསྒྱུར་གནང་བར་བསྔགས་བརྗོད་ཚད་མེད་ཡོད། འདི་ལྟ་བུ་ནི་ང་དང་ང་ལྟ་བུའི་མི་བུ་རྣམས་ལ་ཧ་ཅང་ཕན་རླབས་ཆེ་བའི་མུ་འཐུད་ནས་གང་མང་སྤེལ་རོགས་ཞུ། རེ་བར་འདི་ལས་ཅུང་ཁ་གསལ་རུ་བྱེད་ནས་བོད་བསྒྱུར་ཐུབ་ན་དེ་ལས་དགེ་ཚན་ཆེ།

    Reply
  2. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    དཀོན་མཆོག་གི་རྡུལ་ཕྲན་ཞེས་པ་དེ་ལོ་ཡུན་མང་པོའི་རིང་དཔྱད་པ་བྱས་ནས་མཐར་གྲུབ་དོན་གཏན་ལ་འབེབས་ཉེ་བ་འདི་ལ་མཚོན་ན། ནང་པའི་གཞུང་ནས་བཤད་པའི་སྣོད་བཅུད་མཐའ་དག་ལས་ལས་བྱུང་བའི་འདོད་ཚུལ་ལ་དགག་ལན་ལྟ་བུ་ཞིག་ཏུ་གྱུར་པ་རེད། ཅིའི་ཕྱིར་ཞེ་ན། གྲུབ་དོན་འདི་ནི་སྣོད་བཅུད་མཐའ་དག་དཀོན་མཆོག་གི་བློའི་གཡོ་བ་ལས་བྱུང་བ་ལྟ་བུར་གསུངས་ཡོད།

    Reply
  3. ནད་པ says:
    ལོ་ 14 སྔོན།

    དེང་རབས་ཚན་རིག་རང་བཞིན་གྱིས་དངོས་པོའི་གནད་ལུགས་ལ་བལྟ་བའི་གནས་ཚུལ་གསར་པ་དེ་ཚོ་བོད་བསྒྱུར་གནང་བར་བསྔགས་བརྗོད་ཚད་མེད་ཡོད། ཚན་རིག་གི་ཤེས་བྱའི་ཁྱབ་ཁོངས་ལོ་མང་འདས་ཟིན་པའི་གནས་ཚུལ་རྣམས་ང་ཚོ་བོད་རིགས་ཚོར་མཚོན་ན་གསར་པ་གསར་རྐྱང་གི་ཤེས་བྱ་ཞིག་རེད།

    ཉེ་འཆར་ཐོན་བཞིན་པའི་ཤེས་བྱ་གསར་རྙེད་ཀྱི་གནས་ཚུལ་དེ་ནི་ང་ཚོར་མཚོན་ན་ཆེས་གསར་པའི་ནང་གི་གསར་པ་ཞིག་རེད།

    CERN(European Central for Nuclear Research ཟེར་བ་འདི་ECNR ཟེར་བ་མིན་འགྲོ ད་དུང་དུས་ཚོད་བེད་སྤྱད་དེ་མུ་མཐུད་ཡར་རྒྱས་བཏང་ནས་ཡར་རླུང་ལྷ་རྗེས་གོ་ཐུབ་པ་ཞིག་བཟོ་རོགས།

    Reply
  4. ཀླུ་མཁར་བྱམས། says:
    ལོ་ 14 སྔོན།

    གནས་ཚུལ་འདི་ཐོན་པ་ནས་བཟུང་ངས་ཀྱང་རགས་རིམ་ཞིག་ལྟ་རྒྱུ་བྱུང་། གནད་དོན་འདི་ཚོར་ང་ཚོའི་ལག་པ་སྙོབ་ཐུབ་མིན་ལ་མ་ལྟོས་པར་དོ་སྣང་དགོས་པ་གལ་ཆེན་རེད། ཡིག་བསྒྱུར་དང་ཕྱོགས་སྒྲིག་བྱེད་པོར་བསྟང་སྐུལ་ཆེད་དུ་ཟེར་ན་འདྲ། རྗེས་ཕྱོགས་འཛམ་གླིང་རང་བཞིན་གྱི་དོན་ཆེན་འདི་ཚོར་ཕྱོགས་གང་ཐད་ནས་ལྟ་ཀློག་བྱ་གལ

    Reply
  5. ཡར་ཀླུང་ལྷ་རྗེ། says:
    ལོ་ 14 སྔོན།

    བྲེལ་ཟིང་ཁྲོད་བོད་བསྒྱུར་ཞུས་པ་ཞིག་སྟབས་འདི་ནི་གསལ་པོ་གོ་བདེ་པོ་ཞིག་མི་འདུག། དུས་ཚོད་བེད་སྤྱོད་ཀྱིས་བོད་བསྒྱུར་གནང་བར་སྙིང་དབུས་ཐུགས་རྗེ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese