མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབང་ཤུཊ་འཐབ་རྩོད་མ་འོངས་པའི་སྲིད་འཛིན་ཞིས་ཀྱི་མགོར་བསླེབ་ཉེན།

བོད་ཀྱི་དུས་བབ།
༢༠༡༢/༠༧/༠༩
Share on FacebookShare on TwitterShare on EmailShare on Whatsapp


ཉེ་ཆར་རྒྱ་དམར་དཔོན་རིགས་ནང་ཁུལ་གྱི་འཁྲུག་རྩོད་བསྐྱར་དུ་རྣོ་ངར་ཆེ་རུ་འགྱུར་མགོ་བརྩམས་ཡོད་ལ།
  འཁྲུག་རྩོད་ཀྱི་ཁ་གཏད་ས་དེའང་རྒྱལ་ཁབ་ཕྱི་ནང་ཚང་མས་མ་འོངས་པའི་རྒྱ་ནག་སྲིད་འཛིན་དུ་ངོས་འཛིན་བྱེད་བཞིན་པའི་ཞི་ཅིན་ཕེན་ཆགས་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༥ ཉིན་རྒྱ་གཞུང་དབུས་དམར་ཤོག་སློབ་གྲྭའི་སློབ་སྦྱོང་དུས་བབ་སྟེང་།  ༼ སྤྱི་ཚོགས་དོ་དམ་སུས་འགན་ལེན་གནང་དགོས ༽ཞེས་པའི་གནས་ཚུལ་ཞིག་སྤེལ་ཏེ། སྤྱི་ཚོགས་དོ་དམ་ནི་སྒྲིག་འཛུགས་གཅིག་ཁོ་ནས་སྟངས་འཛིན་ཐུབ་པ་ཞིག་མ་ཡིན་པར། ངེས་པར་དུ་རྣམ་པ་འདྲ་མིན་གྱི་མཉམ་ལས་ཤིག་ཡིན་པ་སོགས་བརྗོད་དེ།  ཀྲུག་ཡུང་ཁཱང་གི་དཔུང་ཤུགས་ཀྱི་གཞི་རྟེན་དུ་གྱུར་བའི་རྒྱ་གཞུང་ཁྲིམས་སྲིད་སྡེ་ཁག་གི་དབང་ཤུགས་སྲིད་གཞུང་ལ་སྤྲོད་དགོས་པའི་བསམ་ཚུལ་བཏོན་ཡོད་པ་རེད། རྒྱ་གཞུང་དམར་ཤོག་སློབ་གྲྭའི་སློབ་གཙོ་ནི་ད་ལྟའི་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞིས་ཅིན་ཕེན་ཡིན་སྟབས། དཔྱད་བརྗོད་པ་དག་གིས་དེ་ནི་ཉེ་སྔོན་གསར་ལམ་ཁག་ཏུ་རྒྱ་གཞུང་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་མི་གྲངས་ ༩ དེ་ཐེངས་རྗེས་མར་མི་གྲངས་ ༧ ལ་ཉུང་འཕྲི་བྱ་རྒྱུ་ཡིན་པའི་གནས་ཚུལ་ཐོན་པ་ལྟར། ཀྲུག་ཡུང་ཁཱང་གི་དཔུང་ཤུགས་རྒྱ་གཞུང་ཁྲིམས་སྲིད་སྡེ་ཁག་ཏེ། སྐབས་བཅོ་བརྒྱད་པའི་ཚོགས་ཆེན་རྗེས་ཆེས་མཐོའི་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་རིམ་པའི་གོ་བབ་ནས་མར་དབྱུང་འཆར་ཡིན་པ་བརྗོད་ཡོད། 

དེ་བཞིན།  ཕྱི་ཟླ་ ༦ ཚེས་ ༢༩ ཉིན། ཨ་རིའི་བྷི་ལོམ་བྷིར་(Bloomberg)གསར་འཕྲིན་དྲ་བའི་སྟེང་། རྒྱ་གཞུང་གི་སྲིད་འཛིན་གཞོན་པ་ཞི་ཅིན་ཕེན་གྱི་ནང་མི་སྤུན་མཆེད་ཀྱི་དཔལ་འབྱོར་མ་དངུལ་ཨ་སྒོར་དུང་ཕྱིར་ ༣་༦༧ ལ་སླེབས་ཡོད་དང་། ཅང་ཞིས་རྫས་འགྱུར་ས་རྩི་བཟོ་གྲྭ་ཞིག་གི་མ་དངུལ་གྱི་བརྒྱ་ཆ་ ༡༨ དང་། ཧྲིན་ཀྲིན་རྐང་དངུལ་གཏོང་འཇོག་བཟོ་གྲྭ་ཞིག་ནང་མ་དངུལ་ཨ་སྒོར་དུང་ཕྱིར་ ༣ ། པེ་ཅིན་གྱི་ཚན་རྒྱལ་བཟོ་གྲྭ་ཞིག་ཏུ་ཨ་སྒོར་ཁྲི་ ༢༠༠༠ བཅས་ཡོད་པ་མ་ཟད། ཧོང་ཀོང་དུ་ས་ཁང་ ༧ ཡོད་པའི་མ་དངུལ་བསྡོམས་འབོར་ཨ་སྒོར་ཁྲི་ ༥༥༠༠ བརྒལ་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་རེད།  དེ་མ་ཐག་རྒྱ་ནག་ནང་བྷི་ལོམ་བྷིར་གསར་འཕྲིན་དྲ་རྒྱ་བཀག་ཡོད་པ་མ་ཟད།  ཞིས་ཅིན་ཕེན་དང་ཐེ་ཙི་ཏང་སོགས་གནད་ཚིག་རྣམས་རྒྱ་ནག་གནས་འཕྲིན་དྲ་རྒྱ་ཁག་ཏུ་འཚོལ་བཤེར་མི་ཐུབ་པ་བཟོས་ཡོད་པ་རེད། 

ཞིས་ཅིན་ཕེན་ནང་མི་སྤུན་མཆེད་གྱི་དཔལ་འབྱོར་གསང་བ་ཕྱིར་གྱར་བའི་གནས་ཚུལ་དེ་ནི།  ཞིས་ཅིན་ཕེན་རང་ཉིད་དང་ཁོའི་ཆུང་མ་བུ་ཕྲུག་བཅས་ལ་ཐད་ཀར་འབྲེལ་བ་ཆགས་མེད་ཀྱང་། མ་དངུལ་གནས་ཡུལ་དང་དངུལ་འབོར་སོགས་ཧ་ཅང་ཞིབ་ཕྲ་ཡིན་པར་མ་ཟད། རྒྱ་གཞུང་གི་དཔོན་རིགས་གསར་རྙིང་བརྗེ་སྤོར་གྱི་སྐབས་བཅོ་བརྒྱད་པའི་ཚོགས་ཆེན་སླེབས་ལ་ཉེ་བའི་གནད་འགག་གི་དུས་ཚོད་ཅིག་ལ་གློ་བུར་དུ་བྱུང་བ་དང་། དེ་བཞིན། ཕྱི་ཟླ་ ༥ ཚེས་ ༡༡ ཉིན་རྒྱ་ནག་བདུན་རེ་གསར་དེབ་སྟེང་པའོ་ཞིས་ལེ་ཡི་ཆུང་མའི་སྤུན་མཆེད་ཀུའུ་ཞིས་ཅཱང་གིས་བཟོ་གྲྭ་ ༢༠ ལྷག་ལ་སྟངས་འཛིན་བྱས་ཡོད་པ་དང་། ཁོ་མོའི་མ་དངུལ་ཨ་སྒོར་དུང་ཕྱིར་ ༡་༢༦ ལ་སླེབས་ཡོད་སྐོར་གྱི་གནས་ཚུལ་ཕྱིར་གྱར་བ་དེ་དང་ཁ་གཏད་དུ་གྱུར་བའི་གནས་ཚུལ་ཞིག་ཆགས་ཡོད་སྟབས། གནས་ཚུལ་དེའི་རྒྱབ་ལྗོངས་སུ་རྒྱ་ནག་དཔོན་རིགས་ནང་ཁུལ་དབང་ཤུགས་འཐབ་རྩོད་ཀྱི་རྙིང་ཟིང་ཆེན་པོ་ཞིག་ཡོད་པའི་ཚོད་བགམ་བྱེད་བཞིན་ཡོད་པ་རེད། 

གནས་ཚུལ་དེའི་ཐད་སྐབས་དོན་དཔྱད་བརྗོད་པ་ཁྲིན་པའོ་ཁུང་གིས།  ཉེ་སྔོན་ཕྱི་ཟླ་ ༦ ཚེས་ ༢༦ ཉིན་ཀྲུག་ཡུང་ཁཱང་གིས་རྒྱ་ནག་ཏཱ་ལེན་དུ་ཚོགས་པའི་རྒྱལ་སྤྱིའི་རུལ་སུངས་བཀག་སྡོམ་མཉམ་འབྲེལ་ཚོགས་འདུ་ཐེངས་བཞི་བའི་སྟེང་། མ་དངུལ་ཕྱིར་གཏོང་རུལ་སུངས་ཀྱི་ནག་ཉེས་བཀག་སྡོམ་སྐོར་གྱི་གཏམ་བཤད་སྤེལ་ཏེ།  ཉིན་གསུམ་གྱི་རྗེས་ཏག་ཏག་ལ་ཞིས་ཅིན་ཕེན་གྱི་ནང་མིའི་མ་དངུལ་གྱི་གསང་བ་ཕྱིར་གྱར་བ་དེ་ནི།  རང་བཞིན་གྱིས་སྟབས་འཁེལ་བ་ཞིག་ཡིན་མི་སྲིད་ལ།  ཀྲུག་ཡུང་ཁཱང་གིས་རྒྱ་གཞུང་ཁྲིམས་སྲིད་ལྷན་ཁང་དུ་ལོ་མང་རིང་ལས་ཀ་སྒྲུབ་པའི་རིང་། རྒྱ་གཞུང་མཐོ་རིམ་དཔོན་རིགས་ཀྱི་གསང་བ་མང་པོ་ཞིག་སྔོག་བཤེར་བྱས་ཡོད་པར་བརྟེན།  དེ་ནི་ཅང་ཙེ་མཱེན་དང་ཀྲུག་ཡུང་ཁཱང་གིས་ཞིས་ཅིན་ཕེན་ལ་གནོན་ཤུགས་སྤྲོད་ཀྱིན་པའི་རྣམ་འགྱུར་ཡིན་ལ།  དེ་ཡང་གཙོ་བོ་ཞིས་ཅིན་ཕེན་གྱི་ཕ་རྒན་ནི་བཅོས་བསྒྱུར་གྱི་ལམ་ཕྱོགས་འཛིན་མཁན་ཞིག་དང་།  དྲུག་བཞི་སློབ་མའི་དྲག་གནོན་ཐད་ངོ་རྒོལ་གནང་མཁན་གྱི་གྲས་ཡིན་པར་མ་ཟད། ཞིས་ཅིན་ཕེན་གྱི་སྤུན་མཆེད་ནང་མི་ཚང་མ་ཕྱིའི་རྒྱལ་ཁབ་དག་ནང་གནས་སྡོད་བྱས་སྟབས། ཕ་རྒན་ཞིས་ཀྲུང་ཞོན་དང་ནང་མིའི་གནས་སྟངས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས།  ཞིས་ཅིན་ཕེན་གྱིས་སྲིད་བཟུང་རྗེས་རྒྱ་ནག་ནང་ཆབ་སྲིད་བསྒྱུར་བཅོས་ཡོང་རྒྱུར་རེ་བ་ཤུགས་ཆེན་པོ་གནང་གི་ཡོད་པར་བརྟེན།  མང་ཚོགས་ཀྱི་མཐོང་སྣང་དེ་ནག་བསུབ་གཏོང་ཆེད་དང་ཞིས་ཅིན་ཕེན་ལའང་སྒེར་གྱི་རུལ་སུངས་ནག་ཉེས་ཕྱིར་འདོན་སྲིད་པའི་ཉེན་བརྡ་ཞིག་ཡིན་ཚུལ་བརྗོད་འདུག 

ཞིས་ཅིན་ཕེན་གྱི་ཕ་རྒན་འདས་པོ་ཞིས་ཀྲུང་ཞོན་གྱིས་དེ་སྔོན་རྒྱ་གཞུང་གི་སྲིད་བློན་གཞོན་པ་དང་ཆབ་སྲིད་ལྷན་ཁང་གི་འཐུས་མི། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཚོགས་གཙོ་གཞོན་པ་བཅས་ཀྱི་ལས་འགན་ཁུར་མྱོང་ཡོད་ལ། རིག་གསར་སྐབས་ཁོ་ལོ་ ༡༦ ནང་བཙོན་འོག་བསྡད་མྱོང་ཡོད་པ་རེད། ད་ལྟ་ཞིས་ཅིན་ཕེན་ལ་ཕ་གཅིག་མ་གཅིག་གི་མིང་སྲིང་བཞི་ཡོད་པའི་ནང་ནས། སྲིང་མོ་ཆིས་ཆོ་ཆོ་ནི་ཁ་ན་ཊའི་མི་སེར་ཡིན་པ་དང་།  སྲིང་མོ་ཆིས་ཨན་ཨན་དང་ནུ་བོ་ཞིས་ཡོན་ཕེན་གཉིས་ནི་ཨོ་ཏ་ལི་ཡའི་རྒྱུན་སྡོད་ཡུལ་མི་ཡིན། ཞིས་ཅིན་ཕེན་གྱི་བུ་མོ་ཞིས་མཱེན་ཡིས་ད་ལྟ་ཨ་རིའི་ཧ་ཝར་ཌི་མཐོ་སློབ་ནང་སློབ་སྦྱོང་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༦ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༩ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༡༠ སྔོན་ལ།
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

མཆན། 1

  1. ལྐོག་ཤེས་ says:
    ལོ་ 14 སྔོན།

    བོད་པ་ཚོས་ཞིས་ཅིན་ཕེན་ལ་ཡང་རེ་ཆེན་པོ་ཞིག་བྱེད་གི་ཡོད་པ་འདྲ། ཀྲུག་རྩ་མེད་འགྲོ་ན་བསམ་གི་འདུག ཡང་བོད་རེ་བའི་ཕོང་གི་རེད། དེ་ལས་ཀྲུང་ཡུང་ཁང་རྩ་མེད་བཟོ་མི་ཉན། ཞིས་ཕྱོགས་ཁག་དང་ཀྲུག་ཕྱོགས་ཁག་གི་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་བྱས་ནས་རྒྱ་གཞུང་འཐོར་བཤིག་ལ་འགྲོ་དགོས། ད་དུང་མུ་འཐུད་ནས་སྐུ་ཞབས་ཀྲུག་ལགས་ཀྱིས་རང་གི་དབང་ཆ་བརྟན་གནས་ཆེད་དགྲ་བོའི་རུལ་སུང་གི་ཚང་རློག་གི་རེད། གཅིག་བྱས་ན་ཧོ་ཅིན་ཐོས་བོད་ཀྱི་པཎ་ཆེན་བླ་མ་དུག་བྱིན་ནས་ལྐོག་དཀྲོངས་བྱས་པ་བཤད་སྲིད་གི་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese