མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སེ་རི་ཡའི་འདམ་ག

བོད་ཀྱི་དུས་བབ།
༢༠༡༢/༠༧/༠༩
Share on FacebookShare on TwitterShare on EmailShare on Whatsapp


གཟའ་ཉི་མའི་ཉིན་རྒྱལ་ཚོགས་དམིགས་བསལ་
སྐུ་ཚབ་ཀཱོ་ཧྥེ་ཨན་ནན་དང་། སེ་རི་ཡའི་སྲིད་འཛིན་བྷ་ཤར་གཉིས་ཐུག་འཕྲད་བྱས་ཏེ། བྷ་ཤར་གྱིས་ཨན་ནན་གྱི་ཞི་བའི་དོན་ཚན་ ༦ ལ་ཁས་ལེན་བྱས་ཡོད་པ་དང་། ད་སྔ་ལེགས་འགྲུབ་མ་བྱུང་པའི་རྒྱུ་རྐྱེན་ནི་ཨ་རི་སོགས་དོན་ཚན་དེ་དག་ལ་ལོག་འགྲེལ་བརྒྱབ་པས་ཡིན་ཚུལ་བརྗོད་འདུག

ཕྱི་ཚེས་ ༨ ཉིན་ཨ་རབ་མཐུན་ཚོགས་དང་རྒྱལ་ཚོགས་ཀྱི་དམིགས་བསལ་འཐུས་མི་རྒྱལ་ཚོགས་དྲུང་ཆེ་ཟུར་པ་ཀཱོ་ཧྥེ་ཨན་ནན་(Kofi Annan) སེ་རི་ཡའི་རྒྱལ་ས་ཌ་མཱ་སི་ཁཱུ་སིར་(Damascus)བསྐྱོད་དེ། སྲིད་འཛིན་བྷ་ཤར་དང་ལྷན་དུ་སེ་རི་ཡའི་ཟིང་འཁྲུག་ཞི་འཇགས་ཡོང་རྒྱུའི་སྐོར་ལ་གྲོས་མོལ་བྱས་ཡོད། ཨན་ནན་གྱིས་འདི་ལོའི་ཕྱི་ཟླ་ ༣ པ་ནས་སེ་རི་ཡའི་ཟིང་འཁྲུག་མཚམས་འཇོག་རྒྱུ་དང་། རྒྱལ་སྤྱིའི་རྟོག་ཞིབ་མི་སྣ་སེ་རི་ཡའི་ནང་གཏོང་རྒྱུ། ད་ལྟའི་སེ་རི་ཡའི་ཆབ་སྲིད་ཀྱི་གནད་དོན་སྐོར་ལ་ནང་ཁུལ་གྱི་ཤོག་ཁག་དག་དང་ཞི་འགྲིག་གྲོས་མོལ་བྱ་དགོས་པ་སོགས་དོན་ཚན་ ༦ བཏོན་ཏེ། བྷ་ཤར་དང་ཐེངས་འགར་གྲོས་བསྡུར་བྱས་ཀྱང་གྲུབ་འབྲས་ཐོན་མེད་ཀྱང་། ཐེངས་འདིར་བར་ཆད་མང་པོ་ཡོད་སྲིད་ཀྱང་བྷ་ཤར་གྱིས་གྲོས་དོན་ཁག་སྟོང་ཟད་དུ་མ་འགྲོ་བ་བྱ་དགོས་པའི་སྐུལ་མ་བཏང་འདུག བྷ་ཤར་གྱིས་ཨན་ནན་ལ་སེ་རི་ཡའི་ཟིང་འཁྲུག་མཇུག་བསྒྲིལ་རྒྱུར་སྲིད་ཇུས་གཉིས་འཛིན་རྒྱུ་ཡིན་ཚུལ་བརྗོད་པ་ལས་གཅིག་ནི། སེ་རི་ཡའི་ནང་གི་དྲག་སྤྱོད་པ་ཚར་གཅོད་བྱ་རྒྱུ་དང་། དེ་ནས་ཆབ་སྲིད་ཀྱི་ལྟ་གྲུབ་མ་འདྲ་བའི་ཁ་གཏད་ཕྱོགས་ཁག་ཚོ་དང་གྲོས་མོལ་བརྒྱུད་གཞུང་གི་སྲིད་ཇུས་ལ་བཅོས་སྒྱུར་བྱ་རྒྱུ་གཉིས་རེད།  

ཉིན་དེའི་གྲོས་བསྡུར་སྐབས་སྲིད་འཛིན་བྷ་ཤར་གྱིས་ཨན་ནན་གྱི་ཞི་འགྲིག་དོན་ཚན་ ༦ དེ་ཧ་ཅང་ཡག་པོ་ཡོད་ཀྱང་། ད་སྔ་ལག་བསྟར་འཁྱོལ་མ་ཐུབ་པའི་རྒྱུ་རྐྱེན་ནི། ཨ་རི་གཙོས་པའི་རྒྱལ་ཁབ་ཁག་ཅིག་གིས་དོན་ཚན་ ༦ ལ་འགྲེལ་ལོག་བརྒྱབ་སྟེ། སེ་རི་ཡའི་ནང་ཁོང་ཚོའི་ཆབ་སྲིད་ཀྱི་ཐེ་ཇུས་བསླེབ་ཐབས་བྱས་པ་ལས་བྱུང་ཡོད་ཚུལ་དང་། སྲིད་དབང་འཕོ་འགྱུར་ཐད་ཁོང་གིས་སེ་རི་ཡར་སྔར་ནས་གཞུང་གཅིག་ཡོད་པས་གཞུང་གཞན་པ་ཞིག་ཡོང་ཐབས་མེད་པ། ས་གནས་སྲིད་གཞུང་ཐད་ནས་སྔ་ལོའི་ཕྱི་ཟླ་ ༡༢ ནང་རྒྱལ་ཡོངས་འོས་བསྡུ་བྱས་སྐབས་ཁ་གཏད་ཚོགས་པ་དག་ལ་འོས་ཤོག་གང་འཚམ་ཐོབ་ཡོད་པ་དང་། ཁོང་ཚོར་འོས་ཤོག་མང་པོ་ཐོབ་མ་ཐུབ་པ་དེ་འོས་འཕེན་མཁན་གྱི་རྒྱབ་སྐྱོར་ལ་རག་ལས་ཡོད་པ་ལས་གཞུང་ལ་སྐྱོན་བརྗོད་བྱ་གཞི་གང་ཡང་ལྷག་མེད་ཚུལ། ཨ་རིས་སེ་རི་ཡའི་གྱེན་ལངས་པར་དངུལ་དང་མཚོན་ཆ་མཁོ་སྤྲོད་བྱེད་ཀྱི་ཡོད་པ་མ་ཟད། ཕྱི་ཕྱོགས་དྲག་སྤྱོད་པ་སེ་རི་ཡའི་ནང་བཏང་སྟེ་ཆེད་དུ་ཟིང་འཁྲུག་རྒྱ་སྐྱེད་ཀྱིས་སེ་རི་ཡའི་རྒྱལ་ཁོངས་བརྟན་བརླིང་ལ་གཏོར་བཤིག་གཏོང་གི་ཡོད་པ། སེ་རི་ཡའི་ནང་གི་དྲག་སྤྱོད་པ་འཛིན་བཟུང་བྱས་པའི་ཁྲོད་ཊའུ་ནེ་ཤི་ཡ་(Tunisia) དང་། ལཱེ་བྷེ་ཡ་(Lybia) སོགས་ནས་ཆེད་དུ་ཡོང་པ་དེ་དག་ཨ་རིའི་རྒྱུད་སྐུལ་འོག་ཡོང་པ་རྐྱང་ཡིན་ཚུལ་སོགས་བརྗོད་འདུག

གཟའ་ཉི་མའི་ཉིན་བྷ་ཤར་གྱིས་ཨ་རིས་སེ་རི་ཡའི་ཟིང་འཁྲུག་ལ་རྒྱུད་སྐུལ་བྱེད་ཀྱི་ཡོད་པའི་ཐེར་འདེན་བྱས་འཕྲལ། ཨ་རིའི་རྒྱལ་དོན་དྲུང་ཆེ་ཧེ་ལཱ་རི་ཡིས་སེ་རི་ཡའི་སྲིད་དབང་མཇུག་སྒྲིལ་རྒྱུར་ཉི་མ་གྲངས་ཀ་རྒྱག་བཞིན་པ་དང་། དེ་ནི་ཚགས་སྣོད་ནང་གི་བྱེ་མ་ལྟ་བུ་ཞིག་ཏུ་གྱུར་ཡོད་ཚུལ་གྱི་ལན་འདེབས་བྱས་འདུག གཞན་རྒྱལ་ཚོགས་དྲུང་ཆེ་བྷན་ཀེ་མོན་གྱིས་ཀྱང་ད་ཆར་སེ་རི་ཡའི་ནང་དྲག་གནོན་ཤུགས་ཆེ་རུ་གྱུར་ཏེ་གནས་བབ་ཛ་དྲག་ཆགས་ཡོད་པ་དང་། མི་གསོད་ཁྲག་སྦྱོར་མུ་མཐུད་འབྱུང་བཞིན་པ་བཅས་ཀྱིས་སེ་རི་ཡའི་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་སྡུག་ཤོས་སུ་གྱུར་ཡོད་པ། ད་ལྟའི་སེ་རི་ཡའི་གནས་བབ་དེ་མུ་མཐུད་འགྲོ་ཐབས་མེད་པ་དང་གཞི་རིམ་གྱི་བཅོས་སྒྱུར་ལ་གཡོལ་ཐབས་མེད་པ་ཞིག་ཆགས་ཡོད་པ་ནི་སྲིད་འཛིན་བྷ་ཤར་གྱིས་ངེས་པར་དུ་ཤེས་རྟོགས་ཐུབ་དགོས་པར་བརྗོད་འདུག

སོ་ངྷི་ཨ་རབ་(Saudi Arabia) དང་། ཁཱ་ཐར་(Qatar)། ཊུར་ཀེ་(Turkey) བཅས་ཀྱིས་སེ་རི་ཡའི་གྱེན་ལངས་པ་ཚོར་མུ་མཐུད་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། རཱ་ཤི་ཡ་དང་རྒྱ་ནག ཨེ་རན་སོགས་ཀྱིས་མུ་མཐུད་བྷ་ཤར་གཞུང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། སེ་རི་ཡའི་གཞུང་ལ་ཨེ་རན་གཞུང་གིས་རོགས་དམག་བཏང་ཡོད་པའི་སྐོར་ལ་གླེང་སློང་ཤུགས་ཆེན་ཡོང་གི་ཡོད།

ཨ་རབ་གླིང་ཊུ་ནེ་ཤི་ཡ་དང་ཨི་ཇིབ། ལཱེ་བྷེ་ཡ་སོགས་ཀྱི་གསར་བརྗེ་ལམ་ལྷོངས་ཆེན་པོ་བྱུང་ཡོད་ཀྱང་། སེ་རི་ཡ་ད་དུང་རྒྱུན་གནས་ཐུབ་པའི་ཐད་ཆབ་སྲིད་དཔྱད་བརྗོད་པ་ཚོས། རཱ་ཤི་ཡ་དང་རྒྱ་ནག་གིས་སེ་རི་ཡའི་ནང་ཎ་ཊོ་དང་རྒྱལ་ཚོགས་ཀྱི་དམག་དཔུང་གཏོང་རྒྱུར་ངོ་རྒོལ་བྱས་སྟབས། ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཐད་ཀར་སེ་རི་ཡའི་ནང་དྲག་ཤུགས་བེད་སྤྱོད་མ་ཐུབ་པས་ཡིན་ལན་ཚུལ་གླེང་། ཨ་རབ་མཐུན་ཚོགས་དང་ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཕལ་ཆེ་བས་སེ་རི་ཡའི་གནད་དོན་སྐོར་གླེང་སྐབས། ཨང་དང་པོ་སྲིད་དབང་སྒེར་སྤྱོད་པ་བྷ་ཤར་སྲིད་སྟེགས་ལས་ཕྱིར་འཕུད་གཏོང་རྒྱུ་དེ་ཡིན་པ་དང་། རཱ་ཤི་ཡ་དང་རྒྱ་ནག་སོགས་བྷ་ཤར་གྱི་ཤོག་གཏོགས་དག་གིས་བྷ་ཤར་ཕྱིར་འཕུད་གཏོང་རྒྱུའི་ལངས་ཕྱོགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད།  

ཆབ་སྲིད་དཔྱད་བརྗོད་པ་ཁག་ཅིག་གིས་སེ་རི་ཡའི་གནད་དོན་ཐག་གཅོད་རྒྱུར་གདམ་ཀ་གཉིས་ལས་མེད་པ་དང་། གཅིག་ནི་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་ནང་སེ་རི་ཡའི་ཟིང་འཁྲུག་ཞི་འཇགས་གཏོང་ཕྱིར་རྒྱལ་སྤྱིའི་དམག་དཔུང་སེ་རི་ཡའི་ནང་གཏོང་རྒྱུའི་གྲོས་གཞིར་རཱ་ཤི་ཡ་དང་རྒྱ་ནག་གི་རྒྱབ་སྐྱོར་འཐོབ་ཐབས་བྱ་དགོས་པ་དང་། དེ་མ་འཐོབ་ཚེ་བྷ་ཤར་སྲིད་སྟེགས་ལས་འཕུད་མ་དགོས་པའི་གནས་བབ་འོག་གཞུང་གི་ཆབ་སྲིད་ལ་བཅོས་སྒྱུར་ཡོང་ཐབས་བྱ་རྒྱུ་གཉིས་ལས་ལམ་ཁ་གཞན་མེད་ཚུལ་བཤད།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

རང་བཙན་གོམ་བགྲོད་གནང་མཁན་ཚེ་རིང་མཐར་ཕྱིན་ལགས་ཅན་དྷི་སྒར་དུ་འབྱོར་འདུག

ཆུ་ཚོད་ ༩ སྔོན་ལ།
བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་འདུ་ཐེངས་ ༢༤ པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

 བྱང་ཨ་རིའི་བོད་རིགས་ཚོགས་པ་ཁག་གིས་ཚོགས་ཆེན་འཚོགས།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

གཞུང་འབྲེལ་མིན་པའི་ཚོགས་སྡེ་ལྔ་ཡིས་ཞི་ཅིན་ཕིན་ལ་བསྒྲགས་གཏམ་སྤེལ།

༢༠༢༦/༠༩/༠༨
UN High Commissioner for Human Rights Volker Turk  Photo : Tawazon
Mobile App

འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༣ སྟེང་བོད་དོན་གླེང་སློང་བྱས།

༢༠༢༦/༠༩/༠༨
ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་གནམ་ཐང་དུ། AP གསར་ཁང་གི་པར།
Mobile App

རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག

༢༠༢༦/༠༩/༠༧
India, China to Hold First Corps Commander-Level Talks Today at Wacha Along LAC in Arunachal Pradesh | Image: X
Mobile App

རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་བྱས། 

༢༠༢༦/༠༩/༠༧

མཆན། 1

  1. རོ་ལངས། says:
    ལོ་ 14 སྔོན།

    ཨ་མེ་རི་ཁ་འདི་ཐལ་དྲག་ཐག་ཆོད་སོང་། སོ་སོའི་འདོད་པ་དང་མི་བསྟུན་པའི་གཞུང་ཞིག་ཡིན་ཕྱིན་མི་དམངས་ལ་ངན་བསྐུལ་དང་། མཚོན་ཆ་མཁོ་འདོན། ཐ་ན་གོ་སྐབས་རིག་མ་ཐག་དམག་རྒྱག་རྐྱང་རེད། འདི་ནི་ནང་སྲིད་ལ་ཐེ་གཏོགས་ཚ་ཐག་ཆོད་པ་མ་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese