མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཁྲུངས་སྐར་གྱི་དམ་བཅའ།

བོད་ཀྱི་དུས་བབ།
༢༠༡༢/༠༧/༡༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༥༦༠ སྟེང་གི་རྩོམ་སྒྲིག་པའི་གཏམ།

ཁྱོད་ཀྱི་འཁྲུངས་སྐར་ལ་དགའ་སྤྲོ་དང་སྐྱོ་གདུང་ཟུང་འབྲེལ་གྱི་རྟེན་འབྲེལ་ཞུ། ཁྱེད་ཀྱི་འཁྲུངས་སྐར་ལ་རེ་ལྟོས་དང་གནོང་འགྱོད་ལྷན་གཅིག་གི་བསངས་གསོལ་གཏོང་། ཁྱེད་ཀྱི་འཁྲུངས་སྐར་ལ་བློ་སྤོབས་དང་འཇིགས་སྣང་ཉིས་འདྲེས་ཀྱི་སྐོར་བྲོ་འཁྲབ། ད་ལོ་ཕྱི་ལུགས་ལྟར་རྩིས་ན་ཁྱེད་ཉིད་དགུང་གྲངས་ ༧༧ ལ་ཕེབས་པ་རེད། ད་བར་ཁྱེད་ཀྱི་འཁྲུངས་སྐར་ཐེངས་ ༥༣ ཙམ་བཙན་བྱོལ་ནས་གཏོང་དགོས་བྱུང་ཡོད། ཁྱེད་ཀྱིས་ང་ཚོ་དང་ལྷན་དུ་མི་ཡུལ་ནས་སྤྲང་འཁྱམས་ཀྱི་འཚོ་བ་རོལ་ནས་མི་ལོ་ང་གསུམ་ཕྱིན་སོང་། ད་དུང་ཐེངས་ཅི་ཙམ་ལ་ཁྱེད་ཀྱི་འཁྲུངས་སྐར་ང་ཚོས་མི་ཡུལ་ནས་གོ་སྒྲིག་ཞུ་དགོས་སམ། ད་ལོ་ནི་ཁྱེད་ཀྱི་ཆབ་སྲིད་ཐུགས་འགན་སྤྱི་གཞུང་ལ་བཞག་སྟེ་འཁྲུངས་སྐར་རོལ་ཐེངས་དང་པོ་དེ་ཡིན་ལ། བཙན་བྱོལ་ནས་འཁྲུངས་སྐར་རོལ་ཐེངས་མཐའ་མ་དེ་ཡང་ཡིན་པར་ཤོག

    ༸གོང་ས་མཆོག་གིས་སྐྱེས་སྐར་དང་ལོ་གསར་སོགས་ལ་དམིགས་བསལ་མི་མཛད་ཅིང་། བོད་མི་ཚོར་ཡང་ཐེངས་ཁ་ཤས་ལ་འཁྲུངས་སྐར་ལ་དགའ་སྟོན་བྱེད་པ་ལས། སྒེར་སོ་སོའི་ངོས་ནས་དམ་བཅའ་གནང་དགོས་པ་མང་པོ་ཞིག་ཡོད་པ་དྲན་སྐུལ་མཛད་ཡོད། ༡༩༩༥ ལོར་༧གོང་ས་མཆོག་དགུང་གྲངས་དྲུག་ཅུ་བཞེས་པའི་འཁྲུངས་སྐར་ཐོག ང་རང་སྒེར་ངོས་ནས་སྐྱེས་སྐར་དང་ལོ་གསར་སོགས་དམིགས་བསལ་ཞིག་ཏུ་རྩི་གི་མེད། ཉི་མ་རེ་རེ་བཞིན་ཉི་མ་གསར་པ་དང་སྐྱེས་སྐར་དུ་ངོས་འཛིན་གྱིས་ལུས་ངག་ཡིད་གསུམ་ནས་མགོ་འཛུགས་གསར་པ་བྱེད་ཀྱི་ཡོད་གསུངས་ཡོད། ད་ལོ་ཡང་བསྐྱར་འཛམ་གླིང་ཐོག་སྐྱེས་སྐར་གལ་ཆེན་དུ་བརྩི་སྲོལ་ཡོད་ཀྱང་། བོད་པ་ཚོས་གལ་ཆེན་དུ་མི་བརྩི་ལ། ཁོང་སྒེར་ངོས་ནས་ཀྱང་གལ་ཆེན་པོར་གང་ཡང་བརྩི་གི་མེད། ཞོཊ་པ་ཡར་ལངས་པ་དང་ཉི་མ་གསར་པ་རེ་འཆར་ཏེ་སྐྱེས་སྐར་རེ་ཆཊ་ཀྱི་ཡོད། གལ་ཆེ་ཤོས་དེ་ང་རང་གིས་ཉིན་རེའི་མི་ཚེ་དེ་མི་གཞན་ལ་ཕན་ཐོཊ་པ་ཞིག་དང་། གལ་སྲིད་ཕན་མ་ཐོཊ་ཀྱང་གཞན་ལ་གནོད་མི་སྐྱེལ་བའི་དམ་བཅའ་འཇོག་གི་ཡོད་ཅེས་གསུངས།

    དེ་རིང་ང་ཚོས་དམ་བཅའ་ཞིག་འཇོག་དགོས། ༧གོང་ས་མཆོག་དགུང་གྲངས་ ༧༨ ལ་ཕེབས་པའི་འཁྲུངས་སྐར་དེ་བོད་ཀྱི་རྒྱལ་ས་ལྷ་ས་ནས་གཏོང་ཐུབ་པ་བྱ་རྒྱུའི་དམ་བཅའ་འཇོག་དགོས། གཞུང་དང་མི་མང་། མི་སྒེར་སོ་སོའི་སྙིང་ལ་འཇོག་དགོས། དུས་རབས་ཕྱེད་ལྷག་ཕྱིན་པའི་བོད་དོན་བརྒས་འཁོགས་རྒྱལ་སྤྱིའི་སྟེང་ནས་ཡལ་ཉེན་འདུག ལོ་རྒན་དོན་བདུན་བཞེས་པའི་ཡིད་བཞིན་ནོར་བུ་བོད་མིའི་ལག་ནས་འཆོར་ཉེན་འདུག ང་ཚོས་རང་དབང་ལུང་པར་ཁྱེད་ཀྱི་འཁྲུངས་སྐར་སྤྲོ་དགས་རོལ་ཏེ་ལོ་ཟླ་འཁྱོལ་ཡང་། བོད་ནང་རང་ལུས་རིན་ཆེན་མེ་རུ་བསྒྲོན་ཏེ་ཁྱོད་ཉིད་དྲན་པའི་འབོད་སྒྲ་བར་མཚམས་ཆད་ཀྱི་མེད། ཁྱོད་ཀྱི་འཁྲུངས་སྐར་སྲུང་གཙིའི་བསངས་དུད་དང་དྲག་ཆས་དམག་གི་མཚོན་ཁའི་མེ་ལྕེ་མཉམ་དུ་མཆེད་པའི་ཉིན་མཚན་འཁྱོལ་གྱི་མེད། 

            སྐྱེ་པ་ཡོད་ཚད་འཆི་བའི་སྡོང་རྩ་ན་གྲིབ་བསིལ་བསྟེན་ཞིང་། དར་བ་ཡོད་ཚད་རྒུད་པའི་བྲག་སྐྱིབས་ན་རྐང་མལ་གསོ་ཟེར་བ་བཞིན། ལོ་རེའི་འཁྲུངས་སྐར་ཉིན་གྱི་ཞོགས་པའི་སྐྱ་རེངས་དང་པོ་དེས་བོད་མི་སྤྱི་བྱིངས་ལ་ཚ་འདྲི་སློང་གི་ཡོད། འཇིགས་སྣང་སྐུལ་གྱི་ཡོད། “ཉིན་མོར་བྱེད་པས་ཀྱང་སྐྱ་རེངས་མོག་པོ་དེ་ཕར་ལ་བསྐྲད་མཐར་མུན་ནག་གི་མཚན་མོ་རིང་བོ་རེ་ཚུར་དྲུད་ནས་འོང་པས་ན། ད་ནི་འོད་སྣང་གི་བསླུ་བྲིད་ལའང་ཡིད་ཆེས་བྲལ་སོང་” ཞེས་སྐྱེས་སྐར་ལ་དགའ་བ་སྒོམ་རིན་མེད་པར་སྐྱེས་པའི་མཐའ་རུ་འཆི་བ་ཞིག་ཀྱང་མཆོང་ནས་ཡོང་གི་ཡོད་པ་དང་། ཞོགས་པའི་སྐྱ་རེངས་འཆར་བར་ཡང་དུང་བ་སྐྱེས་རིན་མེད་པར་ཉིན་མོའི་སྣེ་རུ་རྔམ་ནག་གི་མཚན་མོ་ཞིག་ཀྱང་དྲུད་ནས་ཡོང་གི་ཡོད། དད་པ་དག་སྣང་ཅན་གྱི་བོད་མི་རེ་ཟུང་གིས་ཁྱེད་ཉིད་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལས་ཡོངས་སུ་གྲོལ་བ་མངོན་སུམ་དུ་མཐོང་ཡོད་སྲིད་ཀྱང་ང་དང་ང་འདྲའི་གང་ཟག་དག་གིས་བཟོད་ཐབས་མི་འདུག སྒུག་ལོང་མི་འདུག ང་ཚོས་༧གོང་ས་མཆོག་གི་འཁྲུངས་སྐར་རྒྱལ་ས་ལྷ་སར་གཏོང་ཐུབ་པར་དམ་བཅའ་འཇོག་དགོས།

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese