མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་སློབ་འཛིན་ཚོཊ་ཀྱི་དགེ་ལས་རྣམ་པའི་ཐོབ་ཐང་རང་འཇགས་ཡིན།

བོད་ཀྱི་དུས་བབ།
༢༠༡༢/༠༧/༡༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གཟའ་མིག་མར་ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་རྒྱ་གར་དབུས་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་བོད་མིའི་སྒྲིག་འཛུགས་ལ་རྩིས་སྤྲོད་གནང་བའི་རྒྱབ་ལྗོངས་དང་། རྩིས་ལེན་གནང་རྗེས་ཀྱི་དགེ་ལས་རྣམ་པའི་ཐོབ་ཐང་གི་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་གནང་ཡོད།  

དེ་རིང་ཕྱི་ཚེས་ ༡༠ ཉིན་གྱི་ཞོགས་པར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་ཤེས་རིག་ལས་ཁུངས་ཀྱིས། རྒྱ་གར་དབུས་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་བོད་མིའི་སྒྲིག་འཛུགས་ལ་རྩིས་སྤྲོད་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་ཡོད་ཅིང་། དེར་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་གཙོས། ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་སྟོབས་རྒྱལ་ཚེ་རིང་ལགས་དང་ཟུང་དྲུང་ཚེ་རིང་ཕུན་ཚོགས་ལགས། ཟུང་དྲུང་ཀརྨ་སྨོན་ལམ་ལགས། དེ་བཞིན། གཞུང་ཞབས་ལས་བྱེད་དང་གསར་འགོད་པ་བཅས་འདུ་འཛོམས་བྱུང་ཡོད། 

སྐབས་དེར་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་རྒྱ་གར་དབུས་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་བོད་མིའི་སྒྲིག་འཛུགས་ལ་རྩིས་སྤྲོད་དང་འབྲེལ་བའི་ཡིག་ཐོག་གི་གསལ་བསྒྲགས་ཤིག་བསྐྱངས་བའི་རྒྱབ་ལྗོངས་གནས་ཚུལ་ནང་། བོད་སློབ་འཛིན་ཚོགས་ཁྱབ་ཁོངས་གཏན་ཉིན་སློབ་གྲྭ་ཁག་གི་ཤེས་ཡོན་གནས་ཚད་དང་བདེ་དོན་གང་ཅིའི་ལྟ་རྟོག་འཐུས་གཙང་ཡོངས་ཐབས་སུ། སློབ་ཁག་རྣམས་རང་ཕྱོགས་ལ་རྩིས་སྤྲོད་གནང་སླད་ཤེས་རིག་ལས་ཁུངས་ནས་སྔ་རྗེས་འབད་བརྩོན་གནང་ཡོད་པ་དང་། བོད་ཚོགས་འགན་འཛིན་ལྷན་ཚོགས་ནང་ལན་མང་བཀའ་བསྡུར་ཡང་ཞུས་མྱོང་ཡོད། ལྷག་པར་བཀའ་ཤག་སྐབས་བཅུ་བཞི་པས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ཐུགས་འགན་བཞེས་པ་ནས་བཟུང་། དཔལ་ལྡན་བཀའ་ཁྲི་མཆོག་ནས་བོད་སློབ་འཛིན་ཚོགས་ཀྱི་ཚོགས་གཙོས་དབུས་རྒྱ་གར་མཐོ་རིམ་མི་སྣ་ཁག་མཇལ་འཕྲད་དང་མཇུག་གནོན་མུ་མཐུད་ཞུ་འབྲས་བཅས་སུ། ཉེ་དུས་བོད་སློབ་འཛིན་ཚོགས་ནས་སློབ་ཁག་རྩིས་ལེན་གནང་ཕྱོགས་སྐོར་ཞིབ་ཕྲའི་འཆར་འབུལ་དགོས་ལུགས་གསུངས་དོན་ལྟར། འདི་ལས་ནས་ཕྱི་ལོ་ ༢༠༡༢ ཟླ་ ༥ བའི་ཚེས་ ༨ ཉིན་ཞིབ་འཆར་འབུལ་ལམ་ཞུས་ཡོད།

བོད་སློབ་འཛིན་ཚོགས་ཁྱབ་ཁོངས་སུ་ད་ལྟའི་ཆར་འཛིན་རིམ་བཅུ་གཉིས་ཅན་གྱི་སློབ་གྲྭ་ ༩ དང་བཅུ་བ་སློབ་གྲྭ་ ༦ ། གཞི་རིམ་བར་མའི་སློབ་གྲྭ་ ༧ ། གཞི་རིམ་འོག་མའི་སློབ་གྲྭ་ ༧ ། སྔོན་སློབ་ ༣༤ བཅས་ཡོད་པའི་ནང་ཁྱོན་བསྡོམས་སློབ་མ་གྲངས་ ༧༥༥༥ དང་དགེ་ལས་གྲངས་ ༧༦༡ ཙམ་ཡོད། ད་ལེན་དབུས་བོད་སློབ་འཛིན་ཚོགས་ནས་ཀྱང་རྩིས་སྤྲོད་རྒྱབ་གཉེར་དང་འབྲེལ། རྒྱ་གར་དབུས་མིའི་ནུས་ཤུགས་དང་ཐོན་ཁུངས་ཡར་རྒྱས་བློན་ཆེན་ལས་ཁུངས་ལ་འཆར་འབུལ་ཞུས་ཟིན་ཡོད། ཅེས་བཀོད་འདུག

ཡང་སློབ་གྲྭ་ཁག་རྩིས་ལེན་གནང་རྗེས་དགེ་ལས་རྣམ་པའི་ཐོབ་ཐང་སྲུང་སྐྱོབ་ཀྱི་སྐོར་ལ། སློབ་ཁག་རྩིས་ལེན་རྗེས་ད་ཡོད་དགེ་ལས་རྣམས་ཀྱི་ཕོགས་དང་རྒས་ཡོལ་སོགས་ཀྱི་ཐོབ་ཐང་ཁག་ལ་དོ་ཕོག་མེད་པར་རང་འཇངགས་གནས་རྒྱུ་ཡིན། འདི་སྐོར་བོད་སློབ་འཛིན་ཚོགས་ཀྱི་ངེས་སྟོན་པས་ཉེ་དུས་ཕྱི་ཟླ་ ༦ པའི་ཚེས་ ༢༢ ཉིན་ལྡི་ལིར་སློབ་དགེའི་ཟབ་སྦྱོང་ཞིག་གི་སྐབས་སུ་ཟབ་སྦྱོང་ཆེད་བཅར་དགེ་རྒན་རྣམས་ཀྱི་བཀའ་འདྲི་ཞུས་ལན་དུ། རྩིས་ལེན་རྗེས་རྒྱ་གར་དགེ་རྒན་རྣམས་རྒྱ་གར་དབུས་གཞུང་གི་འཛིན་སྐྱོང་གནང་བཞིན་པའི་ཁེ་ཝེ་ཨེ་སི་ (KVS ) དང་། ཨེན་ཝེ་ཨེ་སི་ (NVS) སློབ་གྲྭའི་སྡེ་ཁག་གཉིས་དང་། ཨེན་སི་ཨི་ཨར་ཊི་ ( Demonstration Multipurpose School of NCERT) སློབ་འཁྲིད་སྦྱོང་བརྡར་གནང་ཡུལ་སློབ་གྲྭ་གང་རུང་ནང་རང་མོས་བཞིན་འཇུག་གཏོང་ཆོག་རྒྱུ་དང་། ཡང་མུ་མཐུད་འཛིན་སྐྱོང་གསར་པའི་ནང་སྡོད་བློ་ཡོད་རིགས་ཀྱི་ཕོགས་སོགས་ཐོབ་ཐང་ཁག་ད་མུས་བཞིན་གནང་རྒྱུའི་ཁས་ལེན་གསལ་བཤད་གནང་ཡོད། འདི་སྐོར་འདི་ལོའི་ཕྱི་ཟླ་ ༤ ནང་དྷ་སར་བསྐོང་ཚོགས་ཞུས་པའི་བོད་སློབ་ཁག་གི་སློབ་སྤྱི་དང་དགེ་ཆེའི་ཚོགས་འདུའི་ཐོག་ཏུའང་དཔལ་ལྡན་བཀའ་ཁྲི་མཆོག་ནས་གོང་མཚུངས་གསལ་བཤད་གནང་ཡོད། ད་ལེན་གོ་སྐབས་འདི་བརྒྱུད་རྒྱ་གར་གཞུང་མང་གཉིས་དང་། ལྷག་པར་དུ་དབུས་བོད་སློབ་འཛིན་ཚོགས་སློབ་གྲྭ་ཁག་ནང་ཕྱག་ལས་གནང་དང་གནང་བཞིན་པའི་དགེ་ལས་རྣམས་ནས། འདས་པའི་ལོ་ལྔ་བཅུ་བརྒལ་བའི་རིང་མ་འོངས་བོད་ཀྱི་སོན་རྩ་རྣམས་ཀྱི་ཤེས་ཡོན་དང་འབྲེལ་བའི་ལས་དོན་ཐོག་ཧུར་བསྐྱེད་གནང་བར་བཀའ་དྲིན་རྗེས་དྲན་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བཀོད་འདུག

སྐབས་དེར་གསར་འགོད་པས་དཀའ་ངལ་གང་འདྲ་ཞིག་གི་འོག་དབུས་བོད་སློབ་འཛིན་ཚོགས་བོད་མིའི་སྒྲིག་འཛུགས་ལ་རྩིས་སྤྲོད་བྱེད་དགོས་བྱུང་མིན་དང་། མ་འོངས་པར་སློབ་གྲྭ་ཡོངས་རྫོགས་རྩིས་ལེན་བྱ་འཆར་ཡོད་མེད། འཛིན་སྐྱོང་གི་དབང་ཆ་ཚང་རྩིས་སྤྲོད་གནང་རྗེས་འགྲོ་གྲོན་གྱི་གནས་སྟངས་གང་འདྲ་ཆགས་མིན་དྲིས་པའི་ལན་དུ་དྲུང་ཆེ་མཆོག་གིས། རྩིས་སྤྲོད་གནང་དགོས་པའི་རྒྱུ་རྐྱེན་གཙོ་བོ། བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་མང་ཆེ་བ་བོད་མིའི་གཞིས་ཆགས་ཁག་ཏུ་ཡོད་པ་དང་། ད་ལྟའི་བར་སློབ་གྲྭ་དེ་དག་གི་འཛིན་སྐྱོང་དང་ལས་དོན་བྱེད་ཕྱོགས། སློབ་མའི་ཤེས་ཡོན་གནས་ཚད་བཅས་ཀྱི་ཐད་ཡིག་ཐོག་ནས་བསམ་འཆར་དང་སྙན་ཞུ་ཐེངས་མང་འབྱོར་བ་མ་ཟད། ཚོགས་འདུ་རིམ་པའི་ནང་དེའི་ཐད་གླེང་སློང་དང་བསམ་འཆར་མང་པོ་ཡོང་བ་དང་། ལྷག་པར་དུ་དགེ་རྒན་རེ་ཟུང་གི་ཤེས་ཡོན་གནས་ཚད་དང་ལས་དོན་བྱེད་ཕྱོགས། སློབ་མའི་གྲུབ་འབྲས་སོགས་ཕྱོགས་ཡོངས་ནས་འདོད་བློ་ཁེངས་པ་ཞིག་བྱུང་མ་ཐུབ་པའི་དབང་གིས། བོད་མིའི་སྒྲིག་འཛུགས་རང་གིས་འཛིན་སྐྱོང་གནང་ཐུབ་པ་ཡིན་ན། གནད་དོན་མང་པོའི་ཐོག་ཕན་ཐོགས་ཡོང་ངེས་བར་དགོངས་ཏེ་འབད་པ་བྱས་ཡོད་ཚུལ་སོགས་གསུངས་སོང་།

ཡང་ཁོང་གིས་མ་འོངས་པར་སློབ་གྲྭ་ཆ་ཚང་རྩིས་སྤྲོད་རྩིས་ལེན་གནང་མིན་དང་འགྲོ་གྲོན་གྱི་གནས་སྟངས་ཐད་གསུང་དོན། “ ཉེ་ལམ་ཤེས་རིག་ལས་ཁུངས་ལ་འཆར་གཞི་འཁྱེར་ཡོང་དགོས་ཞེས་གསུངས་ཀྱང་། ད་ལྟའི་ཆར་བོད་སློབ་འཛིན་སྐྱོང་ཚོགས་པས་རྒྱབ་སྐྱོར་ཐོབ་ཡོད་པ་ལས། བཀའ་འཁྲོལ་གྱི་བརྒྱུད་རིམ་ད་ལྟ་འགྲོ་བཞིན་པ་རེད། ང་ཚོའི་ངོས་ནས་བོད་སློབ་འཛིན་ཚོགས་ཀྱི་དགོངས་འཆར་དང་བསམ་ཚུལ་ཕྱོགས་བསྡོམས་བྱས་རྗེས་བློན་ཆེན་ལྷན་ཚོགས་ལ་ཕུལ། བློན་ཆེན་ལྷན་ཚོགས་ནས་བསམ་ཚུལ་བསྡུ་རུབ་བྱས་རྗེས་གཏན་འབེབས་གནང་གི་ཡོད་སྟབས། ད་ལྟའི་ཆར་གཏན་འཁེལ་བ་དེ་འདྲ་ཡོད་པ་མ་རེད། རྒྱ་གར་གཞུང་གི་འཛིན་སྐྱོང་གནང་སྟངས་ཀྱི་ཐོག་ནས་སློབ་གྲྭ་ཁག་ཅིག་ཁོང་ཚོས་ཉར་བ་དང་ཁག་ཅིག་ང་ཚོར་རྩིས་སྤྲོད་གནང་རྒྱུའི་འཆར་གཞི་ཡོད་ས་མ་རེད། ང་ཚོའི་འཆར་གཞིའི་ནང་ལོ་གསུམ་ནང་རྩིས་ལེན་རྒྱུའི་འཆར་འབུལ་ཞུས་ཡོད་ལ། དེ་ཡང་བང་རིམ་བྱས་ཏེ་སྔོན་ལ་སྔོན་འགྲོ་དང་དམའ་རིམ། འབྲིང་རིམ། དེ་ནས་འཛིན་བཅུ་བ་དང་བཅུ་གཉིས། དེའི་རྗེས་སུ་རིམ་གྱིས་ལེན་རྒྱུའི་འཆར་གཞི་ཕུལ་ཡོད། སློབ་ཚན་ (CBSE) ཁོངས་གཏོགས་ཆགས་ཀྱི་ཡོད་པ་རེད་ལ། འཛིན་རིམ་དྲུག་པ་ནས་ང་ཚོ་ཤེས་རིག་ལས་ཁུངས་ཀྱི་ནམ་རྒྱུན་སློབ་གྲྭ་ཁག་ཏུ་གནང་བཞིན་པ་ལྟར་གཅིག་མཚུངས་རེད།

འགྲོ་གྲོན་གྱི་ཐད་ནས། སྔོན་མ་དབུས་བོད་སློབ་འཛིན་ཚོགས་ཀྱིས་འགྲོ་སོང་ཆ་ཚང་རྒྱ་གར་དབུས་གཞུང་གིས་གནང་གི་ཡོད་པ་ལྟར། ང་ཚོས་མ་འོངས་པར་རྒྱུན་གྲོན་དངུལ་རྩིས་འབུམ་ ༤༣༠༦ གནང་གི་ཡོད་པ་དེ་མུ་མཐུད་གནང་རོགས་ཞེས་ཞུ་གྱིན་ཡོད་ལ།  ཨར་ལས་དངུལ་རྩིས་འབུམ་ ༨༠༠ ཙམ་གནང་གི་ཡོད་པ་དེའི་བརྒྱ་ཆའི་ ༢༠% བྱས་ཏེ་ལོ་བཅུའི་མཚམས་སུ་གནང་ན་འགྲིག་གི་འདུག་ཅེས་བཤད་ཀྱི་ཡོད། ད་ལྟའི་ཆར་རྒྱུན་གྲོན་དང་ཨར་ལས་ཀྱི་དངུལ་རྩིས་དགེ་རྒན་གྱི་གསོལ་ཕོགས་དང་ཀུན་གསབ་འཕར་བ་ལ་བརྟེན་ནས་འཕར་ཆགས་ཀྱི་གནས་སྟངས་ཡོད་པ་རེད། ཡིན་ནའང་། ང་ཚོའི་ངོས་ནས་ད་ཡོད་དགེ་རྒན་རྣམ་པ་མུ་མཐུད་བསྡད་པ་ཡིན་ན།  ཕོགས་ཐོབ་དང་རྒན་ཡོལ་གྱི་ཐོབ་ཐང་སོགས་རང་འཇགས་འཇོག་གཏན་འཁེལ་བྱས་ཡོད། ” ཅེས་གསུངས་བྱུང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༢༤ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༢༤ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 4

  1. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    དོན་དག་འདི་བཀའ་ཤག་སྐབས་གོང་མས་ཡུན་རིང་གསང་བ་གནང་ནས་བཞུགས་དགོས་དོན་གཙོ་བོ་དེ། ཐག་གཅོད་གཏན་འབེབས་ཏག་ཏག་མ་བྱུང་བར་ཕྱིར་བསྒྲགས་བྱས་ན་ཕྱི་ནང་གི་འགལ་རྐྱེན་མང་པོ་ཡོང་དོགས་ཀྱིས་རེད། ཡིན་ནའང། ད་ལྟ་ལས་འཆར་ཁྱེར་ཤོག་ཟེར་བ་ཙམ་ལས་ཐག་གཅོད་གང་ཡང་བྱུང་མེད་པ་ཞིག་རྒྱ་བསྒྲགས་སྟོང་བསྒྲགས་བྱས་ན་ཕན་པ་དམིགས་བསལ་ཞིག་ཨེ་ཡོད་ན། བཀའ་ཤག་གོང་མ་་་་་ཐ་ན་རང་གི་ལས་སྡོམ་ཚུན་ཆུད་སྐྱོར་རྒྱུར་དགའ་བོ་གནང་མཁན་ཞིག་མིན་པ་ཚང་མས་ཤེས་གསལ་རེད། བཀའ་ཤག་འདི་བས་ལས་ཀ་མ་ཚར་བ་དང་མ་བྱས་སྔོན། ཡང་ན་འགོ་བཙུགས་པའི་སྐབས་ནས་ཁྱབ་བསྒྲགས་བྱེད་རྐྱང་བྱེད་པ་འདི་ག་རེ་ཡིན་ན།

    Reply
  2. ཆོས་འཕེལ says:
    ལོ་ 14 སྔོན།

    རྒྱ་གར་དབུས་གཞུང་གིས་སློབ་གྲྭ་ཁག་བོད་མིའི་སྒྲིགས་འཛུགས་ལ་བརྩིས་སྤྲད་བྱས་པ་ནང་བཞིན། བོད་ཀྱི་སློབ་གྲྭ་ཆེ་གྲས་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་ཁག་ངེས་ཅན་དུ་བོད་མིའི་སྒྲིགས་འཛུག་ལ་མི་རིང་པར་བརྩིས་སྤྲད་དགོས་ཀྱིན་འདུག ང་ཚོའི་འཐུས་ཤོར་ཆེ་ཤོས་འགྲོ་ས་ནི། བོད་ཀྱི་སློབ་གྲྭ་ཆེ་ཁག་དག་རེད། དེ་དག་ལ་སྟང་འཛིན་ཐད་དཀར་དབུས་བོད་མིའི་སྒྲིགས་འཛུགས་ཀྱིས་ཐུབ་ཀྱི་མེད་ཚུལ་ཉེ་ཆར་མ་གཏོགས་མ་འཚལ། སྤྱི་འཐུས་རྣམ་པ་བོད་མིས་གདེམས་དཀྲུགས་བྱས་པའི་དགོས་དོན། གནས་ཚུལ་འདི་དག་ཐོག་ལ་ངེས་ཅན་དུ་དོ་ནན་མཛད་དགོས། བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་དག་བོད་མིའི་སྒྲིགས་འཛུགས་ཀྱིས་ཐད་དཀར་སྟངས་འཛིན་བྱེད་ཐུབ་པ་ཞིག་མ་སོང་བར་དུ། དེ་སྔོན་ནང་བཞིན་ལས་ཤེས་ཡོན་ཐད་ནས་འགྱུར་བ་གང་ཡང་ཆེན་པོ་འགྲོ་མི་ཐུབ། ༧གོང་ས་སྐྱབས་མགོན་ཆེན་པོས་སྔ་ཕྱི་མང་པོར་སློབ་གྲ་དག་ལ་ཤེས་ཡོན་འཐུས་ཤོར་ཕྱིན་པའི་བཀའ་བཀྱོན་ཡང་ཡང་ཕེབས་ཡོད་ཀྱང་། འགུལ་བསྐྱོད་གང་ཡང་མ་ཐུབ་ནས་ད་བར་ལུས་པ་འདི་དག་མུ་འཐུད་གནས་ན། གོང་ས་མཆོག་གི་བཀར་བརྩིས་མེད་གཏང་བར་ངོས་འཛིན་མ་ཞུས་རང་ཞུས་རེད།

    Reply
  3. གནས་ཚང་། says:
    ལོ་ 14 སྔོན།

    བོད་མིའི་ཇུགས་རྗེ་བཀའ་དྲིན་ལ་རྒྱ་གར་ལའང་ཨ་རུ་ན་ཅལ་སོགས་དབང་ཡོད་པ་རེད། འདི་འདྲའི་དོན་ཆུང་རིགས་ཅི་ཡང་མ་རེད།

    Reply
  4. ནད་པ says:
    ལོ་ 14 སྔོན།

    རྒྱ་གར་གཞུང་དང་མི་དམངས་གཉིས་བོད་མི་ཡོངས་ལ་བཀའ་དྲིན་ཆེས་ཧ་ཅང་ཆེན་པོ་རེད། ༸ གོང་ས་མཆོག་གིས་ཐུགས་རྗེའི་བཀའ་དྲིན་ལས་མ་འོངས་པར་ཡང་མུ་མཐུད་བཀའ་དྲིན་ཆེན་པོ་གནང་ངེས་རེད།

    རྒྱ་གར་སྟོབས་ཆེན་གྱི་རྒྱལ་ཁབ་གཅིག་གི་ངོས་ནས་བརྗོད་ན་ང་ཚོའི་བོད་སློབ་ཀྱི་ཨར་ལས་ཆེད་འབུམ་ ༨༠༠ རེ་གནང་གི་ཡོད་པ་ཆེན་པོ་གང་ཡང་མིན། ང་ཚོའི་གནས་སྟངས་ལ་མཚོན་ན་དངུལ་འབོར་ཧ་ཅང་ཆེན་པོ་རེད།

    དེ་འདྲ་སོང་ཙང་རྒྱ་གར་གཞུང་གིས་མ་དངུལ་གནང་བཞིན་ཡོད་པའི་དུས་སུ་ང་ཚོར་ཨར་ལས་ཀྱི་རྒྱ་ཆ་༢༠ ལས་མི་དགོས། ལོ་བཅུའི་མཚམས་སུ་གནང་རོགས་ཟེར་ན་ག་རེ་ཟེར་གྱི་ཡོད་པ་རེད།

    ཡར་རྒྱས་ལ་མཐའ་མེད་སྟབས་སློབ་གྲྭའི་དགེ་རྒན་གྱི་ལས་ཤག་དང་། ཚོགས་ཁང་། དཔེ་མཛོད། ཐབ་ཚང་། འཛིན་ཁང་། ཆོས་ཁང་། རྩེད་ཐང་། ལྡུམ་རྭ་སོགས་སྣ་ཚོགས་ཡར་རྒྱས་གང་ཐུབ་ཐུབ་ཀྱིས་གཏོང་དགོས་པ་རེད།

    སློབ་གྲྭའི་གནས་སྟངས་གང་སར་དཀའ་ངལ་ཡོད་པ་མིག་གིས་མཐོང་བཞིན་དུ་ང་ཚོར་དངུལ་མི་དགོས། ལོ་བཅུའི་མཚམས་སུ་གནང་རོགས་ཟེར་བ་དེ་འདྲ་གང་ཡིན་ནམ། མི་འདི་ཚོའི་གྲས་ཀྱིས་ལ་ཕུག་རྗེན་པ་བཟའ་གིན་ཡོད་འདྲ།

    ད་དུང་གཟབ་གཟབ་མ་བྱས་ན་རྗེས་སུ་སློབ་གྲྭའི་དགེ་རྒན་དང་ལས་བྱེད་ཀྱི་གླ་ཕོག་ཀྱང་ད་འགྲིག་སོང་ང་ཚོ་འདོད་ཆུང་ཆོག་ཤེས་བྱས་ན་འགྲིག་གིན་འདུག དགེ་རྒན་ཚང་མ་གླ་ཆ་གཅིག་མཚུངས་དགོས་སྟབས། ང་ཚོའི་འོག་ཏུ་ཡོད་པའི་དགེ་རྒན་ལྟར་གླ་ཕོག་སྟོང་ཕྲག་ཁ་ཤས་ལས་མི་དགོས།

    དེ་ཡང་ལོ་བཅུའི་མཚམས་སུ་དངུལ་གནང་རོགས་ཞེས་མི་ལབ་པའི་ངེས་པ་མིན་འདུག ལས་བྱེད་ཀྱི་གླ་ཆ་དང་མཐུན་རྐྱེན་སྐྱོ་དྲགས་ན་ལས་ཀ་བྱེད་མཁན་ཉུང་དུ་འགྲོ་གི་རེད། ལུག་དང་བ་ཕྱུགས་དེ་ཚོས་ཀྱང་རྩ་དང་ཆུ་བཟང་སར་འགྲོ་བསྐྱོད་བྱེད་པ་དེ་འགྲོ་བ་སེམས་ཅན་ཀུན་གྱི་འདོད་དོན་རེད།

    ལྷག་པར་དགར་དགེ་རྒན་ལ་གླ་ཆ་དང་མཐུན་རྐྱེན་ཆུང་ན་རིམ་པས་མི་ཤེས་ཚད་ཅན་ཚང་མ་ལས་ཀ་གཞན་དུ་བཞུགས་ནས་རིམ་པས་དགེ་རྒན་ཟེར་དུས་མཐའ་ལ་བུད་དེ་ཤེས་ཚད་སྡུག་ཤོས་དེ་ཚོ་དགེ་རྒན་བྱ་མཁན་ཞིག་ཏུ་འགྱུར་ངེས་རེད།

    དེ་འདྲ་བྱས་ན་རྒྱལ་ཁབ་དང་མི་རིགས་གཅིག་ཁྱེད་ཚོས་ཇི་ལྟར་བྱས་ཏེ་གསོ་སྐྱོང་ཐུབ་བམ། ཁྱེད་ཚོས་ཇི་ལྟར་བྱས་ཏེ་རང་བཙན་ལེན་ཐུབ་བམ། ཞེས་དྲི་རྟགས་ཆེན་པོ་རང་བཞིན་གྱིས་སླེབས་པ་རེད།

    བསམ་བློ་ཡག་པོ་གཏོང་དགོས་པ་རེད། མི་ལ་མཐེབ་བོང་བསྟན་ཏེ་སྐུ་མཁྱེན་ཟེར་དགོས་དུས་དཀའ་ལས་ཁག་པོ་ཆགས་ཀྱི་རེད། རྒྱ་གར་གཞུང་གིས་གནང་བཞིན་པའི་རོགས་དངུལ་ལ་བཅོས་མིན་ཐུགས་རྗེ་ཆེ་ཞེས་བཞུས་ཏེ་འགྲོ་གྲོན་ཆུད་བཟོས་སུ་མ་འགྲོ་བར་བྱས་ཏེ་བོད་སློབ་ཡར་རྒྱས་གཏོང་དགོས། ལས་ཀ་བྱེད་དགོས།

    བོད་པའི་གཏམ་དཔེ་གཅིག་ཡོད་པ་རེད། དེ་ཁྱེད་ཚོས་ཤེས་པར་གྱིས། མི་གཞན་གྱི་བརྡར་རྡོ་གཡར་ནས་་་་་་རང་གིས་རལ་གྲིའི་རྣོ་འདོན་དགོས་་་་་་་ཟེར་བ་ལྟར་རྒྱ་གར་གཞུང་གིས་མ་དངུལ་རོགས་རམས་གནང་བ་དེ་བེད་སྤྱད་དེ་རང་གི་རྒྱལ་ཁབ་དང་རང་མི་མི་རིགས་ཀྱི་བུ་ཕྲུག་ཚོར་ཤེས་ཡོན་གྱི་རྣོ་འདོན་ཐུབ་པ་བྱེད་དགོས།

    ༸ གོང་ས་མཆོག་གི་ཐུགས་བརྗེའི་ཞབས་ཀྱི་གྲིབ་བསིལ་འོག་ཏུ་ཚར་ལོངས་བྱུང་ནས་ད་དུང་ལ་ཕུག་རྗེན་པ་བཟའ་བཞིན་པའི་མི་འདི་ཚོ་ད་བསམ་བློ་གཏོང་ཤེས་པ་བྱེད་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese