མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚེ་དབང་རྡོ་རྗེ་ལཊ་སྐུ་གྲོངས་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༧/༡༠
Share on FacebookShare on TwitterShare on EmailShare on Whatsapp

ལྷ་ས་འདམ་གཞུང་དུ་རང་ལུས་མེར་བསྲེཊ་གནང་མཁན་ཚེ་དབང་རྡོ་རྗེ་ལགས་ཕྱི་ཚེས་ ༧ ཉིན་གྱི་དགོང་མོ་རྫོང་སྨན་ཁང་དུ་སྐུ་གྲོངས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༧ ཉིན་གྱི་བོད་ནང་གི་ཉིན་གུང་ཆུ་ཚོད་ ༡༢ ཡས་མས་སུ་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་འདམ་ཆུ་ཁ་གྲོང་རྡལ། མཆོད་རྟེན་ཁུག་གྲོང་ཚོའི་རང་ལོ་  ༢༢ ཡིན་པའི་ཚེ་དབང་རྡོ་རྗེ་ལགས་ཀྱིས། རྫོང་དེའི་མི་ཚོགས་འདུ་འཛོམས་ཆེ་སའི་ཁྲོམ་གཟིཊ་སྒང་འབོད་པའི་སྒོ་རའི་མདུན་དུ། རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག་ལ།  དུས་ཡུན་སྐར་མ་ ༣ ཙམ་གྱི་རྗེས་སུ་ཉེན་རྟོག་ཡོང་སྟེ་ཁོང་གི་ལུས་སྟེང་གི་མེ་བསད་དེ་རྫོང་སྨན་ཁང་དུ་བཙན་ཁྱེར་བྱས་ཡོད་ཀྱང་ཉིན་དེའི་དགོང་མོར་ཁོང་སྐུ་གྲོངས་ཡོད་འདུག

ཚེ་དབང་རྡོ་རྗེ་ལགས་ནི། ནམ་རྒྱུན་འདམ་གཞུང་ས་ཁུལ་དུ་ཚོང་ཙག་ཙིག་རེ་བརྒྱབ་སྟེ་སྡོད་མཁན་ཞིག་ཡིན་འདུག་ལ།  ད་ལྟའི་ཆར་ཁོང་གི་ཁྱིམ་དུ་མ་རྒན་མ་གཏོགས་ནང་མི་གཅིག་ཀྱང་མེད་པའི་གནས་ཚུལ་ཐོན་འདུག  གནས་ཚུལ་དེ་བྱུང་རྗེས་རྒྱ་གཞུང་གིས་འདམ་གཞུང་རྗོང་ཡོངས་སུ་དམག་མི་འགྲེམས་འཇོག་གིས་དམ་དྲག་དང་། བརྒྱུད་ལམ་ཆ་ཚང་བཀག་སྡོམ་བྱས་ཏེ་ཕྱི་ཕྱོགས་ནས་འབྲེལ་བ་བྱེད་ཐབས་མེད་པ་མ་ཟད། ལྷ་ས་གྲོང་ཁྱེར་སོགས་བོད་ནང་ཁུལ་གྱི་ས་ཆ་ཕན་ཚུན་བར་ཁ་པར་མཐུད་ཐབས་མེད་པའི་གནས་སྟངས་ཆགས་ཡོད་འདུག  

གནས་ཚུལ་འདིའི་ཐད་དེ་རིང་ཕྱི་ཚེས་ ༡༠ ཉིན་གྱི་སྔ་དྲོ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱལ་གཅེས་དཔའ་བོ་ཚེ་དབང་རྡོ་རྗེ་ལགས་ཀྱིས། རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་གནང་བའི་ཐད་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་ཡོད་པའི་ནང་། རྒྱལ་གཅེས་དཔའ་བོ་ཚེ་དབང་རྡོ་རྗེ་ལགས་ནི། ཕྱི་ལོ་ ༢༠༠༩ ནས་ད་ལྟའི་བར་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་ ༤༣ པ་དེ་ཆགས་ཡོད་པ་དང་། ད་ལྟའི་ཆར་རྒྱལ་གཅེས་དཔའ་བོ་དར་རྒྱས་ལགས་དང་། ཁོང་གཉིས་བརྩིས་པའི་རང་ལུས་མེར་བསྲེགས་ཀྱིས་འདས་གྲོངས་སུ་གྱུར་མཁན་ ༣༣ ཆགས་ཡོད་ཚུལ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་ནང་རང་ལུས་མེར་བསྲེགས་དང་། དམར་གསོད་ཀྱི་དོན་རྐྱེན་བྱུང་རིམ་བཞིན་གསར་འགོད་བསྒྲགས་གཏམ་རིམ་སྤེལ་བྱས་ཡོད་པའི་ནང། བོད་ནང་གི་དོན་རྐྱེན་དེ་དག་ནི་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་དང་། ཕྱོགས་སུ་ལྷུང་བའི་སྲིད་བྱུས་ལ་བརྟེན་ནས་ཡོང་གི་ཡོད་པས། ཇི་སྲིད་བོད་ཐོག་འཛིན་པའི་མཁྲེགས་འཛིན་གྱི་སྲིད་བྱུས་ལ་བསྒྱུར་བཅོས་མ་བཏང་བ། དེ་སྲིད་དུ་བོད་ཆོལ་ཁ་གསུམ་ནང་རང་ལུས་མེར་བསྲེགས་ཀྱིས་མཚོན་པའི་ལས་འགུལ་སྣ་ཚོགས་ཡོང་སྲིད་པས། དེ་དག་གི་འགན་ཆ་ཚང་རྒྱ་གཞུང་གིས་འཁྱེར་དགོས་པ་ལས་གཞུང་སྒེར་སུ་ལའང་ཡ་ལན་སྤྲོད་ས་མེད་ཅེས་འཁོད་འདུག

 ཡང་སྤྱི་འཐུས་ལྷན་ཚོགས་ཀྱི་གསལ་བསྒྲགས་དེར། རྒྱ་ནག་གིས་རྒྱུན་ལྡན་ལྟར་བོད་ནང་རང་ལུས་མེར་བསྲེཊ་དང་མི་མང་འདུ་འཛོམས་ཀྱིས་ཞི་རྒོལ་བྱུང་སྐབས། རྒྱལ་སྤྱིའི་ནང་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་བསྙོན་འཛུགས་དང་། བརྒྱུད་ལམ་ཁག་ཏུ་ལོག་པའི་ཁྱབ་བསྒྲགས་འདྲ་མིན་བྱེད་བཞིན་ཡོད་པ་དང་། ཉེ་བའི་ཆར་བོད་ཀྱི་རྒྱལ་ས་ལྷ་ས་ནས་མདོ་སྟོད་སྨད་གཙོས། ལྷ་ས་བ་མིན་པའི་བོད་མི་རྣམས་ཕྱིར་འབུད་བཏང་བ་དང་། རྒྱ་མི་ལས་གཞན་བོད་མི་རྣམས་ལྷ་སར་ཡོང་མི་ཐུབ་པ་སོགས་མི་རིགས་དབྱེ་འབྱེད་དང་། རོགས་རམ་གྱི་མིང་འོག་ནས་བོད་རིགས་སློབ་ཐོན་པ་ཚོ་རྒྱ་ནག་གི་ས་ཁུལ་ཁག་ཏུ་གཏོང་བ་དང་། བོད་ཀྱི་ས་ཁུལ་དུ་རྒྱ་རིགས་སློབ་ཐོན་པ་ཚོར་ལས་ཀའི་གོ་སྐབས་སྤྲོད་པ་སོགས་ཀྱི་སྲིད་བྱུས་སྣ་ཚོགས་ཤིག་ལག་བསྟར་བྱེད་བཞིན་ཡོད་སྟབས། རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་རྒྱལ་ཁབ་ཁག་གིས་ངེས་པར་དུ་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་གྱི་སྲིད་བྱུས་བསྒྱུར་བཅོས་ཡོང་བར་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་སོགས་གནང་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

ཆུ་ཚོད་ ༡༦ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༡༩ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

ཆུ་ཚོད་ ༢༢ སྔོན་ལ།
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦

མཆན། 15

  1. ནད་པ says:
    ལོ་ 14 སྔོན།

    སྐུ་གྲོངས་འདུག་ཅེས་མ་བྲིས་རོགས་ཞེས་ཁ་སང་ནས་ཆན་བཏབ་ཀྱང་ཡང་བསྐྱར་སྐུ་གྲོངས་འདུག་ཅེས་བཀོད་འདུག

    སྐུ་ཟེར་བ་ལུས་ཀྱི་ཞེ་སའི་ཚིག་གཅིག་ཡིན། གྲོངས་ཟེར་བ་མི་ཕལ་པ་གཅིག་ཤི་བའི་ཚིག་ཡིན།

    སྐུ་ཞེས་ཆེ་བསྟོད་ཀྱིས་ཞེ་ཚིག་སྦྱར་དགོས་ན་དེའི་མཇུག་ཏུ་གཤེགས་བྲིས་དགོས་ཏེ། སྐུ་གཤེགས་འདུག་ཅེས་པ་ལྟར་ཡིན། ཡང་ན་ཕལ་ཚིག་བཀོད་ན་ཚེ་རྡོར་གྲོངས་འདུག་ལྟ་བུ་བཀོད་དགོས།

    Reply
  2. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    བཙན་བྱོལ་ཅན་ནས་རང་སྲེག་གི་ལས་འགུལ་ནས་རྒྱང་ནས་བསྐུལ་མ་གཏོང་བཞིན་ཡོད་ཚུལ་བཤད་པ་རྒྱ་གཞུང་ལ་དགོས་རྒྱུའི་གཏམ་དེ་ཁོ་པས་བཤད་འདུག འོ་ན་ཁྱེད་ཀྱིས་མེར་སྲེག་གི་ཆེད་དུ་སྨོན་ལམ་འདོན་པ་ཡང་བརྒྱུད་བསྐུལ་རེད་པས། བཙན་བོད་གཞུང་དང་བཅས་པས་དེ་ལྟར་མི་བྱེད་པའི་རེ་བསྐུལ་ཡང་ཡང་ཞུས་པ་ཁྱེད་ཀྱི་མིག་ལོངས་ནས་མ་མཐོང་བ་རེད་དམ། རྣ་བ་འོན་ནས་མ་གོ་བ་རེད། བོད་མི་ཚོ་འ་ཆད་འུ་ལ་ཐུག་ནས་རྒྱ་རྒན་ནག་པོར་ཞི་བའི་ལམནས་ཡ་ལན་དེ་ཡན་མེད་པ་ཞིག་གནང་བ་རེད། ཨེ་གོ་ཐལ། དགྲ་དགའ་གཉེན་སྡུག་གི་སྐད་ཆ་བཤད་མ་མྱོང་ཞིག བོད་མི་འབུམ་བཙུ་གཅིག་ཙམ་རྒྱ་ལག་ཏུ་བསད་པ་ཁྱེད་ཀྱིས་ཨེ་ཤེས།

    Reply
  3. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 14 སྔོན།

    རྒྱལ་གཅེས་དཔའ་པོ་ཁོང་གི་སྐུ་ཕུང་ཁོང་གི་ནང་མི་དང་། གཉེན་ཚན་སོགས་ལ་རྩིས་སྤྲད་འདུག་གམ། ཡང་ན་མིག་སྟོན་བྱས་འདུག་གམ། དེ་འདྲ་གང་ཡང་མེད་པར་རྒྱ་དམར་དྲག་པོའི་སྲིད་གཞུང་གིས་ཁོང་སྨན་ཁང་ནང་གྲོངས་སོང་ཞེས་བཤད་པ་ཙམ་ཡིན་ན། དེ་ལ་ང་ཚོའི་ཡིད་ཆེས་མེད། རྒྱ་དམར་གྱིས་ཁྱབ་བསྒྲགས་དེའི་རིགས་ཀྱིས་ང་ཚོར་སེམས་འཚབས་འཕར་མ་རེ་སྐྱེད་བཞིན་འདུག་ལ། གལ་ཏེ་ཁོང་སྐུ་གྲོངས་མེད་ན་ནི་དྲང་བདེན་མེད་པའི་རྒྱ་དམར་སྲིད་གཞུང་གིས་ད་ལྟ་ཁོང་ལ་མི་སྤྱོད་ལས་འདས་པའི་མནར་གཅོད་གཏོང་བཞིན་ཡོད་ངེས་ཡིན་ཞེས་ཐག་བཅད་ནས་བཤད་ཀྱང་དེ་ལ་ནོར་བ་མེད། དེར་བརྟེན་མ་འོངས་པར་སྐུ་གཤེགས་དཔའ་བོ་དཔའ་མོ་ཚོའི་སྐུ་ཕུང་རྩིས་སྤྲོད་དང་། མིག་སྟོན་གང་ཡང་མེད་པར་སྐུ་གྲོངས་སོང་ཞེས་དེའི་རིགས་རྒྱ་དམར་གྱིས་ཁྱབ་བསྒྲགས་བྱས་པ་ཙམ་ལ་ང་ཚོས་ཡིད་ཆེས་བྱེད་མི་ཐུབ་པར་མ་ཟད། སྐབས་དེར་ང་ཚོས་དམིགས་བསལ་གྱིས་ངོ་རྒོལ་དང་། རྒྱ་དམར་གྱི་མགོ་སྐོར་གཡོ་སྒྱུའི་ངན་མཚང་ཐེར་འདོན་ཐུབ་དགོས་ངེས་ཡིན།

    Reply
  4. སྟག་ཕྲུག says:
    ལོ་ 14 སྔོན།

    ངག་དབང་འོད་འབར་ལགས་ཀྱིས་གསར་ལམ་གཞན་པ་རུ་ཚེ་དབང་རྡོ་རྗེ་ཟེར་གྱི་འདུག འོན་ཀྱང་ང་ལ་རག་པ་དེ་པདྨ་རྡོ་རྗེ་རེད་ཅེས་འགྲེལ་བརྗོད་གནང་སོང༌།

    Reply
  5. དེད་དཔོན། says:
    ལོ་ 14 སྔོན།

    འདས་པོ་དེ་ཉིད་ཀྱི་ཆེད་དུ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ངན་སོང་སྡུག་བསྔལ་མི་མྱོང་ཞིང་། །དཀའ་བ་སྤྱོད་པ་མེད་པ་ཡིས། །ལྷ་བས་ལྷག་པའི་ལུས་ཐོབ་ནས། །དེ་དག་སངས་རྒྱས་མྱུར་ཐོབ་པར་ཤོག

    Reply
  6. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    ངས་བལྟས་ན་མེར་བསྲེགས་ལས་འགུལ་གྱི་གྲུབ་འབྲས་དང་བོད་མི་རིགས་ཀྱི་ཕུགས་རྒྱང་རིང་བའི་ཁེ་གྱོང་ལ་བསམས་གཞིག་བྱས་ནས་མཚམས་འཇོག་གནང་ན་ཡག་པོ་མཐོང་། འགའ་ཞིག་གིས་སོ་སོ་སྐྱིད་ཉལ་རྒྱག་ཉལ་བྱས་ནས་སྡོད་མུར་གཞན་ལ་མེར་བསྲེགས་ཀྱི་ལས་འགུལ་ཞུགས་ན་དགེ་མཚན་ཆེ་རབས་དང་ས་ཕྱོགས་གཞན་རྣམས་འགུལ་སྐྱོད་རྒྱག་དགོས་པ་ལས་རྒྱང་ལྟ་བྱས་ནས་སྡད་རྒྱུ་མེད་རབས་སོགས་ཀྱི་གཏམ་གླེང་སྤེལ་ནས་མདོར་ན་གཞན་ལ་མེར་བསྲེག་གི་ལས་ལ་འཇུག་དགོས་པའི་རྟིངས་སྐུལ་སྤེལ་བའི་བཟོ་འདྲ་བྱེད་ན་ནོར་འདུག་སྙམ། ཕྱིན་ཆད་གཏམ་མཆན་སོགས་སྤེལ་སྐབས་གཟབ་དགོས་པར་མཐོང་།

    Reply
  7. སྨར་ཀླུང་དཔའ་ལ། says:
    ལོ་ 14 སྔོན།

    སྙིང་ནས་མྱ་ངན་དང་། འདས་པོ་དེ་ཉིད་སླར་ཡང་བོད་གངས་ཅན་པའི་ཞིང་དུ་སྐྱེ་ཐུབ་པར་མཆོག་གསུམ་ལྷ་དང་བླ་མས་ཐུགས་བརྩེས་མ་འདོར་རོག རྒྱ་མི་ཡོད་ཚད་ངོ་མ་སྨྱོ་ཚར་འདུག འཇིག་རྟེན་གྱི་དཔེར།
    རྩི་རྩི་ལ་ཁོག་གནག་ནས། ཕ་ཁང་ལ་མེ་བཤོལ་ཟེར་བ་བཞིན། དོན་རྐྱེ་འདི་ནི་༧གོང་ས་ཡིད་བཞིན་ནོར་བུའི་དབུ་ཁྲིད་པའི་བཙན་བྱོལ་བོད་མིའི་ངན་བསྐུལ་སེམས་ནང་དུ་དྲན་པ་ཙམ་དང་ཕར་ཞོག འགྲོ་བ་མི་ཡི་རིགས་ཀྱིས་དུས་གཏན་དུ་བྱེད་མི་སྲིད་པ་སྒོང་མཐོང་ལེབ་གསལ་རེད། བཤད་རྒྱུའི་ཕོང་ནས། ཁ་སྐྱེང་ལ་ཁོག་ལ་ཁྲོ་བས་གཞན་རྐྱེན་ལ་བསྙོན་པའི་རྒྱ་དམར་གྱི་བསྒྲག་གཏམ་འདི་ཚོ་ནི་ཚོད་མེད་པའི་ཧམ་པ་རྣར་བཟོད་པ་ཐུབ་པ་ཞིག་ཅིའི་ཕྱིར་མིན། འདི་ནི་བོད་མི་རིགས་འཆི་གསོན་གཉིས་ནས། འཆི་ལ་ཉེ་བའི་སྲིད་ཇུས་མ་རུང་པ་ཁོག་ཏུ་བཅང་ནས། ཁ་ནས་མ་བྱེད་བྱེད་མདོགས་ཀྱིས་བསླུ་བྲིད་སྐྱུར་མོ་ལ་མགོ་མི་འཁོར་བའི་ཅོང་བརྡ་དང་། རྒྱུད་རིམ་འདི་ལྟ་བུའི་ལམ་བུ་གཞན། མི་རིགས་ཀྱི་ལ་ཞེན་དང་། རྒྱ་དམར་ལ་བཤད་པས་མི་གོ་བ་དང་། མི་ཆོག་པར་ཤེས་པའི་རྐྱེན་ངན་འདིའི། གཞན་བྱེད་ཐབས་གང་ཡང་མ་རྙེད་པའི་རྒྱུ་མཚན་གྱིས། གཅེས་དགུའི་སྐྱོང་བའི་རང་ལུས་རིན་པོ་ཆེ་འདི་ཉིད་ཞུན་མེར་སྦར་དགོས་ཐུག་པ་རེད། འདི་ནི་རང་ཉིད་ལ་སྡུག་བསྔལ་གྱི་ཚོར་མྱོང་ཤས་མི་བཟོད་པ་ཞིག་གི་ཀུན་ནས་སློང་བ་མ་ཚད། རྒྱ་དམར་གྱི་གདུག་རྩུབ་དང་བྱེད་སྟང་ལ་ཞེ་མེར་གཏིང་ནས་ལོག དངོས་མཐོང་ལག་ཟིན་གྱིས་བཙན་གནོན་འཛམ་གླིང་ན་གླེང་ཉན་མི་སྲིད་པ་ཞིག་གི་མནར་གཅོད་ཚོད་མེད་པས་བྱུང་བ་ཞིག་ལས། རྒྱུད་བསྐུལ་དང་ངན་གཡོའི་དཀྲོག་གཏམ་ཙམ་གྱིས་རང་ལུས་ཞུན་མེར་དུས་ནམ་ཡང་སྦར་མི་ཐུབ། མི་རིགས་དང་རྒྱལ་ཁབ་ལ་ཤ་ཞེན་ལ་རྒྱ་སུས་ཀྱང་འགྲན་ཟླ་དང་བྲལ་བའི་དཔའ་བོ་ཞིག་གི། འབྱུང་འགྱུར་གྱི་མདུན་ལམ་ཆེས་ཡ་ང་བ་དང་ཡི་མུག་པ་དངོས་སུ་མཐོང་ནས་མི་རིགས་ཀྱི་ལེགས་སྐྱེས་འཇོག་པ་ཞིག་ལས། ཅར་འགྲོག་ཙམ་དང་གཡམ་རྒྱུག་ཙམ་གྱིས་རྒྱུད་བསྐུལ་ལ་ཡིད་སྤྲོ་ནས་རང་ཉིད་ཀྱི་ན་ཚའི་ཚོར་མྱོང་མི་ཤེས་པ་སྨྱོན་པའི་བྱ་སྤྱོད་ལད་མོར་བཟླ་ནས་རང་ལུས་ཞུན་མེར་སྦར་ནུས་སམ། འདི་ནི་ཁ་ནས་དཔལ་འབྱོར་གྱི་བསླུ་བྲིད་དཀུ་ཞིང་། ཁོག་ཏུ་རྒྱལ་ཞེན་དང་མི་རིགས་ཀྱི་བདེ་སྡུག་ལ་བསམ་ཤེས་སྤུ་ཉག་ཙམ་མེད་པས། བཙན་བཀའ། བཙན་ཤེད་རྐྱང་པས་རྒྱལ་ཁབ་སྨྱོན་པ་ཆག་ནས་བདེ་སྡུག་བགྲང་ཚད། ངོ་ལོག་དང་། ཟིང་ཆ། ཁ་བྲལ། ཕྱི་རྒྱལ་བའི་གནོན་ཤུག་ཞེས་ཀླེང་རྐྱང་བྱེད་ནས། བསད། གཅོད། བརྡུང་། བརྡེག སོགས་ཀྱིས་དྲག་སྤྱོད། ཁྲིམས་བཅད་ཁོ་ན་ལས། མི་སེར་གྱི་དགོས་འདུན་ལ་རང་འདོད་རྐྱང་པས་ཕུ་རྒྱང་པ་ལས། བསམ་ཤེས་དང་རྒྱུས་ལོན་ཚིག་གཅིག་མ་བྱེད་པའི་ཉེར་ལེན་ལས། འཛམ་གླིང་ས་སྒང་འདི་ཐོག་ཏུ་བྱུང་མ་མྱོང་པ་འདི་བྱུང་བ་རེད། ད་དུང་དོན་རྐྱེན་ཡོད་ཚད་གབ་སྦས་བྱེད་ཁུལ་བྱེད་ནས་བོད་མི་སེར་གྱི་དགོས་འདུན་ལ་བསམ་ཤེས་སྣེ་གཅིག་མི་བྱེད་ཕྱིན། སྡུག་ནས་སྡུག་རུ་རང་གི་མགོ་ལ་རང་རྡོ་ཞུ་བ་དང་། རང་གི་ལུས་པོ་རང་གི་མེ་རུ་སྦར་བ་ལས་ལམ་ཁ་གསར་པའི་འདེམས་བྱ་ཞིག་གཏན་ནས་མེད། སྤྱིར་དུས་ཀྱི་འགྱུར་འགྲོས་ནི་སྐད་ཅིག་ལ་འགྱུར་བའི་རང་བཞིན་ཞིག་ཡིན་དུས། བོད་མི་རིགས་འདི་ཤ་ཟད་རུས་ལ་མ་ཐུག་བར་མི་རེ་ངོ་རེའི་བྱུང་འགྱུར་གྱི་བདེ་སྡུག་དེ་ཚོ་རང་བཞིན་གྱིས་བག་ལ་དུས་ནམ་ཡར་ཞར་མི་ཐུབ་པ་དངོས་པོའི་གནས་ཚུལ་རེད། རྒྱ་ནག་གི་ངོས་ནས་བོད་མི་རིགས་དུས་ནམ་ཡང་མནན་ཆོག་ཆོག་ཞིག་དང་། བོད་མི་རིགས་ཀྱི་ཕམ་ཁ་སྐྱེ་བ་ནས་ཚེ་རབས་སུ་ཁུར་དགོས་པའི་བསྐོ་བཞག་འདི་གཏན་ནས་གནས་མི་སྲིད། མེར་བསྲེགས་ཀྱི་དོན་རྐྱེན་འདི་ནི་མི་རིགས་ཤིག་འཆི་གསོན་གྱི་འཐབ་རྩོད་ཡིན་དུས་ཐབས་ལམ་ཡག་ཤོས་ནི། ཕན་ཚུན་གཉིས་སྨན་གཉིས་སྐྱབས་ཀྱི་དོན་དུ་གྲོས་མོལ་གྱི་ལམ་ཁ་བཟང་པོ་འདི་ཉིད་ཀྱི་སྐྱབས་པ་ཐུབ་པ་ལས་གཞན། སྦས་རྐུང་རྐྱང་པས་མཐའ་གསལ་བ་དང་། རྫུན་མ་རྐྱང་པས་ཞི་འཇག་ཤིག་དུས་ནམ་ཡང་འབྱུང་མི་ཐུབ།

    འདས་པོ་དེ་ཉིད་ཀྱི་ཆེད་དུ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ངན་སོང་སྡུག་བསྔལ་མི་མྱོང་ཞིང་། །དཀའ་བ་སྤྱོད་པ་མེད་པ་ཡིས། །ལྷ་བས་ལྷག་པའི་ལུས་ཐོབ་ནས། །དེ་དག་སངས་རྒྱས་མྱུར་ཐོབ་པར་ཤོག

    Reply
  8. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    མེར་བསྲེགས་ཀྱི་གནས་ཚུལ་རེ་གོ་མ་ཐག་སེམས་པ་སྐྱོ་ལྷང་ལྷང་སྐྱེ་གིན། ཚེ་དབང་རྡོ་རྗེ་ཁོང་སྙིང་རྗེ། མ་གཞི་ཁོ་རང་ངོས་ནས་རང་ཤི་རྒྱབ་པ་ལ་འགྱོད་པ་གཏན་ནས་ཡོད་མ་རེད། འོན་ཀྱང་འུ་ཅག་བོད་མི་རིགས་གཅིག་ལ་མཚོན་ན་བོད་མི་སྙིང་སྟོབས་ཅན་ཁོང་ལྟ་བུ་ཞིག་འདི་ལྟ་བུའི་ངང་འཆི་ལམ་དུ་གཤེགས་པ་ནི་ཆེས་ཕངས་པོ་རེད།

    Reply
  9. དཔྱིད་འགོའི་མེ་ཏོག says:
    ལོ་ 14 སྔོན།

    དཔའ་བོ་དག་གི་གད་རྒྱངས་ཀྱི་གཡུ་ས་ན།།
    བསུབ་ཏུ་མེད་པའི་ལོ་རྒྱུས་ཀྱི་རི་མོ་ཞིག།

    Reply
  10. ཟླ་བ་དོན་འགྲུབ། says:
    ལོ་ 14 སྔོན།

    ཨོཾ་མ་ཎི་པདྨེ་ཧཱུཾ།

    Reply
  11. བློ་གྲོས་བསྟན་འཛིན། says:
    ལོ་ 14 སྔོན།

    བོད་ཀྱི་པ་བོ་ཚེ་དབང་རྡོ་རྗེ་ཁོང་དངོས་གི་སྙིང་སྟོབས་རེད་

    Reply
  12. ཤར་མདའ། says:
    ལོ་ 14 སྔོན།

    རྒྱལ་གཅེས་དཔའ་བོ་ཁོང་གི་བོད་མི་རིགས་ཀྱི་ཐོག་ཏུ་རྒྱ་ནག་དམར་གཞུང་གིས་དྲང་བདེན་མིན་པའི་སྲིད་བྱུས་བཀོལ་ནས་དྲག་གནོན་བྱེད་ཀྱི་ཡོད་པ་དང་ཁམས་དང་ཨ་མདོ་མ་གཏོང་བོད་དབུས་གཞུང་གི་བོད་མི་རྣམས་ཀྱི་འདི་འདྲ་བྱེད་ཀྱི་མེད་ཟེར་ནས་བྱམས་པ་ཕུན་ཚོགས་དང་དཔྨ་འཕྲིན་ལས་གཉིས་ཀྱི་སྐྱག་རྫུན་བཤད་པ་དེ་ཐེར་འདོན་གནང་པ་ཞིག་ཡིན་པར་མ་ཟད་ཁོང་གི་བོད་མི་རིགས་ཀྱི་བདེ་སྡུག་འཛམ་གླིང་མི་མང་ལ་མཐོང་དུ་འཇུག་པ་ཞིག་རེད་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཐུགས་ཀྱི་བཞེད་དགོངས་ཟབ་མོ་ཡོངས་སུ་རྫོགས་པ་དང་བོད་ཀྱི་བདེན་མཐའ་མྱུར་ཏུ་གསལ་བའི་སྨོན་འདུན་ཞུ།

    Reply
  13. ཟླ་བ་དོན་འགྲུབ། says:
    ལོ་ 14 སྔོན།

    དྲང་བདེན་གྱི་གཡུལ་ས་ནས།།
    ཨུ་ཚུགས་ཀྱི་མེ་དབུང་སྤར།།
    རྫོགས་མེད་ཀྱི་དཔའ་བོ་དག།
    མྱ་ངན་གྱིས་ཁམ་དུ་ཟོས།།

    Reply
  14. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    ངའི་སྤུན་ཟླ་ཁྱེད་འཕགས་མཆོག་སྤྱན་རས་གཟིགས་ཀྱི་ཞིང་ཁམས་སུ་སྐྱེ་བར་ཤོག མཁྱེན་མཁྱེན་ངའི་བླ་མ་ཡིད་བཞིན་ནོར་བུས་མཁྱེན་ནོ། །ཡིད་བཞིན་ནོར་བུས་མཁྱེན། ཡིད་བཞིན་ནོར་བུས་མཁྱེན། ངས་སྤུན་ཟླ་ཁྱེད་ཀྱི་དོན་དུ་རང་ཤག་ཏུ་མིག་ཆུ་དབང་མེད་དུ་ཤོར་ཡོང་གིན་འདུག་ལ། འདས་ཟིན་པའི་སྤུན་ཟླའི་ཆེད་དུ་མིག་ཆུ་ཤོར་བའང་གྲངས་ཀྱིས་མི་ལོངས།
    སྤུན་ཟླ་ལགས་ང་ཚོས་དུས་ནམ་ཡང་ཁྱེད་ཅག་གི་སྙིང་སྟོབས་བརྗེད་མི་སྲིད་ལ། རྒྱ་ནག་པོ་བདུད་རྒན་འདིའི་ཁ་ལ་ཐལ་བ་སྦར་མོ་གང་ལས་འདེབས་རྒྱུ་མ་བྱུང་ཡང་དེ་ལྟར་འདེབས་རྒྱུའི་དམ་བཅའ་སྙིང་གི་རུས་པར་བྲིས་ཡོད། རྒྱ་རྒན་ནག་པོ་སྡུག་ཤི་རྒྱག་པར་ཤོག

    Reply
  15. གནས་ཚང་། says:
    ལོ་ 14 སྔོན།

    བླ་མེད་སྙིང་སྟོབས་གོ་ཆས་རབ་བསྒཽས་ཤིང་།།
    གཉུག་སེམས་གངས་ཅན་བོད་ལ་བཀོད་པའི་དཔུང་།།
    ཉམས་མེད་བསྐལ་བའི་མཐའ་ལ་བསྲིངས་གྱུར་ནས།།
    རང་དབང་འདྲེན་ལ་སུ་ཞིག་སོམ་ཉིར་ཚུད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese