མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲྭ་པ་ཞིག་དམར་གསོད།

བོད་ཀྱི་དུས་བབ།
༢༠༡༢/༠༧/༡༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་ཁོང་གཏོགས་ཆབ་མདོ་རི་བོ་ཆེའི་གྲྭ་པ་ཞིག་ལ་གཅར་རྡུང་བཏང་སྟེ་འདས་གྲོངས་སུ་ཕྱིན་འདུག

བོད་ནས་འབྲེལ་ཡོད་མི་སྣ་ཞིག་གིས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཉེ་ཆར་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་གཏོགས་ཆབ་མདོ་རི་བོ་ཆེའི་གྲྭ་པདྨ་ནོར་བུ་ཞུ་བ་ཞིག སྡེ་དགེ་རྫོང་གསར་བཤད་གྲྭ་དགོན་པ་ནས་ཁོང་གི་ཕ་ཡུལ་ཆབ་མདོ་རི་བོ་ཆེར་འགྲོ་སྐབས། སྡེ་དགེ་རྫོང་བརྒྱུད་དེ་འགྲོ་མ་ཐུབ་པར་ཁམས་སྐྱེ་རྒུ་མདོ་བརྒྱུད་དགོས་བྱུང་ཡོད་ཀྱང་། རི་བོ་ཆེ་དང་ནང་ཆེན་གྱི་ས་མཚམས་རྡོ་གང་ཐང་ཟེར་བའི་རྒྱ་མིའི་འགག་སྒོར་བསླེབས་སྐབས་ཉེན་རྟོག་པས་ཁོང་འཇུ་བཟུང་སྔོག་བཤེར་བྱས་ཡོད་པ་མ་ཟད། ཁོང་གི་འཁུར་བའི་ཁུག་མའི་ནང་འོད་སྡེར་དང་དཔེ་དེབ་འདྲ་མིན་ཡོད་པར་རྐྱེན་བྱས་ཏེ་གཅར་རྡུང་ཚད་ལས་བརྒལ་བ་བཏང་ཡོད་པ་དང་། སྲོག་ལ་ཉེན་ཁ་ཡོད་པའི་གནས་སུ་བསྐྱལ་རྗེས་ཆབ་མདོ་རྫོང་སྨན་ཁང་དུ་འཇོག་ཁུལ་བྱས་ཡོད་ཀྱང་། དྲག་སྐྱེད་མ་བྱུང་བར་འདས་གྲོངས་སུ་ཕྱིན་འདུག

གྲྭ་པདྨ་ནོར་བུ་ལགས་ནི། ཆབ་མདོ་རི་བོ་ཆེའི་ལྷ་ཁང་ཁྲ་འཁྱིལ་མའི་ཉེ་འདབས་ཀྱི་ཕ་ཨ་རྒྱལ་དང་མ་བདེ་ལྷ་གཉིས་ཀྱི་བུ་ཡིན་པ་དང་། ཁོང་སྤྲུལ་སྐུ་བསོད་རྒྱལ་དགོན་པ་ལྷོ་ཕུ་དགོན་པ་ཞེས་པའི་ནང་གྲྭ་པ་བྱས་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༣ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༣ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༤ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༦ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༨ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 5

  1. ཟླ་བ་དོན་འགྲུབ། says:
    ལོ་ 14 སྔོན།

    རྒྱ་མི་འདི་དག་འདི་ལྟར་བོད་མི་ལ་འཁོན་སེམས་པ་ཅིའི་ཕྱིར་ལྟ་རྒྱ་ཆུང་བའི་རྒྱ་ནག་གི་དམག་མི་དེ་ཚོའི་མིག་ནང་ན་བོད་མི་དག་བསད་ཆོག་ཆོག་གི་འདུ་ཤེས་སྐྱེས་འདུག་བོད་མི་དག་སྙིང་མ་རྗེ་ཨ་ཁ་ཁ་ཀྱེ་མ་་་

    Reply
  2. བློ་གྲོས་བསྟན་འཛིན། says:
    ལོ་ 14 སྔོན།

    རྒྱ་མི་ཡིན་གྱི་རེད་བོད་པ་ཡིན་གྱི་མ་རེད་སོ་སོར་ཤ་གཅོད་ནས་ཁྱི་ལ་སྤྲོད་མ་རེད་པས་

    Reply
  3. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 14 སྔོན།

    ད་ནས་བཟུང་རྒྱ་དམར་གྱིས་གཅར་རྡུང་བྱས་ཏེ། བཀྲོང་པ་རྣམས་ཀྱི་ཕུང་པོ་དང་། བོད་དོན་ཆེད་རང་སྲོག་བློས་བཏང་བྱས་པའི་རྒྱལ་གཅེས་དཔའ་བོ་རྣམས་ཀྱི་སྐུ་ཕུང་རྣམས་ནི་སྐུ་ཞབས་ཧུ་ཅིན་ཐོས་གཙོས་པའི་བོད་ཐོག་བསམ་པ་ངན་ཞིང་སྦྱོར་བ་རྩུབ་པའི་རྒྱ་དམར་དྲག་པོའི་དཔོན་རིགས་ཚོར་ཐུགས་སྤྲོ་གཏོང་སྐབས་ཀྱི་ཟས་སྐལ་དུ་ང་ཚོས་ཕུལ་དགོས། དཔོན་རིགས་ཁྱེད་ཅག་གིས་ཀྱང་ངོ་ཚ་འཛེམས་ཟོན་གང་ཡང་མེད་པར། ཧམ་པ་ཆེན་པོ་དང་བཅས་ཏེ། ང་ཚོའི་སྤུན་ཟླ་ཚོའི་ཤ་ཁྲག་རློན་ཟ་རློན་འཐུང་བྱེད་རོགས་ཞུ།

    Reply
  4. དབུས་སྟོད་ཀྱི་སྐྱ་རེང་། says:
    ལོ་ 14 སྔོན།

    སྙིང་རྗེ། །གྲྭ་པདྨ་ནོར་བུ་ལགས་ཁྱེད་ཀྱིས་བསགས་པའི་དགེ་བའི་བསོད་ནམས་མཐུས་བདེ་ནས་བདེ་བར་འགྲོ་བའི་སྨོན་འདུན་ཞུ།།

    Reply
  5. ཚ་བ་སྒྲོན་མེ། says:
    ལོ་ 14 སྔོན།

    རྒྱ་མི་ལབ་རྒྱ་མི་ལབ་ཙམ་མ་གཏོགས་་གཅར་རྡུང་བཏང་མཁན་དེ་བོད་པ་ཞིག་ཡིན་པ་ཐག་གི་ཆོད་
    ཉེ་སྟོངས་དྲུག་ལོའི་ཕྱི་ཟླ་དགུ་འི་ཚེ་་བཅོ་བརྒྱད་ལ་ཤར་སྐོང་པོར་ང་ཚོ་མི་བདུན་བཅུ་ནང་ས་ཨ་ནེ་སྐལ་བཟང་ནོར་མཚོ་སྲད་མཁན་དེ་ཡང་བོད་པ་ཞིག་རེད་འདུག
    ད་་དེ་ཚོ་ཧ་གོ་ལེ་མ་རེད་།    བླ་མ་མཁྱེན་ཤེ་བུ་ཁོང་ལ་སྤྱེན་གྱིས་གཟིགས་རོགས་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese