མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱལ་ཚོགས་མདུན་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༡༢/༠༧/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༡༣ ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝའི་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ། ས་གནས་རི་ཀོན་དང་ཐུར་བེན་ཐལ་མི་མང་ ༤༥ ཙམ་མཉམ་འཛོམས་ཀྱིས་ཞི་བའི་ལས་འགུལ་སྤེལ་འདུག

སྤྱི་ཟུར་ཆོས་རྒྱལ་བསྟན་འཛིན་ལགས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཕྱི་ཚེས་ ༡༣ ཉིན་གྱི་ཞོགས་པ་ཆུ་ཚོད་ ༡༡ ཙམ་ནས་ཉིན་རྒྱབ་ཆུ་ཚོད་ ༤ བར་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་རི་ཀོན་དགོན་པའི་མཁན་རིན་པོ་ཆེས་དབུས་པའི་དགེ་འདུན་པ་ཞལ་གྲངས་ལྔ་དང་། སྤྱི་ཟུར་རྣམ་པ་གཉིས། སུད་སི་མི་མང་གི་ཚོགས་གཞོན། རི་ཀོན་དང་ཐུར་བེན་ཐལ་ས་གནས་མི་མང་ ༤༥ ཙམ་འདུ་འཛོམས་བྱུང་ཡོད་འདུག

ལས་འགུལ་གྱི་ཐོག་མར་ས་གནས་རི་ཀོན་གྱི་འཐུས་མི་སྐུ་ཞབས་ཐུབ་བསྟན་དགེ་ལེགས་ཀྱིས་ཉིན་དེའི་ལས་རིམ་ངོ་སྤྲོད་དང༌། དེའི་རྗེས་སུད་སི་མི་མང་ཚོགས་གཞོན་བསམ་པ་དོན་གྲུབ་ལགས་ཀྱིས་ཉིེན་དེའི་ལས་འགུལ་གྱི་དམིགས་ཡུལ་རྒྱབ་ལྗོངས་བཅས་གསལ་བཤད་སྒྲུབ་རྗེས་རྒྱལ་བའི་ཞབས་བརྟན་དང་། སྤྱན་རས་གཟིགས་ཀྱི་གཟུངས་སྔགས། བཟང་སྤྱོད་སྨོན་ལམ་བཅས་དུས་ཡུན་ཆུ་ཚོད་ལྔ་ཙམ་གསོག་སྒྲུབ་གནང་།

ས་གནས་ཡུལ་མི་དང་ཡུལ་སྐོར་སྤྲོ་འཆམ་པ་སོགས་ལ་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་། ཆོས་དད་རང་དབང་མེད་པ། རྒྱ་མིས་བོད་ཐོག་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་ཡིག་ཆ་འགྲེམས་སྤེལ་གནང་ཡོད་ཅིང་། ལས་འགུལ་མཇུག་མ་བསྒྲིལ་གོང་ས་གནས་རི་ཀོན་གྱི་འཐུས་མི་སྐུ་ཞབས་ཐུབ་བསྟན་དགེ་ལེགས་དང་། ས་གནས་ཐུར་བེན་ཐལ་གྱི་འཐུས་མི་སྐུ་ཞབས་ཚེ་བརྟན་མགོན་པོ་གཉིས་ཀྱི་མཚན་རྟགས་འཁོད་པའི་ཞུ་སྙན་ཞིག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་འགན་འཛིན་སྐུ་ཞབས་པི་ལ་ཡི་མཆོག་གི་མཚན་ཐོག་ཏུ་ཕུལ་ཡོད་འདུག

ཞུ་སྙན་དེའི་ནང་། རྒྱ་མིས་བོད་མིར་འཛིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་འཕྲལ་དུ་མཚམས་འཇོག་དང་། བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དང་། འགྲོ་བ་མིའི་ཐོབ་ཐང་། ཆོས་དད་རང་དབང་སོགས་མཁྱེན་རྟོགས་ཆེད་འཕྲལ་དུ་བོད་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་གཏོང་གནང་ཡོང་བའི་འབོད་སྐུལ་བཅས་ཞུས་ཡོད་འདུག

མཆན། 4

  1. སེར་སྨད་བློ་དགའ། says:
    ལོ་ 11 སྔོན།

    ལས་འགུལ་བ་རྣམ་པར་སྙིང་ཐག་ནས་ཐུགས་རྗེ་ཆེ་ཞུ། ལས་འགུལ་བའི་གྲལ་སྣེ་ལ་ཡོད་པའི་དགེ་སློང་དེ། སེར་སྨད་དགེ་བཤེས་ལྷ་རམས་པ། སློབ་དཔོན་ཆེན་མོ་ཐུབ་བསྟན་ལེགས་སྨོན་ལགས་རེད་འདུག

    Reply
  2. ཤར་མདའ། says:
    ལོ་ 11 སྔོན།

    བོད་རིགས་སྤུན་ཟླ་མང་པོ་ཞིག་གི་རྒྱ་ནག་དམར་གཞུང་གིས་དྲག་གནོན་གྱི་དབང་གི་རང་ལུས་མེ་བསྲེགས་གནང་དགོས་པ་དང་ད་དུང་བཙོན་འོག་ཏུ་མནར་གཅོད་མྱོང་བཞིན་ཡོད་པ་སོགས་གོང་ཞུས་ལྟར་ལགས་ན་ཁྱེད་རྣམས་པའི་ཕྱིའི་རྒྱལ་ཁབ་ཏུ་འདི་ལྟར་ལས་འགུལ་སྤེལ་བ་འོས་པ་ཞིག་ཡིན་པ་དང་གུས་པའི་ཡི་རིངས་དང་བཀྲིན་ཆེ་ཞུ་རྒྱུ་ཡིན།

    Reply
  3. རྡོ འཇམ་ཚུལ། says:
    ལོ་ 11 སྔོན།

    རྣམ་པ་ལྷན་རྒྱས་ལ་སྙིང་ནས་བཀའ་དྲིན་ཆེ་ཞུ།

    Reply
  4. ཟླ་བ་དོན་འགྲུབ། says:
    ལོ་ 11 སྔོན།

    སྙིང་ནས་ཐུགས་རྗེ་ཆེ་ཞུ་ཐུགས་རྗེ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist