མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་མིའི་སྒྲིག་འཛུཊ་ནང་ལས་ཀ་བྱེད་དུ་ཤོག

བོད་ཀྱི་དུས་བབ།
༢༠༡༢/༠༧/༡༦
Share on FacebookShare on TwitterShare on EmailShare on Whatsapp


ཟླ་འདི
འི་ཕྱི་ཚེ་ ༡༢ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༢།༣༠ ཐོག་༧གོང་ས་མཆོག་ཇཱ་མུ་ཀཱ་ཤི་མིར་རང་སྐྱོང་མངའ་སྡེ་ནང་ཆིབས་བསྒྱུར་བསྐྱངས་ཡོད་ལ། ཉིན་དེར་ཀཱ་ཤི་མར་རང་སྐྱོང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་ཡུལ་སྐོར་སྤྲོ་འཆམ་བློན་ཆེན། དེ་བཞིན་བོད་པའི་ཁ་ཆེ་གཞིས་མི་ ༢༠༠ ལྷག་དང་། ལ་དྭགས་མི་དམངས་ ༡༥༠ ། དེ་མིན་བོད་མི་སིལ་འཚོང་བ་ ༦༠ ལྷག་བཅས་མཉམ་འཛོམས་ཐོག་ཕེབས་བསུ་ཞུས་སོང་།  

ཚེས་ ༡༢ དང་ ༡༣ ཉིན་གཉིས་རིང་༧གོང་ས་མཆོག་གི་བཞུགས་ཡུལ་ནེ་རོ་གསོལ་མགྲོན་ཁང་དུ་སྐུ་ངལ་གསོས་ཡོད་ལ། ཕྱི་ཚེས་ ༡༤ ཉིན་རང་སྐྱོང་ས་ཁུལ་གྱི་སྤྱི་ཁྱབ་བློན་ཆེན་ཨོ་མར་ཨབ་ཏོ་ལ (Omar Abdullah) དང་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་ངག་དབང་རིག་འཛིན་ཅོ་ར། བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་སོགས་ཀྱི་ཕེབས་བསུ་དང་བཅས་བོད་པའི་ཁ་ཆེ་གཞིས་ཆགས་སུ་ཆིབས་བསྒྱུར་བསྐྱངས་ཏེ། བོད་རིགས་ཁ་ཆེའི་སློབ་གྲྭའི་ནང་མི་དམངས་ ༡༥༠༠ ལྷག་ལ་ཤེས་ཡོན་དང་མཉམ་དུ་བཟང་སྤྱོད་ནི་གལ་ཆེན་ཡིན་སྐོར་ཐོག་དཀའ་སློབ་གནང་སོང་།

སྐབས་དེར་༧གོང་ས་མཆོག་གིས་དེ་རིང་འདིར་ངས་ཁྱེད་རང་ཚོ་མཐོང་པས་གྲོགས་པོ་རྙིང་པར་མཇལ་བ་ལྟར་སེམས་ཐག་ཧ་ཅང་ཉེ་པོ་དང་དགའ་ཚོར་ཆེན་པོ་བྱུང་སོང་། ཁྱེད་རང་ཚོ་བོད་ཀྱི་ཁ་ཆེ་སྤུན་ཟླ་ཡོངས་ཀྱིས་ཕྱིའི་དངོས་པོ་ཡར་རྒྱས་གཅིག་པུ་མིན་པར་ནང་སེམས་ཀྱི་ཤེས་ཡོན་ཡར་རྒྱས་བཏང་སྟེ། ཆོས་ལུགས་ཕན་ཚུན་མཐུན་བསྒྲིལ་དང་། བྱམས་བརྩེ་ཡར་རྒྱས། གཞན་ཕན་རོགས་རམ་སོགས་ཀྱི་ཐད་ཤུགས་རྒྱག་དགོས་པ་དང་། ལྐོག་ཟ་རུལ་སུངས་མེད་པའི་ཞི་བདེ་ཡི་སྤྱི་ཚོགས་བསྐྲུན་དགོས་པ། དེ་མིན། རྒྱ་གར་ནང་ལྐོག་ཟ་རུལ་སུངས་མང་པོ་ཡོང་གི་ཡོད་ལ། དེ་ནི་ནང་སེམས་ཀྱི་ཤེས་ཡོན་དང་བཟང་སྤྱོད་ཀྱིས་མ་འདང་པ་ཡིན་པས། ཁྱེད་རང་ཚོས་ཤེས་ཡོན་དང་མཉམ་དུ་བཟང་སྤྱོད་ཡར་རྒྱས་སུ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་བཅས་ཀྱི་བཀའ་སློབ་བསྩལ་སོང་།  

མཇུག་ཏུ་༧གོང་ས་མཆོག་གིས་ང་རང་ཚོ་ཆོས་ལུགས་ཁ་ཁ་ཡིན་ཡང་། མི་རིགས་གཅིག་པ་ཡིན་པས། ཁྱེད་རང་ཚོ་ཕོ་མོ་ཁྱེད་མེད་ཐོག་ངྷ་རམ་ས་ལའི་སྒྲིག་འཛུགས་ནང་མཉམ་ཞུགས་བྱས་ཏེ། ང་རང་ཚོས་དཀའ་ལས་མཉམ་གཅིག་ཏུ་བརྒྱབ་སྟེ་བོད་དོན་བདེན་མཐའ་གསལ་དུས། དགའ་ཞིང་སྤྲོ་བའི་ངང་ནས་སོ་སོའི་ལུང་པར་ལོག་རྒྱུ་བྱུང་ན་དེ་ནི་གཟི་བརྗིད་ཆེན་པོ་ཡིན་ཞེས་སོགས་གསུངས་སོང་།

ཁ་སང་ཕྱི་ཚེས་ ༡༥ ཉིན་ཧི་མ་ལ་ཡའི་ནང་ཆོས་དང་རིག་གཞུང་འཛིན་སྐྱོང་ལྷན་ཚོགས་ཀྱི་གོ་སྒྲིག་འོག་སི་རི་ན་གྷར་དུ་ལ་དྭགས་མཐོ་རིམ་སློབ་ཕྲུག་ ༤༠༠ ལྷག་དང་ལས་བྱེད་ ༡༥༠ ། ཁྱོན་མི་གྲངས་ ༥༥༠ ལྷག་ལ་ཤེས་ཡོན་དང་ནང་ཆོས་གལ་ཆེན་ཡིན་སྐོར་ཐོག་བཀའ་སློབ་དང་དྲི་བ་དྲིས་ལན་གནང་སོང་། ཟླ་འདིས་ཕྱི་ཚེས་ ༡༨ ཉིན་༧གོང་ས་མཆོག་ལ་དྭགས་སུ་ཆིབས་བསྒྱུར་གནང་རྒྱུ་ཡིན་འདུག

ས་གནས་གསར་འགོད་པ་ཤེས་རབ་རྡོ་རྗེ་ལགས་ཀྱིས། ཀ་ཤི་མར་རང་སྐྱོང་མངའ་སྡེ་ནས།

 

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist