མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱང་ཀོ་རེ་ཡའི་དཔོན་རིགས་ནང་ཁུལ་འཐབ་རྩོད།

བོད་ཀྱི་དུས་བབ།
༢༠༡༢/༠༧/༡༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བྱང་ཀོ་རེ་ཡའི་གཞུང་འབྲེལ་བརྙན་འཕྲིན་གྱིས། བྱང་ཀོ་རེ་ཡའི་དམག་དོན་སྤྱི་ཁྱབ་པ་རཱེ་ཡོང་ཧོ་གློ་བུར་དུ་ནད་ཚའི་དབང་གིས་དགོངས་ཞུ་བྱས་ཡོད་ཚུལ་བསྒྲགས་འདུག

ད་ནངས་བྱང་ཀོ་རེ་ཡའི་དབུས་བརྙན་འཕྲིན་ཁང་(KCNA) གིས་གནས་ཚུལ་སྤེལ་པའི་ནང་། ཁ་སང་གཟའ་ཉི་མའི་ཉིན་བྱང་ཀོ་རེ་ཡའི་གཞུང་འཛིན་ཚོགས་པའི་དབུས་དམག་དོན་ལྷན་ཁང་གི་ཚོགས་ཆེན་སྟེང་། དམག་དོན་སྤྱི་ཁྱབ་པ་རཱེ་ཡོང་ཧོ་ (Ri Yong Ho) ནད་ཚའི་དབང་གིས་དགོངས་ཞུ་བྱ་རྒྱུའི་ཐག་གཅོད་བྱུང་ཡོད་སྐོར་བརྗོད་ཡོད་ཀྱང་། ནད་ཚ་ག་རེ་ཡིན་མིན་སྐོར་ལ་ཞིབ་ཕྲའི་གནས་ཚུལ་གང་ཡང་བརྗོད་མི་འདུག རཱེ་ཡོང་ཧོ་ནི་བྱང་ཀོ་རེ་ཡའི་དམག་དོན་སྤྱི་ཁྱབ་པ་དང་། ད་ལྟའི་ལོ་ན་གཞོན་པའི་སྲིད་འཛིན་ཀེམ་ཇོང་ཨེན་(Kim Jong Un) གྱི་རྒྱབ་རྟེན་གལ་ཆེ་ཤོས་ཤིག་ཡིན་འདུག

རཱེ་ཡོང་ཧོ་དགོངས་ཞུ་བྱས་པའི་གནད་དོན་ཐད་བྱང་ཀོ་རེ་ཡའི་དཔྱད་བརྗོད་པ་ཞིག་གིས། དེ་ནི་བྱང་ཀོ་རེ་ཡའི་དམག་དོན་དཔོན་རིགས་དང་མཐོ་རིམ་མི་དྲག་བར་གྱི་འཐབ་རྩོད་རྣམ་པ་ཞིག་མཚོན་ཡོད་པར་བརྗོད་ཡོད་ལ། གནད་དོན་དེའི་ཐད་ལྷོ་ཀོ་རེ་ཡའི་ཀོ་ཀི་མེན་གཙུག་ལག་སློབ་ཆེན་(Kookmin University) གྱི་དགེ་རྒན་ཆེན་མོ་ལཱན་ཀོཝ་(Andrei Lankov) ཡིས་ཀྱང་། ད་ལྟའི་བྱང་ཀོ་རེ་ཡའི་ལོ་ན་གཞོན་པའི་སྲིད་འཛིན་ཀེམ་ཇོང་ཨེན་གྱི་ཨ་ཞང་ཇང་སོང་ཊའེ་ཀི་(Jang Song Taek) དང་། ཁོའི་ཤོག་གཏོགས་པས་དབང་ཤུགས་ཆེན་པོ་བཟུང་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་གསུམ་པ་ནས་བཟུང་ཁོ་རང་ཉིད་དང་ཁོང་གི་ཤོག་གཏོགས་ལ་ཉེན་ཁ་ཡོད་པའི་མཐོ་རིམ་མི་སྣ་རྣམས་ཕྱིར་འབུད་གཏོང་པའི་ནང་ཁུལ་དབང་ཆའི་འཐབ་རྩོད་མངོན་གསལ་ཅན་དུ་འགྱུར་བཞིན་ཡོད་པ་དང་། ཐེངས་འདིར་དམག་དོན་སྤྱི་ཁྱབ་པ་རཱེ་ཡོང་ཧོ་ཕྱིར་བུད་པ་དེ་ཕྱི་ཚུལ་ནས་ང་ཤི་ཁྱོ་གསོན་གྱི་འཁྲུག་རྩོད་མངོན་མེད་ཀྱང་། ནང་ཁུལ་དུ་རྣོ་ངར་ཆེ་བའི་འཐབ་རྩོད་ཅིག་ཡོང་གི་ཡོད་པ་ཟུར་བལྟས་ལེབ་མཐོང་ཡིན་པ་བརྗོད་འདུག

བྱང་ཀོ་རེ་ཡ་ནི་ཀེམ་ཁྱིམ་བརྒྱུད་ཀྱིས་སྲིད་དབང་སྒེར་འཛིན་བྱེད་པའི་དམར་ཤོག་སྲིད་གཞུང་ཞིག་ཡིན་པ་དང་། ལོ་སྔོན་མའི་ནང་ཀེམ་ཇོང་(Kim Jong II) གློ་བུར་དུ་འདས་གྲོངས་སུ་གྱུར་རྗེས། ལོ་ན་གཞོན་པའི་ཁོང་གི་བུ་ཀེམ་ཇོང་ཨེན་ཕ་ཤུལ་བུ་འཛིན་དུ་བྱང་ཀོ་རེ་ཡའི་སྲིད་འཛིན་ལ་བསྐོ་བཞག་བྱས་ཡོད།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

ཆུ་ཚོད་ ༣ སྔོན་ལ།
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༢༢ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༢༣ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༢༣ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༢༣ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese