མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པའེ་ཏའེ་ཧི་དང་སྟབས་བསྟུན་ནས་ཅཱང་གིས་དྲུག་བཞི་གླེང་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༧/༡༧
Share on FacebookShare on TwitterShare on EmailShare on Whatsapp


རྒྱ་གཞུང་གིས་ཟླ་འདིའི་ཕྱི་ཚེས་
༢༥ ནས་ཕྱི་ཟླ་ ༨ པའི་ཟླ་དཀྱིལ་བར་པའེ་ཏའེ་ཧི་ཚོགས་འདུ་ཚོགས་གཏན་ཁེལ་ཡོད་པ་དང་། ཚོགས་འདུའི་སྟེང་མ་འོངས་པའི་རྒྱ་གཞུང་དཔོན་རིགས་འདེམས་སྒྲིག་དང་། དམར་ཤོག་སྒྲིག་ཡིག་བཅོས་སྒྲིག་སྐོར་གཏན་འབེབས་བྱ་འཆར་ཡོད་འདུག

པེ་ཅིན་གྱི་འབྲེལ་ཡོད་མི་སྣས་མཱེན་ཅིན་ཟླ་དེབ་ཀྱི་གསར་འགོད་པར་བརྗོད་པ་ལྟར་ན།  ཉེ་སྔོན་རྒྱ་གཞུང་གི་སྲིད་འཛིན་ཟུར་པ་ཅང་ཙེ་མཱེན་པེ་ཅིན་ཆོན་ཧྲན་དུ་ཧུའུ་ཅིན་ཐའོ་ཕུད་པའི་རྒྱ་གཞུང་གི་ད་ལྟའི་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་དཔོན་རིགས་ཚང་མར་ཐུག་འཕྲད་བྱས་ཡོད་པ་མ་ཟད། ཅཱང་གིས་གླེང་མོལ་སྐབས་དྲུག་བཞིའི་གནད་དོན་མུ་མཐུད་མནར་འགྱངས་བྱ་ཐབས་མེད་པར་ཐག་གཅོད་དགོས་པ་དང་། དྲུག་བཞིའི་གནད་དོན་དཀར་འདོན་གྱི་ཇུས་གཞི་ཞིག་བཏོན་ཏེ། འཆར་གཞི་ལྡན་པ་དང་རིམ་པ་ཡོད་པའི་ཐོག་ལག་བསྟར་བྱ་དགོས་སྐོར་བརྗོད་ཡོད་འདུག མ་གཞི་ཅཱང་ནི་དྲུག་བཞི་དམར་གསོད་ཀྱི་ལག་དམར་གཙོ་བོ་དེ་ཆགས་ཡོད་སྟབས།  ཅཱང་གིས་བཏོན་པའི་བསམ་ཚུལ་དེས་པའེ་ཏའེ་ཧི་ཚོགས་འདུ་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚོགས་ཆེན་སྐོར་ལ་ཤུགས་རྐྱེན་གང་འདྲ་ཞིག་འབྱུང་མིན་ཐད། ཆབ་སྲིད་དབྱེ་ཞིབ་པ་མང་པོ་ཞིག་ལ་དོགས་སློང་གསར་བ་ཞིག་བསྐྲུན་ཡོད་པ་རེད།

མཱེན་ཅིན་ཟླ་དེབ་སྟེང་སྤེལ་བའི་གནས་ཚུལ་ནང་། མི་ཚང་མས་དོ་སྣང་ཤུགས་ཆེན་བྱེད་བཞིན་པའི་རྒྱ་གཞུང་མཐོ་རིམ་མི་སྣ་འདེམས་སྒྲིག་ཐད།  ད་ལྟའི་ཆར་གནད་དོན་ཆེ་ཤོས་ནི་རྒྱ་གཞུང་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་མི་ ༩ དེ། མ་འོངས་པར་མི་ ༧ ལ་ཉུང་འཕྲི་བྱ་ཐུབ་མིན་དང་། སྐབས་བཅོ་བརྒྱད་པའི་ཚོགས་ཆེན་དེ་ཕྱི་ཟླ་ ༡༠ ཟླ་དཀྱིལ་ནས་ཕྱི་ཟླ་ ༡༡ ཟླ་མགོ་བར་ཚོགས་གཏན་ཁེལ་ཐུབ་མིན་བཅས་ཡིན་སྟབས། ད་ལྟ་འཚོགས་འཆར་གྱི་པའེ་ཏའེ་ཧི་ཚོགས་འདུའི་སྟེང་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་མི་སྣ་འདེམས་སྒྲིག་ཐད་གཞི་རྩའི་གོ་སྒྲིག་ཡོང་ངེས་པའི་སྐོར་བརྗོད་འདུག

ཉེ་སྔོན་ཧོང་ཀོང་ནན་ཧྭ་ཞོགས་པའི་གསར་ཤོག་གིས་རྒྱ་གཞུང་མཐོ་རིམ་དཔོན་རིགས་ནང་ཁུལ་དུ། མ་འོངས་པའི་རྒྱ་གཞུང་གི་མཐོ་རིམ་དཔོན་རིགས་མིང་འདོན་གྱི་འོས་འདེམས་བྱས་ཡོད་པའི་གནས་ཚུལ་ཞིག་སྤེལ་པའི་ནང་།  སྐབས་བཅོ་བརྒྱད་པའི་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་མི་གྲངས་ ༧ ལ་ཉུང་འཕྲི་བྱ་རྒྱུ་ཡིན་པ་དང་། ཞི་ཅིན་ཕེན་དང་ལི་ཁི་ཆང་གཉིས་ཕུད་པའི།  རྒྱུན་ལས་ཁྲོད་རེ་བ་ཡོད་མཁན་རྣམས་ནི་ཧྲང་ཧེ་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་ཡུས་ཀྲིན་ཧྲིན་དང་། སྲིད་བློན་གཞོན་པ་དང་ཁྲུང་ཆིན་གྲོང་ཁྱེར་དམར་ཤོག་དྲུང་ཆེ་ཀྲང་ཏིག་ཅང་། སྲིད་བློན་གཞོན་པ་ཝང་ཀྲི་ཧྲན། རྩ་འཛུགས་སྡེ་ཁག་གི་མགོ་གཙོ་ལིས་ཡོན་ཁྲའོ། རྒྱ་གཞུང་དབུས་དྲིལ་བསྒྲགས་སྡེ་ཁག་གི་མགོ་གཙོ་ལིག་ཡོན་ཧྲན་བཅས་ཡིན་པའི་ཚོད་བགམ་བྱས་ཡོད།

ཡིན་ནའང་། ཉེ་ཆར་པའོ་ཞོན་རྒྱ་ཡིག་དྲ་བས་རྒྱ་གཞུང་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་མི་ ༩ གྲངས་འབོར་དེ་སྐབས་བཅོ་བརྒྱད་པར་མུ་མཐུད་རྒྱུན་གནས་བྱ་རྒྱུ་ཡིན་སྐོར་བརྗོད་འདུག་ལ།  དེ་བཞིན། མཱེན་ཅིན་ཟླ་དེབ་ཀྱིས་རྒྱ་གཞུང་འབྲེལ་ཡོད་མི་སྣས་བརྗོད་པའི་གནས་ཚུལ་བཀོད་པའི་ནང་། རྒྱ་གཞུང་དཔོན་རིགས་ནང་ཁུལ་གྱི་གསང་བའི་འོས་འདེམས་དེ་ཕྱི་ཟླ་ ༦ ཚེས་ ༢༥ ཉིན་བྱ་གཏན་ཁེལ་ཡོད་ཀྱང་། རྒྱ་གཞུང་དབུས་ཡིག་ཚང་གི་དྲུང་ཆེ་ཅིན་ཅིས་ཧྭ་དང་ཁྲིམས་སྲིད་ལྷན་ཁང་གི་དྲུང་ཆེ་ཀྲུག་ཡུང་ཁཱང་གི་ལྐོག་ཇུས་ལ་བརྟེན་ནས། ཕྱི་ཟླ་ ༥ ཚེས་ ༧ ལ་སྔ་སྣུར་གྱིས་ཚོགས་དགོས་བྱུང་བ་དང་། དེ་ནི་ཅིན་ཅིས་ཧྭ་རྒྱུན་ལས་ཁྲོད་འཛུལ་ཐུབ་ཆེད་དང་། ཕྱི་ཟླ་ ༣ ཚེས་ ༡༨ ཉིན་པེ་ཅིན་དུ་ཅིན་ཅིས་ཧྭ་ཡི་བུ་རླངས་འཁོར་དོན་རྐྱེན་འོག་རྐྱེན་འདས་སུ་བཏང་བ་སོགས་ཀྱི་འཇིགས་སྣང་གནོན་ཤུགས་ཀྱི་རྐྱེན་གྱིས་ཡིན་སྐོར་བརྗོད་འདུག 

རྒྱ་གཞུང་དཔོན་རིགས་རིམ་པས་དབང་འཛིན་སྐབས། རང་ཉིད་ཀྱི་ལངས་ཕྱོགས་རྣམས་རྒྱ་གཞུང་དམར་ཤོག་ཚོགས་པའི་སྒྲིག་ཡིག་ནང་བཅུག་སྟེ། སྐབས་སོ་སོའི་རྒྱ་གཞུང་དམར་ཤོག་པའི་ཆབ་སྲིད་ཁ་ཕྱོགས་བཅོས་སྒྲིག་བྱས་ཡོད་ལ། དེའང་  ༡༩༩༧ ལོར་རྒྱ་གཞུང་སྐབས་བཅོ་ལྔ་པའི་དམར་ཤོག་རྩ་འཛིན་ནང་ཏིན་ཞའོ་ཕིན་གྱི་རིག་པའི་གཞུང་ལུགས་ནི་བསམ་བློའི་མཛུབ་སྟོན་དུ་བཟུང་ཞིང་།  ༢༠༠༢ ལོར་སྐབས་བཅུ་དྲུག་པའི་དམར་ཤོག་རྩ་འཛིན་ནང་མཚོན་བྱེད་གསུམ་དང་། ༢༠༠༧ ལོར་སྐབས་བཅུ་བདུན་པའི་དམར་ཤོག་རྩ་འཛིན་ནང་ཚན་རིག་གི་འཕེལ་རྒྱས་ལྟ་བ་གཙོར་འདོན་བཅས་བྱས་ཡོད་པ་ལྟར། མ་འོངས་པའི་སྐབས་བཅོ་བརྒྱད་པའི་རྗེས་ཞིས་ཅིན་ཕེན་གྱིས་དམར་ཤོག་རྩ་འཛིན་ནང་ལངས་ཕྱོགས་གང་འདྲ་ཞིག་གཙོར་འདོན་བྱ་མིན་ནི་ཆབ་སྲིད་དབྱེ་ཞིབ་དག་གིས་དོ་སྣང་བྱ་ཡུལ་ཞིག་ཆགས་ཡོད་འདུག

རྒྱ་གཞུང་གི་ཚོགས་ཆེན་བཅུ་དྲུག་པའི་གཏན་འབེབས་ལྟར།  རང་ལོ་ ༦༨ ལོན་མཁན་ཆ་ཚང་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ནས་རང་བཞིན་གྱིས་རྒན་ཡོལ་བྱེད་དགོས་སྟབས། རྒྱ་གཞུང་དབུས་ཆབ་སྲིད་ལྷན་ཁང་གི་ད་ཡོད་རྒྱུན་ལས་མི་ ༩ ཁྲོད་ནས་མི་ ༧ རྒན་ཡོལ་དུ་འགྲོ་དགོས་པ་མ་ཟད།  རྒྱ་གཞུང་དབུས་ཆབ་སྲིད་ལྷན་ཁང་གི་འཐུས་མི་ ༢༥ ཁྲོད་ནས་ཀྱང་མང་ཤོས་རྒན་ཡོལ་དུ་འགྲོ་དགོས་པར་བརྟེན། སྐབས་བཅོ་བརྒྱད་པའི་ཚོགས་ཆེན་དེ་ནི་རྒྱ་གཞུང་གི་དཔོན་རིགས་གསར་རྙིང་བརྗེ་སྤོར་རིམ་པའི་ཁྲོད་མི་འབོར་ཆེས་མང་ཤོས་དང་། རྒྱ་གཞུང་དཔོན་རིགས་ནང་ཁུལ་ཤོག་ཁག་བར་མི་སྣ་འདེམས་སྒྲིག་ཐད་ཕན་ཚུན་འཐབ་རྩོད་ཀྱི་རྣོ་ངར་ཧ་ཅང་ཆེ་བའི་སྐབས་ཤིག་ཆགས་ཡོད་པར་མ་ཟད།  རྒྱ་ནག་ནང་དབུལ་ཕྱུག་གི་ཧེ་བག་དང་། དཔོན་རིགས་རུལ་སུངས། དམངས་དང་དམར་གཞུང་བར་འགལ་ཟླ་ཆེས་ཆེ་བའི་དུས་མཚམས་ཤིག་ལའང་སླེབས་ཡོད་པ་རེད།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༢ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 4

  1. ཀླུ་ཚང་། ཨ་འཕྲིན། says:
    ལོ་ 14 སྔོན།

    རིམ་པས་འགྱུར་བ་ཞིག་འགྲོ་རྒྱུ་ཡིན་ཚོད་འདྲ་ཡང་། ང་ཚོར་ཕན་པའི་འགྱུར་བ་ཞིག་འགྲོ་མི་འགྲོ་ཚོད་དཔག་བྱ་སའི་གཞི་ཡང་མི་འདུག་གཱ

    Reply
  2. ཇོ་རུ་ཚེ་རིང་། says:
    ལོ་ 14 སྔོན།

    འདབ་པ་ལགས། ངས་འདིར་རྒྱ་ནག་ནང་གནས་ཚུལ་ག་རེ་བྱུང་བཞིན་ཡོད་མེད་འགོད་ཀྱིན་པ་ལས། ཁྱེད་ཅག་མཁས་དབང་རྣམ་པ་ནང་བཞིན་མིག་བཙུམ་ནས་སྣང་ལ་གང་ཤར་གྱི་དཔྱད་བརྗོད་སྤེལ་གྱིན་མེད། མ་གཞི་རྒྱ་ནག་གི་གནས་སྟངས་ཙམ་ཡང་མ་ཤེས་པར་ཁ་གཏད་དུ་ཇི་ལྟར་ལངས་ཨང་། ལྷག་པ་མཐོང་མཁན་ཀུན་ཀྱིས་རྒྱ་ནག་སྐོར་གྱི་དཔྱད་རྩོམ་དང་གནས་ཚུལ་ཀུན་ལས་ལྷག་པ་གང་མང་སྤེལ་རྒྱུར་སྙིང་ནས་རེ་བཞིན་ཡོད་དོ།

    Reply
  3. འདབ་པ་ཚེ་དབང་མགོན་པོ། says:
    ལོ་ 14 སྔོན།

    རྒྱ་ནག་གི་དཔོན་རིགས་འཕོ་འགྱུར་འགྲོ་ན་ཕན་ཐོགས་ཅི་ཡོད། དེ་སྔོན་མའོ་ཙེ་ཏུང་གྲོངས་པ་ནས་བཟུང་ད་ལྟ་བར་འཕོ་འགྱུར་སོང་བ་རེད། བོད་ལ་ཕན་ཐོགས་ཅི་བྱུང་སོང་།
    དེ་ལས་རེ་བ་མེད་ས་རེ་བ་བརྒྱབ་སྟེ་མ་བསྡད། རང་ཉིད་རང་ཉིད་ལ་མགོ་སྐོར་བཏང་ན་གཞན་གྱིས་གསལ་བཤད་བྱེད་མཁན་འོང་གིན་མ་རེད། དེ་ལས་རྣམ་དཔྱོད་དང་ལྡན་པའི་སྒོ་ནས་སྐད་ཆ་ཤོད་དང་། གྲུབ་འབྲས་ཡོད་པའི་སྐད་ཆ་ཡོད་ན་ཤོད། བསམ་བློ་དང་འཆར་གཞི་ལྡན་པའི་སྐད་ཆ་འདྲ་ཡོད་ན་ཤོད། དེ་ལས་ཡར་འགྱུར་ལྡོག་འགྲོ་གིན་འདུག མར་འགྱུར་ལྡོག་འགྲོ་གིན་འདུག་ཅེས་བཤད་དེ་ཅི་ཕན། དེ་ནི་ཀུན་གྱིས་ཁྱེད་ལྷག་པ་མཐོང་བཞིན་པ་རེད།

    Reply
  4. ཤར་མདའ། says:
    ལོ་ 14 སྔོན།

    རྒྱ་ནག་དམར་གཞུང་གི་ཆབ་སྲིད་ཀྱི་མི་སྣ་གཙོ་བོ་རྣམས་རིམ་བཞིན་རྒན་ཡོལ་དུ་འགྲོ་དགོས་པ་འདི་ཡག་རྟགས་ཞིག་རེད་ཟེར་ན་ཆོག་གང་ལྟར་དམར་ཕྱོགས་གཞུང་མགོ་གཙོ་སུ་ཞིག་ཡིན་རུང་རྩ་བའི་དམར་གཞུང་གི་འགྲིག་གཞུ་ལྟར་འགྲོ་དགོས་ན་ཡང་རྒན་གཞོན་གཉིས་ཀྱི་བསམ་བློའི་ཁྱར་པར་གྱི་རང་བཞིན་ལ་ལྟས་ན་ལེགས་པའི་ཕྱོགས་སུ་འགྲོ་པར་དགེ་མཚན་ཡོད་མཉམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese