མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབར་ཁམས་སུ་བོད་མི་ཞིག་གིས་མེར་བསྲེཊ།

བོད་ཀྱི་དུས་བབ།
༢༠༡༢/༠༧/༡༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྔ་པ་ཁུལ་འབར་ཁམས་རྫོང་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པའི་གྲྭ་པ་ཞིག་གིས་རང་ལུས་མེར་བསྲེཊ་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཏེ་སྐུ་གྲོངས་འདུག

བཞུགས་སྒར་ཀིརྟི་བྱེས་བ་གྲྭ་ཚང་གི་བོད་ནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་དང་བློ་བཟང་ཡེ་ཤེས་གཉིས་ཀྱི་འདི་གར་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། དེ་རིང་ཕྱི་ཚེས་ ༡༧ ཉིན་གྱི་བོད་ནང་གི་ཉིན་གུང་ཆུ་ཚོད་ ༡༢ ཡོལ་ཙམ་ལ་མདོ་སྨད་རྔ་པ་བོད་རིགས་རང་སྐྱོང་ཁུལ་འབར་ཁམས་རྫོང་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པའི་རང་ལོ་ ༡༨ ཡིན་པའི་གྲྭ་བློ་བཟང་བློ་འཛིན་ལགས་ཀྱིས། ཚོ་བདུན་ཀིརྟི་དགོན་པའི་གླིང་དཀྱིལ་གྱི་འདུ་ཁང་མདུན་ནས་རང་ལུས་མེར་སྲེག་བཏང་སྟེ་ས་གནས་ཞང་སྲིད་གཞུང་ཕྱོགས་སུ་གོམ་བགྲོད་ཀྱིས་ཕེབས་ཡོད་ཅིང་། ཅུང་ཙམ་ནས་ལུས་ཀྱི་མེ་ཤུགས་ཆེ་རུ་སོང་སྟབས་ས་ལ་འགྱེལ་ནས་མེ་ཤུགས་དྲག་པོའི་ཀློང་དུ་སྐུ་གྲོངས་ཡོད་འདུག མེ་སྒྲོན་པ་དང་མཉམ་དུ་སྐད་འབོད་མང་པོ་ཞིག་བྱས་ཡོད་ཀྱང་བརྗོད་ཚིག་གང་ཡིན་གསལ་བོ་ཤེས་རྟོགས་ཐུབ་མེད།

གནས་ཚུལ་དེ་བྱུང་རྗེས་གྲྭ་པ་རྣམས་ཀྱིས་སྐུ་ཕུང་གཙང་ཉར་བྱས་ཏེ། ཀུན་རིག་རྣམ་པར་སྣང་མཛད་ཀྱི་སྒོ་ནས་རྗེས་འཇུག་གི་ཆོ་ག་བསྒྲུབས་དང་སྒྲུབ་མུས་ཡིན་ཞིང་། གྲྭ་པ་རྣམས་ཀྱིས་དོ་དགོང་མཚན་ལ་སྐུ་ཕུང་ཞུགས་འབུལ་བྱེད་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་འདུག  དེ་རྗེས་འབར་ཁམས་རྫོང་ནས་དྲག་ཆས་ཉེན་རྟོག་པ་སོགས་མང་པོ་ཞིག་ཚོ་བདུན་ཀིརྟི་དགོན་པའི་ཕྱོགས་སུ་ཡོང་གི་ཡོད་ཀྱང་ཚོ་བདུན་མི་མང་གིས་ཚོ་བདུན་ཟམ་ཁ་ནས་བཀག་འགོག་བྱེད་རྒྱུའི་གྲ་སྒྲིག་བྱས་ནས་ཡོད་འདུག་པས་ཉེན་རྟོག་པ་དང་མི་མང་གདོང་ཐུག་གིས་ཛ་དྲག་གི་གནས་ཚུལ་ཡོང་ཉེན་ཡོད་འདུག

སྐུ་གཤེགས་རྒྱལ་གཅེས་དཔའ་བོ་དམ་པ་ཁོང་ནི། འབར་ཁམས་རྫོང་རྒྱལ་རོང་ཚོ་བདུན་ཞང་ཥོ་ལ་ཅང་སྡེ་བའི་མཁར་མགོ་ཚང་ནས་ཡིན་ཞིང་། ཕ་མིང་ལ་འབྱོར་རྒྱས་དང་། མ་མིང་ལ་ཚེ་པོ་པོ་ཟེར། ཆུང་དུས་ནས་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པར་ཆོས་ཞུགས་གནང་སྟེ་ད་ལྟ་འཛིན་གྲྭ་ཁ་དོག་གོང་མ་ཡིན་ཞིང་། འཛིན་གྲྭའི་ནང་ནས་སློབ་སྦྱོང་རྩེ་གྲས་ཡིན་པར་མ་ཟད་ཀུན་སྤྱོད་ལེགས་ཤིང་ཡ་རབས་ཚུལ་མཐུན་གྱི་ཁ་ཡ་ན་ཟླས་མིག་དཔེར་འོས་པ་ཞིག་ཡིན་འདུག མི་ཚང་དེར་ད་ལྟ་ནང་མི་ལྔ་ཡོད་འདུག

རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པ་ནི་འབར་ཁམས་ རྫོང་ཁོངས་སུ་ཡོད་ཅིང་། འབར་ཁམས་རྫོང་ནས་བྱང་ཕྱོགས་སུ་སྤྱི་ལེ་ ༨༥ ཙམ་གྱི་སར་ཡོད། དགོན་འདིའི་མིང་ཆ་ཚང་ལ་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་དགེ་ལྡན་བཀྲ་ཤིས་ཆོས་གླིང་ཡིན་ཞིང་། དེང་སྐབས་དགེ་འདུན་ཞལ་གྲངས་ ༣༠༠ ལྷག་ཡོད་པའི་རྒྱལ་རོང་ཕྱོགས་ཀྱི་དགེ་ལུགས་པའི་དགོན་པ་ཆེ་ཤོས་ཡིན་འདུག དེ་སྔོན་ཕྱི་ཟླ་ ༣ ཚེས་ ༣༠ ཉིན་དགོན་འདིའི་གྲྭ་འཆི་མེད་དཔལ་ལྡན་དང་གྲྭ་བསྟན་པ་དར་རྒྱས་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་སྐུ་གྲོངས་ཡོད་འདུག

 

འབྲེལ་ཡོད་གསར་འགྱུར།

Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

སྐར་མ ༤༧ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

ཆུ་ཚོད་ ༢༣ སྔོན་ལ།
ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས། ༢༠༢༦།༣།༩། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

འཛམ་གླིང་ཡོངས་ཀྱིས་བོད་དོན་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་བྱེད་དགོས་སྐོར་གསུངས།

༢༠༢༦/༠༣/༠༩
Photo Credit: UYGHUR HUMAN RIGHTS PROJECT
Mobile App

ཨི་ཊ་ལིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་རྒྱ་རིགས་ ༨ ཕྱིར་ཕུད་བཏང་།

༢༠༢༦/༠༣/༠༩
Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

༢༠༢༦/༠༣/༠༩
Mobile App

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་སོང་།

༢༠༢༦/༠༣/༠༧

མཆན། 11

  1. མི་རྟག་པས་ཟིན་པའི་ཤ་རུས says:
    ལོ་ 14 སྔོན།

    ཧ་ཧ་་ སྐད་འབོད་ཀྱི་ནང་དོན་གང་ཡིན་མ་ཤེས་པ་ལ་ངོ་རྒོལ་གྱི་སྐད་འབོད་བྱས་ཡོད་འདུག་ཟེར་བ་འདིས་བློ་གཟུ་བོར་ཅན་ཚོ་དུས་ནམ་ཡང་མགོ་སྐོར་གཏོང་མི་ཐུབ་། དངོས་གནས་བྱས་ན་དགའ་བསུའི་སྐད་འབོད་བྱས་ཡོད་དམ་ངོ་རྒོལ་གྱི་སྐད་འབོད་བྱས་ཡོད་མེད་མགོ་མ་ཚོས་པར་དཀྲོག་གཏམ་དེ་འདྲ་ངོ་ཚ་དགོས་པ་རང་རེད་།།།།།།།།།།།།།།།།།།

    Reply
  2. ཚ་ཤོད་ཤེས་རབ། says:
    ལོ་ 14 སྔོན།

    རྒྱལ་གཅེས་དཔའ་བོ་ཁོངས་ལ་སེམས་གཏིང་ནས་མྱ་ངན་དང་བསྔོ་སྨོན་ཞུ། ཁྱེད་ཅག་གི་མཛད་རྒྱས་བོད་ཀྱི་ས་སྒང་མ་ཟད་པར། ང་ཚོ་གདོང་དམར་གྱི་སེམས་ཁོང་དུ་དུས་ནམ་ཡང་མི་ནུབ་པའི་རྟག་བརྟན་གྱི་རྡོ་རིང་ཞིག་་་་་་་་་་་་་

    Reply
  3. ལུང་རྟོགས། says:
    ལོ་ 14 སྔོན།

    དཔའ་བོ་ཁྱེད་རྟག་ཏུ་རྒྱལ་གྱུར་གཅིག

    Reply
  4. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    དཔའ་བོ་ཁྱེད་རྣམས་ཀྱི་བསམ་དོན་འགྲུབ་པར་ཤོག བླ་མ་ཡིད་བཞིན་ནོར་བུས་མཁྱེན། །

    Reply
  5. ཤར་མདའ། says:
    ལོ་ 14 སྔོན།

    རྒྱལ་གཅེས་དཔའ་བོ་ཁོང་གི་ཐུགས་དགོངས་ཟབ་ཡོངས་སུ་འགྲུབ་དང་མྱུར་ཏུ་མི་ལུས་རིན་པོ་ཆེ་ལོན་པའི་གསེལ་འདེབས་སྙིང་ནས་ཞུ།  བོད་རྒྱལ་ལོ་བདེན་པ་རྒྱལ་ལོ་འཚེ་མེད་ཞི་བ་རྒྱལ་ལོ།

    Reply
  6. ཆུ་ཐིགས་སྔོན་མོ། says:
    ལོ་ 14 སྔོན།

    འུ་ཚང་ད་འདི་ལྟར་ཚར་དགོས་པ་རེད་དམ

    Reply
  7. ཟླ་བ་དོན་འགྲུབ། says:
    ལོ་ 14 སྔོན།

    ལག་པ་ཟུང་་གིས་སྨྱུ་གུ་འདེགས་དེ་དཔའ་བོ་དག་ལ་གཟི་བརྗིད་ཀྱི་སྟོད་བསྔགས་ཐན་ཐུན་རེ་འབྲི་འདོད་ཀྱང་སེམས་གཏིང་གི་འབྲི་འདོད་པ་ཇི་བཞིན་ཡིག་ཐོག་ཏུ་ཕབ་ཐུབ་ཀྱིན་མི་འདུག
    འོན་ཀྱང་ངས་ནམ་ཡང་དཔའ་བོ་དག་གི་བློས་བཏང་ལ་ཡིད་སྨོན་དང་རྗེས་དྲན་ཞུ་་་་་་་་

    Reply
  8. བསྟན་འཛིན་འཕགས་པ། says:
    ལོ་ 14 སྔོན།

    ལྷག་བསམ་དང་སྙིང་སྟོབས་ལ་ཞིམ་པ་མེད་པའི་དཔའ་རྒོད་ཁྱེད་རང་མྱུར་དུ་ཡང་མི་ལུས་རིན་པོ་ཆེན་ཐོབ་པའི་སྨོན་འདུན་ཞུ།

    Reply
  9. ལྷ་གཟི་ཁྲ་ཆུང་། says:
    ལོ་ 14 སྔོན།

    རྒྱལ་གཅེས་དཔའ་བོ་ཚོའི་ཞུམ་མེད་ཀྱི་སྙིང་སྟོབས་དང་ཡལ་མེད་ཀྱི་རིགས་ཞེན།འགོག་མེད་ཀྱི་གཏོང་ཕོད་ལ་གུས་འདུད་དང་གདུང་སེམས་མཉམ་བསྐྱེད་ཞུ།

    Reply
  10. སྐར་མདའ། says:
    ལོ་ 14 སྔོན།

    རྒྱལ་གཅེས་དཔའ་བོ་ཚོའི་ཐུགས་དགོངས་ཟིན་པར་ཤོག བཀའ་ཁྲི་ཕྱེ་མ་ལེབ་ཚང་ལ་བཅོས་མིན་གྱི་ཚོར་ཤེས་ཤིག་ཡོད་ན་གང་དགར་འཕུར་ཚོད་མ་རེད།

    Reply
  11. ཤག་སྒང་པ། says:
    ལོ་ 14 སྔོན།

    གངས་རིའི་ཚེ་སྲོག་འཚོ་བའི་ཆེད་་་་་་་་་་འདི་ལྟར་བློས་བཏང་ཆེན་པོ་གནང་བར་སྙིང་ནས་གུས་འདུད་ཞུ།

    བདེན་པའི་རྒྱལ་ཁ་རྒྱལ་གྱུར་ཅིག་་་་་་་མེ་ལྕེའི་རྒྱལ་ཁ་མངོན་གྱུར་ཅིག་་་་་་་་་་་་་ཞི་བདེའི་སྨྲ་ཚིག་གོ་གྱུར་ཅིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese