མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མེར་བསྲེཊ་མཁན་ཚོའི་འགན་རྒྱ་གཞུང་ལ་ཡོད།

བོད་ཀྱི་དུས་བབ།
༢༠༡༢/༠༧/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༡༧ ཉིན་གྱི་ཉིན་གུང་ཙམ་ལ་མདོ་སྨད་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པའི་རང་ལོ་ ༡༨ ཡིན་པའི་གྲྭ་བློ་བཟང་བློ་འཛིན་ལགས་ཀྱིས། རྔ་པ་ཁུལ་འབར་ཁམས་རྫོང་ཚོ་བདུན་ཀིརྟི་དགོན་པའི་འདུ་ཁང་ཉེ་འགྲམ་དུ། རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐབས་ཐོག་དེར་སྐུ་གྲོངས་ཡོད་འདུག་ལ། གནད་དོན་དེའི་ཐོག་ཕྱི་ཚེས་ ༡༧ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཛ་དྲག་གི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་འདུག

སྤྱི་འཐུས་ལྷན་ཚོགས་ཀྱི་གསལ་བསྒྲགས་དེར་འཁོད་དོན། “༢༠༠༩ ལོ་ནས་ད་བར་བོད་ནང་རང་ལུས་མེར་བསྲེཊ་གཏོང་མཁན་ ༤༤ ཙམ་བྱུང་ཡོད་ཅིང་། གྲྭ་བློ་བཟང་བློ་འཛིན་ལཊ་ནི་བོད་ནང་མེར་བསྲེཊ་བཏང་སྟེ་འདས་གྲོངས་སུ་ཕྱིན་པའི་བོད་མི་ ༣༣ པ་དེ་ཆགས་ཡོད། སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་ནང་རང་ལུས་མེར་བསྲེཊ་དང་དམར་གསོད་དོན་རྐྱེན་བྱུང་ཐེངས་རེར་བསྒྲཊ་གཏམ་སྤེལ་ཏེ། བོད་ནང་གི་དོན་རྐྱེན་དེ་དག་ནི་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་མཁྲེཊ་འཛིན་དང་ཕྱོཊ་ལྷུང་སྲིད་བྱུས་ལ་བརྟེན་ནས་འབྱུང་བཞིན་ཡོད་སྟབས། ཇི་སྲིད་བོད་ཐོག་འཛིན་པའི་མཁྲེཊ་འཛིན་སྲིད་བྱུས་ལ་བསྒྱུར་བཅོས་མ་བཏང་བར། བོད་ཆོལ་ཁ་གསུམ་ནང་མེར་བསྲེཊ་ཀྱིས་མཚོན་ལས་འགུལ་སྣ་ཚོཊ་འབྱུང་སྲིད་པས། དེ་དག་གི་འགན་ཆ་ཚང་རྒྱ་གཞུང་གིས་འཁྱེར་དགོས་པ་ལས་གཞུང་སྒེར་སུ་ལའང་ངན་ཁག་དཀྲི་ས་མེད་ ”ཅེས་འཁོད་འདུག

ཡང་གསལ་བསྒྲགས་དེར།  “དེང་སྐབས་རྒྱ་གཞུང་གིས་རྒྱུན་ལྡན་ལྟར་བོད་ནང་མེར་བསྲེཊ་དང་མི་དམངས་འདུ་འཛོམས་སོགས་ཀྱི་ཞི་རྒོལ་བྱུང་སྐབས། ༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུཊ། ལས་འགུལ་བ་མི་སྒེར་བཅས་ལ་བསྙོན་འཛུཊ་བྱས་ཏེ། རྒྱལ་ཁབ་འདྲ་མིན་ནང་བརྒྱུད་ལམ་སྣ་ཚོཊ་ལ་འགྲོ་གྲོན་འབོར་ཆེན་བཏང་སྟེ། ལོག་པའི་ཁྱབ་བསྒྲཊ་བྱས་དང་བྱེད་བཞིན་ཡོད། ཉེ་ལམ་བོད་རིག་པའི་སྐུ་ཚབ་ཚོཊ་པ་ཟེར་བ་ཞིག་ཨ་རི་དང་། ཁེ་ན་ཌ་སོགས་ལ་སྐོར་བསྐྱོད་ཀྱིས་བོད་ནང་གི་མེར་བསྲེཊ་དེ་ཕྱི་ལོཊ་ཀྱི་ཆབ་སྲིད་དང་ཆོས་ལུཊ་ཕྱོཊ་ཁག་གིས་ངན་བསྐུལ་བྱས་པ་ཡིན་པའི་འཁྱོག་བཤད་དང་། རྒྱ་ནག་འཐབ་ཕྱོཊ་གཅིག་གྱུར་འབྲེལ་ཡོད་དཔོན་རིཊ་ཁག་གིས་རྒྱ་ནག་རྩ་ཁྲིམས་སུ་གསལ་བའི་གྲངས་ཉུང་མི་རིཊ་ཀྱི་གནས་བབ་ཕྱིར་བསྡུ་དགོས་པའི་རྩོམ་ཡིག་སྤེལ་ཏེ། ཁྲིམས་གསལ་རང་སྐྱོང་གི་གཞི་རྩ་མེད་པ་བཟོ་རྒྱུའི་ལྐོག་གཡོ་བཤམས་ཏེ་རང་ཉེས་གཞན་འགལ་བྱེད་བཞིན་ཡོད། རྒྱ་གཞུང་གིས་བཤད་པ་ལྟར་བོད་ནང་བདེ་སྐྱིད་དང་ཆོས་དད་རང་དབང་ཡོད་ན། བོད་ནང་རྒྱལ་སྤྱིའི་གསར་འགོད་པ་དང་རྟོག་ཞིབ་པ་འགོག་དགོས་པའི་རྒྱུ་མཚན་མེད་ལ། འགྲོ་བ་མིའི་ཐོབ་ཐང་དང་དྲང་བདེན་ལ་དགའ་བའི་སྲིད་གཞུང་ཁག་གིས། བོད་ནང་གི་དངོས་ཡོད་གནས་སྟངས་ཤེས་རྟོགས་ཆེད། རྒྱལ་ས་ལྷ་སའི་ནང་འབྲེལ་མཐུད་ལས་ཁུངས་འཛུཊ་འཆར་ཡོད་པ་དེར་བཀག་འགོག་དགོས་པའི་རྒྱུ་མཚན་ཡོད་པ་མ་རེད་ ”ཅེས་འཁོད།

གསལ་བསྒྲགས་དེའི་མཇུག་ཏུ།  “ཉེ་ཆར་རྒྱ་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་མདོ་སྟོད་སྨད་གཉིས་གཙོས་ལྷ་ས་བ་མིན་པའི་བོད་མི་རྣམས་ཕྱིར་འབུད་དང་། རྒྱ་མི་ལས་གཞན་བོད་མི་རྣམས་ལྷ་སར་ཡོང་མི་ཆོག་པ་བཟོས་ཏེ་མི་རིཊ་དབྱེ་འབྱེད་བྱེད་པ། རོཊ་རམ་གྱི་མིང་ཐོག་ནས་བོད་རིཊ་སློབ་ཐོན་པ་ཚོ་རྒྱ་ནག་ཏུ་གཏོང་བ། བོད་ཀྱི་ས་ཁུལ་ཁག་ཏུ་རྒྱ་རིཊ་སློབ་ཐོན་པ་ཚོར་ལས་ཀའི་གོ་སྐབས་སྤྲད་དེ། བོད་མི་རྣམས་བོད་ས་རང་དུ་གནས་མི་ཐུབ་པ་དང་། བོད་ཡུལ་རྒྱ་ཡུལ་ཅན་དུ་བསྒྱུར་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་སྟབས། རྒྱལ་སྤྱིའི་ཚོཊ་སྡེ་ཁག་དང་རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་རྒྱ་གཞུང་གིས་བོད་མིར་སྡུག་སྦྱོང་མནར་གཅོད་གཏོང་བ་དང་། བོད་མིའི་ཚེ་སྲོག་དང་འབོད་སྒྲ་རྣམས་འགྲོ་བ་མིའི་ཚེ་སྲོག་དང་ཐོབ་ཐང་རྩོད་པའི་འབོད་སྒྲ་ཡིན་པ་ཤེས་བཞིན་དུ།ད་དུང་ཉིན་འགྱངས་ཞག་ཕུད་བྱས་ན། དྲང་བདེན་དང་ཞི་བདེར་མོས་པའི་འཛམ་གླིང་མི་དམངས་ཀྱི་ཡིད་ཆེས་དང་རེ་བ་བརླག་ཉེན་ཆེ་བས། གཞུང་དང་ཚོགས་སྡེ་ཁག་གིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་མཁྲེཊ་འཛིན་སྲིད་བྱུས་བསྒྱུར་བཅོས་ཡོང་བར་གནོན་ཤུཊ་སྤྲོད་རོགས་ ”ཞེས་འཁོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

tibettimes
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཁཱལ་མུག་གི་སྲིད་འཛིན་ཟུར་པར་མཇལ་ཁ་སྩལ།

ཆུ་ཚོད་ ༡༩ སྔོན་ལ།
(File image) Jean-François Humbert and other French Parliamentarians with His Holiness the Dalai Lama in Toulouse, France, on 15 August 2011
Mobile App

བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཧམ་བྷར་ཊི་ལགས་སྐུ་གྲོངས་བར་མྱ་ངན་ཞུས། 

ཆུ་ཚོད་ ༢༡ སྔོན་ལ།
ཨ་རུ་ན་ཅལ་གྱི་བུད་མེད་པདྨ་དབང་འཛོམས་ལགས་རྒྱ་ནག་ཧྲང་ཧེ་གནམ་ཐང་ནས་བཀག་འགོག་བྱས། ༢༠༢༥།༡༡།༢༡ དྲ་ལམ་གྱི་པར།
Mobile App

ཧྲང་ཧེ་གནམ་ཐང་ནས་པདྨ་དབང་འཛོམས་ལ་བཀག་འགོག་དང་སྡིགས་དམོད་བྱས།

༢༠༢༥/༡༡/༢༤
བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་ ༡༠ པ་འཚོག་བཞིན་པ། ༢༠༢༥།༡༡།༢༤ དུས་བབ་ཀྱི་པར།
གསར་འགྱུར།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་སྲིད་སྤྱི་འོས་བསྡུའི་སྐོར་སོགས་ལ་བགྲོ་གླེང་གནང་གི་འདུག

༢༠༢༥/༡༡/༢༤
Indo-Tibetan Border Police (ITBP) personnel show skills during the police force’s 64th Raising Day, in Udhampur, Jammu and Kashmir, on November 22, 2025 | Photo Credit: PTI
Mobile App

འཕགས་བོད་ས་མཚམས་སུ་བུད་མེད་ཀྱི་དམག་དཔུང་ས་ཚིགས་གསར་འཛུགས་གནང་།

༢༠༢༥/༡༡/༢༤
དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་ལངས་པའི་གསལ་བསྒྲགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༡༡།༢༡
Mobile App

དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་བཞེངས་པའི་གསལ་བསྒྲགས་བྱས།

༢༠༢༥/༡༡/༢༡

མཆན། 7

  1. ལུང་རྟོགས། says:
    ལོ་ 13 སྔོན།

    ཡར་ཀླུང་ལྷ་རྗེ། འགན་རྒྱ་གཞུང་ལ་ཡོད་ཞེས་པའི་སྒྲག་གཏམ་དེ་བལྟ་མི་འདོད་ཅིང་ཉན་མི་འདོད་པ་བདེན། རྒྱ་གཞུང་གི་པད་ཤག་དམར་པོ་དེ་གང་ལས་ཀྱང་རྩ་ཆེ་བའི་མི་བཙན་བྱོལ་ནང་ཅི་བས་མང་།

    Reply
  2. ཡར་ཀླུང་ལྷ་རྗེ། says:
    ལོ་ 13 སྔོན།

    ད་ཆ་འགན་རྒྱ་གཞུང་ལ་ཡོད་པའི་ཞེས་གཏམ་བཤད་དང་། བསྒྲགས་གཏམ་ནི་བལྟ་མི་འདོད་ལ་ཉན་མི་འདོད་པའི་ཚོར་སྣངཡོང་གི་འདུག་སྐུ་ངོ་ཚོ། དེ་ལས་རྒྱ་གཞུང་ནི་འདི་ལྟ་བུའི་གནས་ཚུལ་གང་མང་བྱུང་ན་བསམ་བཞིན་ཡོད་ལ་གདུག་རྩུབ་ཅན་གྱི་སྲིད་བྱུས་ཀྱིས་རྒྱལ་གཅེས་དཔའ་བོ་ཚོའི་ནང་མི་ཁྱིམ་མཚེས་ཡུལ་མི་དང་བཅས་སུན་བཙེར་བཟོ་བཞིན་ཡོད་པས་ང་ཚོའི་ངོས་ནས་བདེན་པའི་གནས་ཚུལ་དེ་དག་ཕྱི་ཆོག་ལ་དྲིལ་བསྒྲགས་དང་། བོད་ནང་སླར་ཡང་མི་བྱུང་བའི་འབོད་སྐུལ་གྱིས་འཚམས་འཇོག་དགོས་པའི་ཡོང་བསྒྲགས་གསུངས་གལ་ཆེ།

    Reply
  3. བསྟན་འཛིན་ཤེས་རབ། says:
    ལོ་ 13 སྔོན།

    ཁེ་སྔོན་ཞིག་ལ་བོད་ཀྱི་རྩོམ་པ་པོ་འོད་ཟེར་ལགས་ཀྱིས། ཨ་རིའི་བོད་སྐད་རླུང་འཕྲིན་གྱིས་མེར་སྲེག་ལས་འགུལ་སྤེལ་མཁན་གྱི་གྲངས་ཚད་ནོར་ཏེ་ཁྱབ་བསྒྲགས་བྱེད་བཞིན་པར་ཚོགས་གཏམ་བཏང་སོང་། ད་ནི་བོད་གཞུང་བཀའ་ཤག་དང་གྲོས་ཚོགས་གཉིས་ཀྱི་ཁ་གྲངས་འདྲེན་སྟངས་ཀྱང་མི་གཅིག་པར་འདུག འདིས་ཅི་ཞིག་མཚོན་གྱི་འདུག་གམ། ད་ངོ་མ་བོད་ནང་གི་རང་སྲེག་ལས་འགུལ་མཚམས་འཇོག་རན་རེད།

    Reply
  4. ཚ་ཤོད་ཤེས་རབ། says:
    ལོ་ 13 སྔོན།

    གྲོས་ཚོགས་ཀྱིས་དུས་ཐོག་གསར་འགོད་གསལ་བསྒྲགས་སྤེལ་བར་ཡག་བྱུང་། ཁོང་ཚོའི་ལོ་རྒྱུས་བོད་ཀྱི་ཡིག་ཚགས་ནང་ཐིམ་པ་རེད། རྗེས་སོར་འདི་ཚོར་འཛམ་གླིང་ན་ཆེས་ཆེ་བའི་ཟངས་ཀྱི་རྡོ་རིང་བསླང་དགོས།

    Reply
  5. ཤར་མདའ། says:
    ལོ་ 13 སྔོན།

    སྤྱིར་རྒྱ་ནག་དམར་གཞུང་གི་བོད་མི་རིགས་གཙོ་བོའི་ཐོག་གྲངས་ཉུང་མི་རིགས་རྣམས་ལ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པར་མ་ཟད་འགྲོ་བ་མིའི་ཐོབ་ཐང་དང་ཆོས་རང་དབང་མེད་པ་སྨྲ་བརྗོད་རང་དབང་མེད་པ་སོགས་ཀྱི་ཆེད་དུ་བོད་མིའི་དཔའ་བོ་དཔའ་མོ་གྲངས་༤༤རང་ལུས་མེ་མཆོད་འཕུལ་ནས་འཛམ་གླིང་མི་མང་ལ་བདེན་དཔང་བྱས་ཡོད་པ་རེད་དེའི་ནང་ནས་སྐུ་སྲོག་ཤོར་པ་༣༤དང་ད་སྐབས་འཛའ་དྲག་སྨན་ཁང་དུ་ཡོད་པ་༡༠བཅས་ཀྱི་གནས་སྟངས་རེད་འདི་ལ་བསམ་བློ་ཞིག་འཁོར་ན་བཟོད་ཐུབ་མེད་པའི་གནས་སྟངས་ཞིག་རེད་གང་ལྟར་སྤུན་ཟླ་འདི་དག་གི་ཐུགས་དགོངས་ཟབ་མོ་ཡོངས་སུ་འགྲུབ་པའི་སྨོན་འདུག་སྙིང་ནས་ཞུ་བོད་རྒྱལ་ལོ།

    Reply
  6. གྲྭ་རྒོད says:
    ལོ་ 13 སྔོན།

    ལས་རིགས་འདི་དག་ལ་མཚན་བཀོད་སྐབས་གཟབ་ཞིག་གནངརོགས་ཞུ་རྒྱུ་ཡིན། དེ་མིན་ཞུ་རྒྱུ་མེད་དཔའ་བོ་ཚོ་ཐུགས་རྗེ་ཆེ་གྲངས་མེད་ཞུ།

    Reply
  7. རས་པ། says:
    ལོ་ 13 སྔོན།

    ལྷ་ས་འདམ་གཞུང་ནས་ཡིན་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས་ ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༧ ཉིན་བོད་ནང་གི་ཉིན་གུང་དུས་ཚོད་ ༡༢ ཡས་མས་སུ་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་རང་བསྲེགས་ངོ་རྒོལ་གནང་རྗེས་ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་གཞུང་འབྲེལ་སྨོན་ལམ་གོ་སྒྲིག་བྱས་ཤིང་། དེ་དང་མཉམ་དུ་བཀའ་ཤག་གིས་རྒྱ་ནག་གཞུང་ལ་བོད་ནང་དམ་བསྒྲགས་མཚམས་འཇོག་དགོས་པའི་རེ་འདུག་བཏོན་པའི་ནང་”སྐུ་གཤེགས་ཚེ་དབང་རྡོ་རྗེ་ལགས་ནི། ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་དུ་རང་ལུས་མེར་བསྲེགས་གནང་མཁན་ ༤༣ པ་དེ་ཡིན་པ་དང་། སྐུ་གཤེགས་དར་རྒྱས་ལགས་བརྩིས་པའི་རང་ལུས་རེར་བསྲེགས་གནང་སྟེ་འདས་གྲོངས་སུ་གྱུར་མཁན་ ༣༣ པ་དེ་ཡིན།”ཞེས་འཁོད་འདུག་པ་དང་། དེ་རིང་གི་གྲོས་ཚོགས་ཀྱི་གསར་འགོད་གསལ་བསྒྲགས་འདིའི་ནང་དུ་”གྲྭ་བློ་བཟང་བློ་འཛིན་ལཊ་ནི་བོད་ནང་མེར་བསྲེཊ་བཏང་སྟེ་འདས་གྲོངས་སུ་ཕྱིན་པའི་བོད་མི་ ༣༣ པ་དེ་ཆགས་ཡོད།”ཅེས་འཁོད་ཡོད་པའི་དངོས་གནས་ ༣༣ རེད་དམ་ ༣༤ རེད་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese