མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་རྒྱའི་སྐད་ཡིག་དགོས་སམ།

བོད་ཀྱི་དུས་བབ།
༢༠༡༢/༠༧/༡༨
Share on FacebookShare on TwitterShare on EmailShare on Whatsapp


ཉེ་ཆར་ངྷ་སྟེང་བོད་ཁྱིམ་སློབ་གྲྭར་བཙན་བྱོལ་སྤྱི་ཚོགས་ནང་གི་རྒྱ་ཡིག་ཤེས་མཁན་སྐོར་ཞིག་ལ་ཟླ་ ༥ རིང་རྒྱ་ཡིག་ཐོག་ཟབ་སྦྱོང་སྤྲད་
དེ། ཕྱི་ཟླ་ ༧ ཚེས་ ༡ ཉིན་སློབ་མ་ ༤ དྲག་འདེམས་ཀྱིས་རྒྱ་གར་ལྷོ་ཕྱོགས་༧ཏཱ་ལའི་བླ་མ་མཐོ་སློབ་ནང་རྒྱ་ཡིག་དགེ་རྒན་དུ་བསྐོ་བཞག་གནང་ཡོད། དེའི་འཕྲོས་ཀྱི་སློབ་མ་ ༦ ཙམ་ཕྱི་ཚེས་ ༡༦ ཉིན་བོད་ཁྱིམ་འོག་གི་སློབ་གྲྭ་ཁག་གི་རྒྱ་ཡིག་དགེ་རྒན་ལ་བསྐོ་བཞག་བྱས་འདུག  

འབྱུང་འགྱུར་ཕྱི་ཟླ་ ༨ ཚེས་མགོར་༧ཏཱ་ལའི་བླ་མ་མཐོ་སློབ་ཀྱི་རྒྱ་ཡིག་སློབ་ཁྲིད་དངོས་སུ་མགོ་འཛུཊ་གནང་རྒྱུ་ཡིན་པ་དང་། བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་གི་འགན་འཛིན་ཚེ་དབང་ཡེ་ཤེས་ལགས་ཀྱིས་ངོ་སྤྲོད་གནང་པ་ལྟར་ན། བོད་ཁྱིམ་སློབ་གྲྭ་ཁག་ཏུ་རྒྱ་ཡིག་གི་སློབ་ཚན་གཏན་འབེབས་གནང་བའི་ལས་གཞི་དེ་ནི། ༸གོང་ས་མཆོག་གི་བཀའ་དགོངས་ལྟར་འདས་པའི་ལོ་བཅུ་གྲངས་གོང་ནས་བཀའ་ཟུར་རྗེ་བཙུན་པདྨ་མཆོག་གིས་སུ་ཇཱ་བོད་ཁྱིམ་སློབ་གྲྭར་མགོ་འཛུཊ་གནང་བ་ཞིག་ཡིན་འདུག་ལ། ལོ་ལྟར་བོད་ཁྱིམ་སློབ་གྲྭ་ཁག་ཏུ་འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་མ་ ༡༠༠༠ ཙམ་འབྱུང་བཞིན་ཡོད་ཀྱང་། མཐོ་སློབ་ཡིག་རྒྱུཊ་ནང་ཞུཊ་མཁན་མང་ཆེ་བ་རྒྱ་གར་གཙུག་ལག་སློབ་གྲྭ་ཁག་ཏུ་ཚུད་ཀྱི་མེད་སྟབས། བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་གིས་སློབ་མ་དེ་ཚོའི་མདུན་ལམ་ཆེད། བོད་ཀྱི་སྲོལ་རྒྱུན་དང་དེང་རབས་རིག་གནས་གཉིས་ཀ་དུས་མཉམ་དུ་སྦྱོང་ཆོག་པའི་༸ཏཱ་ལའི་བླ་མ་མཐོ་སློབ་ཁང་དེ་གསར་འཛུཊ་གནང་བ་ཞིག་ཡིན་འདུག

ངྷ་སྟེང་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་གིས་ཉེ་ལམ་བོད་ཁྱིམ་ཁྱབ་ཁོངས་འོག་རྒྱ་ཡིག་ཤེས་མཁན་གྱི་གྲངས་འབོར་རྩིས་བཤེར་བྱས་པ་ལྟར་ན། སུ་ཇཱ་དང་གོལ་པཱ་པུར། སེ་ལཱ་ཀོ ངྷ་སྟེང་། སྦེལ་ཀོབ ཅོང་ཏ་རཱ་བཅས་སུ་རྒྱ་ཡིག་ཤེས་མཁན་སློབ་མ་ ༥༠༠ ཙམ་ཡོད་པ་དང་། དེ་དག་ཁྲོད་སུ་ཇཱ་བོད་ཁྱིམ་གཅིག་པུར་མཐོ་འབྲིང་དང་དམའ་འབྲིང་ཡན་གྱི་རྒྱ་ཡིག་ཤེས་ཚད་ཅན་ ༢༠༠ ཙམ་ཡོད་འདུག དེ་དག་མང་ཆེ་བ་རྒྱ་ཡིག་ལ་དོ་སྣང་དང་རྒྱ་ཡིག་ཐོག་ལས་ཀ་བྱ་འདོད་ཡོད་མཁན་རྐྱང་ཡིན་འདུག

༸ཏཱ་ལའི་བླ་མ་མཐོ་སློིབ་ཁང་གི་རྒྱ་ཡིག་དགེ་རྒན་སྐལ་བཟང་སྐྱིད་ལགས་ཀྱིས་བརྗོད་པ་ལྟར་ན། ད་ལོའི་ཕྱི་ཟླ་ ༨ པ་ནས་མཐོ་སློབ་དེར་རྒྱ་ཡིག་འཁྲིད་མགོ་བརྩམ་རྒྱུ་ཡིན་འདུག་ལ། ཉིན་ལྟར་ཚོཊ་ཐུན་ ༦ རིང་སློབ་མ་ཚོར་རྒྱའི་སྐད་ཡིག་དང་བརྡ་སྤྲོད། ཆབ་སྲིད། ལོ་རྒྱུས། ཡིག་སྒྱུར་བཅས་ཀྱི་ཐོག་སློབ་ཁྲིད་གནང་རྒྱུ་ཡིན་པ་དང་། སློབ་དུས་རེར་ཐའེ་ཝན་གྱི་སློབ་གྲྭ་ཆེན་མོ་ཁག་ཅིག་གི་དགེ་རྒན་དང་བླང་ཐོག་སློབ་ཁྲིད་གནང་བར་ཕེབས་རྒྱུ་ཡིན་འདུག ད་ཆར་༧ཏཱ་ལའི་བླ་མ་མཐོ་སློབ་ཀྱི་སློབ་མ་ཚོར་རྒྱ་ཡིག་གི་ཟུར་ལྟའི་དཔེ་དེབ་ ༥༠༠ ལྷག་དང་། དགེ་རྒན་ཚོར་སློབ་ཁྲིད་བྱེད་ཐབས་ཀྱི་དཔེ་དེབ་ ༣༠༠ ཙམ་ཐའེ་ཝན་ནས་མངགས་ཉོ་གནང་ཡོད་འདུག

གསར་འགོད་པས་སྐལ་བཟང་སྐྱིད་ལགས་སུ། གསར་དུ་ལས་བགོས་བྱས་པའི་དགེ་རྒན་ཚོས་མཐོ་རིམ་རྒྱ་ཡིག་དགེ་རྒན་གྱི་ཆུ་ཚད་འདང་མིན་དྲིས་པར།  “ སྤྱིར་སློབ་མ་ཚོའི་རྒྱ་ཡིག་ཤེས་ཚད་ཧ་ཅང་ཡག་པོ་རེད། ཡིན་ནའང་ད་ལྟའི་ཆར་དགེ་རྒན་ཚོས་སློབ་ཚན་ཁྲིད་མ་ཐུབ་པའི་དཀའ་ངལ་ཡོང་གི་མ་རེད་སྙམ། དཀའ་ངལ་གཅིག་རང་ཡོད་པ་ནི། ད་ལོར་བོད་ནས་བོད་ཁྱིམ་སློབ་གྲྭ་ཁག་ཏུ་སློབ་མ་ ༤༠ ཙམ་ལས་འབྱོར་ཡོད་ས་མ་རེད། དེ་ལྟར་མུ་མཐུད་ཕྱིན་ན་མ་འོངས་པའི་ལོ་ཤས་རྗེས་སློབ་མ་མ་རག་པའི་དཀའ་ངལ་འཕྲད་སྲིད་པ་རེད་སྙམ་གྱི་འདུག བཙན་བྱོལ་ནང་འཚར་ལོངས་བྱུང་མཁན་ཡིན་ན། ཉུང་མཐར་ལོ་ ༡༠ ལ་རྒྱ་ཡིག་མ་སྦྱང་ན་མཐོ་སློབ་ཏུ་འཛུལ་ཐབས་ཡོད་པ་མ་རེད”ཅེས་བརྗོད་སོང་།

ཚེ་དབང་ཡེ་ཤེས་ལཊ་ཀྱིས་བརྗོད་དོན།  “ཁ་སྔོན་༸ཏཱ་ལའི་བླ་མ་མཐོི་སློབ་ཀྱི་རྒྱ་ཡིག་རྒྱུཊ་གཏོང་སྐབས་སྙན་ཞུ་འབུལ་མཁན་ ༦༠ ཙམ་བྱུང་ཡོད་ཀྱང་། ང་ཚོས་ལོ་ ༡༨ ནས་ ༢༥ བར་གྱི་སློབ་མ་མ་གཏོཊ་བསྡུས་ཡོད་པ་མ་རེད། བོད་ཁྱིམ་སློབ་གྲྭ་ཁག་གི་རྒྱ་ཡིག་སློབ་མའི་ཤེས་ཚད་དང་སྤྱི་ཚོཊ་ནང་རྒྱ་ཡིག་ལ་དོ་སྣང་ཅི་ཙམ་ཡོད་མེད་ཐོག་བལྟས་ན། མ་འོངས་པའི་ལོ་ ༥ ནས་ ༦ བར་བོད་ནས་སློབ་མ་ཡོང་མཁན་མེད་ཀྱང་། ༸ཏཱ་ལའི་བླ་མ་མཐོ་སློབ་ནང་རྒྱ་ཡིག་གི་སློབ་ཕྲུག་མ་རག་པའི་དཀའ་ངལ་ཡོང་ས་མ་རེད། བཙན་བྱོལ་སྤྱི་ཚོཊ་ནང་རྒྱ་ཡིག་ཤེས་མཁན་མང་པོ་བྱུང་ན། སྤྱིའི་ཆ་ནས་བོད་ཀྱི་འཐབ་རྩོད་ཐོག་ཕན་ཐོཊ་ཡོང་གི་རེད། སོ་སོ་སྒེར་ལ་ཆ་བཞག་ཀྱང་ལས་ཀ་རག་བདེ་པ་དང་། ཕོགས་མཐོ་བ་ཡོད་པ་རེད། ང་ཚོར་དཀའ་ངལ་ག་ཚོད་འཕྲད་ཀྱང་མཚམས་འཇོག་རྩ་བ་ནས་བྱ་རྒྱུ་མིན་ ”ཞེས་བརྗོད་སོང་།

བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་ཏཱ་ལའི་བླ་མ་མཐོ་རིམ་སློབ་དང་སཱ་ར་མཐོ་སློབ། ནོར་གླིང་མཐོ་སློབ། སམ་བྷོ་ཊ་དཔེ་སྟོན་སློབ་གྲྭ སུ་ཇཱ་སློབ་གྲྭ་དང་གོལ་པཱ་པུར། སེ་ལཱ་ཀོ ཅོང་ཏ་རཱ། ངྷ་སྟེང་། སྦེལ་ཀོབ་བོད་ཁྱིམ་བཅས་སུ་རྒྱ་ཡིག་སློབ་ཚན་གཏན་འབེབས་གནང་ཡོད་ཅིང་། དེ་དག་ལས་ཏཱ་ལའི་བླ་མ་མཐོ་སློབ་ཏུ་ཆེད་ལས་རང་བཞིན་གྱི་རྒྱ་ཡིག་མཐོ་རིམ་སློབ་མ་གསོ་སྐྱོང་གནང་མགོ་བཙུགས་ཡོད། སཱ་ར་མཐོ་སློབ་དང་ནོར་གླིང་མཐོ་སློབ། སམ་བྷོ་ཊ་དཔེ་སྟོན་སློབ་གྲྭ བོད་ཁྱིམ་སློབ་གྲྭ་ཁག་ཏུ་རྒྱའི་སྐད་ཡིག་དེ་སྐད་ཡིག་གཉིས་པའི་ངོ་བོར་ཁྲིད་སྤེལ་བྱེད་བཞིན་ཡོད་ལ། སཱ་ར་མཐོ་སློབ་ནང་རྒྱ་ཡིག་དགེ་རྒན་ ༡ དང་སློབ་མ་༩༠། བདུན་ཕྲག་རེར་རྒྱ་ཡིག་སློབ་ཐུན་ ༤ ཡོད་འདུག ནོར་གླིང་མཐོ་སློབ་ནང་རྒྱ་ཡིག་དགེ་རྒན་ ༡ དང་སློབ་མ་ ༢༠། བདུན་ཕྲག་རེར་རྒྱ་ཡིག་སློབ་ཐུན་ ༤ ཡོད་འདུག དེ་བཞིན། ངྷ་ཤོད་སམ་བྷོ་ཊ་དཔེ་སྟོན་སློབ་གྲྭར་རྒྱ་ཡིག་དགེ་རྒན་ ༡ དང་སློབ་མ་ ༨༠། བདུན་ཕྲག་རེར་སློབ་ཐུན་ ༣ ཡོད་འདུག ངྷ་སྟེང་བོད་ཁྱིམ་ཁྱབ་ཁོངས་འོག་གི་སློབ་གྲྭ་ཁག་ཏུ་རྒྱ་ཡིག་དགེ་རྒན་ ༡ རེ་བསྐོ་བཞག་བྱས་ཡོད་ཀྱང་། སློབ་ཐུན་ཚོགས་ཕྱོགས་སྐོར་ད་ཆར་གཏན་འབེབས་བྱུང་མི་འདུག

ལས་གཞི་འདིའི་སྐོར་ལ་བོད་མི་མང་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལཊ་སུ་བཅར་འདྲི་ཞུས་པར། བོད་ཁྱིམ་སློབ་མ་ཡོངས་ལ་རྒྱ་ཡིག་སློབ་ཚན་འཁྲིད་ན་སློབ་ཚན་གཞན་དག་ཐོག་ཤུཊ་རྐྱེན་ཐེབས་སྲིད་པ་དང་། བོད་ཁྱིམ་སློབ་གྲྭ་ཁག་གི་བོད་ཡིག་ཤེས་ཚད་སྐྱོ་བོ་ཡིན་སྟབས་རྒྱ་ཡིག་འཁྲིད་རྒྱུ་ལས་བོད་ཡིག་གི་རྨང་གཞི་ཇེ་བཟང་དུ་གཏོང་རྒྱུར་ཤུགས་རྒྱག་དགོས་པ། ༧ཏཱ་ལའི་བླ་མ་མཐོ་སློབ་ཀྱི་རྒྱ་ཡིག་མཐོ་རིམ་སློབ་མའི་ལས་གཞི་དེ་ཡག་པོ་ཡིན་ཡང་། རྒྱ་ཡིག་དགེ་རྒན་ཚོར་ཤེས་ཚད་འདང་མིན་གྱི་དབང་གིས་སློབ་མ་ཚོར་གྲུབ་འབྲས་འཐོན་མིན་བཤད་དཀའ་བ། དེང་སང་བོད་ནས་ཕེབས་མཁན་ཁྲོད་རྒྱ་ཡིག་ཤེས་མཁན་མང་པོ་ཡོད་ཀྱང་། དངོས་སུ་ལག་ལེན་ཐོག་དབུས་བོད་མིའི་སྒྲིག་འཛུཊ་དང་། གཞུང་འབྲེལ་མིན་པའི་ཚོཊ་པ་འབྲེལ་བ་ལས་ཁུངས་དང་། ནོར་ཝེ་རླུང་འཕྲིན་ཁང་སོགས་སུ་མི་མ་རག་པའི་དཀའ་ངལ་འཕྲད་ཀྱི་ཡོད་སྐོར་སོགས་བརྗོད་བྱུང་།  

གསར་འགོད་པ། དཔལ་ལྡན།

འདིའི་སྐོར་གྱི་གནས་ཚུལ་ཞིབ་ཕྲ་བོད་ཀྱི་དུས་བབ་ཚགས་པར་སྟེང་འགོད་རྒྱུ་ཡིན།

འབྲེལ་ཡོད་གསར་འགྱུར།

ཁུང་ཙིའི་སློབ་མའི་བསླབ་བྱ།
Mobile App

རྒྱ་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་ཞིང་ལྗོངས་ལྔའི་བོད་ཁུལ་སློབ་གསོ་བཅོས་སྒྱུར་དང་མཐོ་རྒྱུགས་ཁྲོད་བོད་ཡིག་གདམས་གསེས་ལག་བསྟར་བྱས་པའི་སྐོར་རགས་ཙམ་གླེང་བ།

ཆུ་ཚོད་ ༤ སྔོན་ལ།
པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

༢༠༢༥/༡༠/༡༡
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

༢༠༢༥/༡༠/༡༠
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩

མཆན། 22

  1. སྙིང་མིག says:
    ལོ་ 13 སྔོན།

    རྩ་བའི་ཆ་ནས་བོད་ཀྱི་སྐད་ཡིག་ལ་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་གནད་འགག་ཆེ་ཤོས་དེ་རེད། འོན་ཀྱང་བོད་ཀྱི་སྐད་ཡིག་ལ་ནང་བྱན་ཆུབ་པའི་གཞོན་སྐྱེས་ཚོ་ལ་གོ་སྐབས་དེ་འདྲ་ཞིག་གི་མཐུན་རྐྱེན་བསྐྲུན་པ་དེ་ནི་ཆེས་དགེ་མཚན་ཆེན་པོ་རེད། རྒྱ་ནག་གི་ཆབ་དཔལ་རིག་གསུམ་ལ་རྒྱུས་ལོན་བྱ་ཆེད་དང་། རྒྱ་རིགས་རྣམས་ལ་སྐད་ཆའི་ལམ་ནས་འབྲེལ་མོལ་སོགས་དགེ་མཚན་རྨད་དུ་བྱུང་ཞིང་དོན་དུ་འབྱོར། འོན་ཀྱང་དང་ཐོག་བོད་ཀྱི་སྐད་ཡིག་ཡག་པོ་མ་ཤེས་བཞིན་ཏུ་རྒྱ་མིའི་སྐད་ཡིག་ལ་བསླབ་ན་དེ་ནི་ནོར་བ་ཆེན་པོ་ཞིག་སྟེ། མི་རིགས་འདི་ཉིད་རྒུད་པ་ནས་རྒུད་པའི་ལམ་དུ་འཁྲིད་པ་རེད། གང་ལྟར་ལས་གཞི་དེ་ལ་དགའ་མོས་ཤིན་ཏུ་ཆེ། བྱ་བ་ལམ་འགྲོ་ཡོང་བར་སྨོན་ནས་ཡོད།

    Reply
  2. བཙན་བྱོལ་བ་ says:
    ལོ་ 13 སྔོན།

    བོད་ནང་དུ་བོད་རིགས་རྣམས་ལ་རྒྱ་ཡིག་བཙན་ཤེད་ཀྱིས་སྦྱོང་དུ་བཅུག་པ་དང་། རྒྱ་གར་ནང་དུ་སྒྲིགས་འཛུགས་ཐོག་ངེས་པར་དུ་སྦྱོང་དུ་བཅུག་པ་གཉིས་དོན་ལ་བོད་ཡིག་བཤུ་ཞོག་དང་རིགས་གཞུང་དང་སྐད་ཡིག་ཉམ་ཆག་གཏོང་བ་གཅིག་མཚུངས་ཡིན། རྒྱའི་གོམས་གཤིས་དང་རིག་གཞུང་བཅས་བོད་པའི་རིག་གཞུང་ངང་བསྲེ་སླད་མི་ཡོང་བར་སྒོ་ཀུན་ནས་བརྩོན་དགོས་པ་ནི། ད་ལྟའི་དུས་སུ་འཐབ་རྩོད་དང་འབྲེལ་བ་ཡོད་པར་མཐོང་།

    Reply
  3. བཟོད་པ་ལྷ་རྩེ། says:
    ལོ་ 13 སྔོན།

    རྒྱ་སྐད་རྒྱ་ཡིག་ཤེས་ན་བཟང་མོད་ཀྱང་། བོད་སྐད་བོད་ཡིག་མ་འཁྱོང་ཡིད་རེ་མུག
    རང་སྐད་རང་གིས་གཏོར་བཅོམ་བྱས་པ་ནི། དགྲ་གཉེན་གང་ལ་ཕམ་བསམ་ཐུགས་ལ་བཟུང་།
    བཙན་བྱོལ་སློབ་གྲྭ་རྣམས་སུ་རྒྱ་སྐད་ཀྱི་སློབ་ཚན་གཏན་འབེབས་གནང་བ་ནི་བོད་ཡིག་དང་བོད་སྐད་ལ་སྐེ་ཐག་གཡོལ་བ་དང་གཅིག་མཚུངས་ཤིག་ཏུ་མཐོང་། དེ་བས་རང་མི་རིགས་ཀྱི་སྐད་དང་ཡི་གེ་སོགས་ཡར་རྒྱར་གཏོང་ས་མང་པོ་ཡོད་པས་དེ་དག་ལ་འགྲོ་མགྲོན་གཏོང་བ་དང་ཐུགས་སྣང་གནང་སྟེ་ནུས་ཤུགས་རེ་འདོན་ན་སྙམས།

    Reply
  4. ཐུབ་བསྟན། says:
    ལོ་ 13 སྔོན།

    ཚེ་དབང་ཡེ་ཤེས་མགོ་བདེ། ད་བར་ཁྱོད་ཀྱིས་འཐུས་ཤོར་ལ་གཏང་ཐུབ་སོང་། དེ་ཙམ་གྱིས་ཁྱོད་བློ་བདེ་པོ་བྱུང་ཡོད་ཤག མ་བྱུང་ན་ག་རེ་བྱེད། ད་ནི་ཐུགས་རྗེ་ཆེ་ཁྱོད་ཀྱིས་དགོངས་པ་ཞུ་རོགས་གནོངས། རྡ་སྟེང་སློབ་གྲྭའི་ནང་སློབ་སྤྱིའི་ཟླ་ཕོགས་ལེན་ཐུབ་ཙམ་དང་། ཕྱོགས་ཞེན་གྱིས་རང་ཕྱོགས་ལ་ལས་ཀ་སྤྲད་ཐུབ་ཙམ་དང་། རང་ཉིད་དགའ་ཕྱོགས་རྣམས་ཡར་འཐེན་ཐུབ་ཙམ་དང་། བོད་ཡིག་སོགས་ཚད་ལྡན་མེད་པའི་སྟོད་རིགས་རྣམས་ལ་གསོལ་ཕོགས་སྤྲད་ཐུབ་ཙམ་གྱིས་གང་ཡང་ཕན་མ་སོང་པ་ཁྱོད་ཀྱིས་ཤེས་སོང་ངམ། ད་སྡུག་ཚོད་འཛིན་རོགས་གནོངས། བོད་ཁྱིམ་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་ནི་ང་ཚོའི་མ་འོངས་པའི་སོན་རྩ་རེད། ཤེས་སོང་ངམ། བོད་མི་རིགས་ཤི་གསོན་མཚམས་དང་། བོད་མི་རིགས་ཀྱི་སྐད་ཡིག་ཤི་གསོན་མཚམས་ལ་སླེབས་ཡོད་པ་ཁྱོད་ཀྱིས་ད་དུང་མ་ཤེས་པ་ཁྱོད་དཀོར་ཚིག་སོང་པས་མིན་ན་ག་རེས་རེད། སྐུ་མཁྱེན་རྩ་དགོངས་ཞུ་རོགས་གནང།

    Reply
  5. མངའ་རིས་ཕོ་ཉ། says:
    ལོ་ 13 སྔོན།

    རང་གི་སྐད་ཡིག་ནི་ཚེ་སྲིག་ཡིན། གཞན་གྱི་སྐད་ཡིག་ནི་རྒྱན་ཆ་ཡིན། སྐད་ཡིག་སྣ་མང་ཤེས་ན་བཟང་མོད་ཀྱང་། རང་གི་སྐད་ཡིག་བརྗེད་ན་ངོ་ཚ་ཡིན་ནོ། །

    Reply
  6. ཐོ་རེངས། says:
    ལོ་ 13 སྔོན།

    ཉེ་ལམ་བཙན་གཤོལ་བོད་མིའི་འཛིན་རིམས་བཅུ་གཉིས་པ་ནས་ཐོན་པའི་སློབ་མང་པོ་ཞིག་གི་ཐ་ན་རང་གི་མིང་ཡང་བོད་ཡིག་གི་ཐོག་ནས་ཡག་པོ་ཞིག་འབྲི་མི་ཤེས་མཁན་ཡོད་པ་དངོས་སུ་མཐོང་བྱུང་། ད་དུང་གཞུང་ལས་བྱེད་པ་དང་ཕ་མ་རྣམས་ཀྱི་ཡོན་ཏན་དུ་རློམ་ཡོད།
    ད་དངོས་གནས་རྒྱ་ཡིག་དང་། རྒྱ་སྐད་། རྒྱུ་གླུ། སྦྱངས་ནས་སྔོན་མ་ཨ་རི་ལ་སོང་པ་ནང་བཞིན་རྒྱ་ལ་གཡོག་ལས་འཚོལ་དུ་འགྲོ་ས་བཙལ་འདོད་རེད།
    སྤྱིར་སྐད་ཡིག་སོགས་ཤེས་ན་བཟང་མོད་ཀྱང་། རང་གི་སྐད་ཡིག་དོན་ནས་གཞན་གྱི་སྐད་ཡིག་ལ་སློབ་ཁུལ་བྱེད་རྒྱུ་འདི་ནི། མི་རིགས་ཞིག་གི་ངོས་ནས་བསམ་ན་ཆེས་བློབ་ཕམ་སྐྱེ་བའི་གནས་རེད།

    Reply
  7. སྐར་ཁྲི་བཙན། says:
    ལོ་ 13 སྔོན།

    བཙན་བྱོལ་ནང་བོད་ཡིག་དགེ་རྒན་སྐྱེད་སྲིང་དང་བོད་ཡིག་དགེ་རྒན་ལ་མཐོང་སྤྲད་ན་ཅི་མ་རུང་། མ་གཏོགས་གོ་ཐོས་སུ་བོད་ཡིག་དགེ་རྒན་ཚོར་གཅིག་ནས་གླ་ཕོགས་དམའ་བ་དང་མཐོང་མེད་པ། གཉིས་ནས་ཐོབ་ཐང་ཅི་ཡང་མེད་པས་བོད་ཡིག་དགེ་རྒན་ཡག་ཤོས་ཚོ་ཕྱི་་རྒྱལ་དུ་མི་འགྲོ་རང་འགྲོ་ཆགས་འདུག དཔེར་ན་ཤེས་རབས་དགའ་ཚལ་སློབ་གླེང་གི་བོད་དགེ་ཡག་ཤོས་ཚང་མ་ཕྱི་ཤོར་ཚར་བ་ནང་བཞིན། སྤྱིར་རྒྱལ་ཁང་གང་ཡིན་རུང་དགེ་རྒན་གྱི་གླ་ཆ་སོགས་མཐུན་རྐྱེན་ཡག་ཤོས་ཀྱི་གྲལ་ཡིན་མོད། གང་ཤེས་བཙན་བྱོལ་ནང་གཞུང་ཞབས་ལས་བྱེད་ཡིན་ན་མ་གཏོགས་དགེ་རྒན་ཚོར་ཕྱོགས་གང་ཅི་ཐད་ནས་ཐོབ་ཐང་དེ་ཙམ་མེད་པ་ཐབས་སྐྱོ་བོར་འདོད། ཁྱད་པར་དུ་བོད་ཡིག་དགེ་རྒན་ལ་སྤྱི་ཚོགས་ཀྱིས་མཐོང་མེད་པ་དེ།

    Reply
  8. ལུང་རྟོགས། says:
    ལོ་ 13 སྔོན།

    དྲ་གྲོགས་ཁ་ཤས་ནས་རྒྱ་ཡིག་གལ་ཆེ་རབ་ཤེས་དགོས་རབ་མང་པོ་ཞིག་གསུངས་འདུག སྤྱིར་རྒྱ་ཡིག་ཤེས་ལོས་དགོས་སྐད་ཡིག་ཇི་ཙམ་མང་པོ་ཤེས་ཀྱང་དཔལ་དང་རྒྱན་རེད། འོན་ཀྱང་དེ་སྔ་ཡན་ཆད་བཙན་བྱོལ་སློབ་གྲྭ་ཁག་ནང་ལ་གཙོ་བོ་བོད་ཡིག་དང་དབྱིན་འཇི་གཉིས་སློབ་པ་རེད། འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་ཕྲུག་ཁྲོད་བོད་ནས་ཡོང་མཁན། དང་པོ་ནས་བོད་ཡིག་གི་དམངས་གཞི་ཡག་ཙམ་ཡོད་མཁན་ཁ་ཤས་ལས་བོད་ཡིག་རང་སྐྱ་འཕེར་བའི་སློབ་ཕྲུག་ཕལ་ཆེར་མཐོང་རྒྱུ་མེད་པ་ལྟ་བུ་ཆགས་འདུག་ན། དེའི་སྟེང་ལ་རྒྱ་ཡིག་སློབ་པ་ཡིན་ན་དེ་ལས་ཀྱང་བོད་ཡིག་གི་གནས་ཚད་ཇེ་སྡུག་ལ་འགྲོ་རྒྱུ་ཡིན་པ་བཤད་མ་དགོས་པ་རེད། ཁྱེད་ཚོས་བསམ་བློ་ཐོང་དང་རང་གི་ཕ་མེས་ཀྱི་སྐད་ཡིག་མི་ཤེས་པའི་གཞན་སྐད་ཇི་ཙམ་ཤེས་ཀྱང་དགའ་རྒྱུ་ཅང་འདུག་གམ། ད་དུང་བོད་ཁྱིམ་ཚང་གིས་བོད་རང་གི་སྐད་ཡིག་ཡར་རྒྱས་ཆེད་དུ་དམིག་ནས་བཟོས་པའི་ཤེས་ཡོན་སྲིད་ཇུས་བཀག་འགོག་བྱས་ཏེ། རྒྱ་ཡིག་སློབ་རྒྱུའི་ཆེད་དུ་ཤུགས་རྒྱབ་པ་འདི་ནི་ངོ་མ་མགོ་ས་ལ་གཙུག་རྐུབ་གནམ་ལ་བསྟན་ནས་འགྲོ་བ་དང་ཁྱད་པར་ཅི་འདུག

    Reply
  9. གྲྭ་རྒོད says:
    ལོ་ 13 སྔོན།

    དྲ་ནང་གི་གླེན་པ་ཚོ་སྔོན་ཆད་སྡེ་བ་གཞུང་གི་ཡང་འདི་ལྟ་བུ་ཞིག་བྱས་མྱོང་བ་རེད། ཁྱོད་ཚོ་ཡང་རྗེས་འཇུག་བྱེད་རྩིས་ཡིན་ནམ། ད་དུང་ཡང་བོད་མི་རིགས་འདི་མདུན་སྐྱོད་བགག་འགོག་བྱ་རྩིས་ཡོད་དམ། སེམས་དེ་ཅི་འདྲེས་ནག་པ་ལ། རྒྱ་མི་གཞུང་ལ་བོད་མི་རིགས་ཀྱི་བདེན་དབང་གླེང་དགོས་ན་ངེས་པར་རྒྱ་ཡིག་ཤེས་དགོས། རྒྱ་མིའི་ཁྲིམས་ལུགས་ཤེས་དགོས། རྒྱ་རིགས་གྲོགས་པོ་མང་དགོས། ཕྱོགས་མང་པོ་ནས་གྲ་སྒྲིག་དགོས། རེ་བ་བཟང་ནས་དང་གྲ་སྒྲིག་སྡིག་ས་ནས་ཟེར་བ་བཞིན་རེད། དོན་མི་ཤེས་པ་ཡིན་རང་ཁ་བདག་པོ་རྒྱག་རོགས་ཞུ་ལག་གཉིས་ཐལ་མོ་སྤྱར་ནས་ཞུ་རྒྱུ་ཡོད། མདུན་སྐྱོད་ནི་ང་ཚོ་ལ་དགོས་གལ་ཤུན་དུ་ཆེ།

    Reply
  10. རྡོ འཇམ་ཚུལ། says:
    ལོ་ 13 སྔོན།

    རིག་འདོན་པ་མང་པོ་ཞིག་གིས་མ་རངས་པ་བཤད་ཀྱིན་འདུག་མོད། འགའ་རེར་རིག་གཞུང་ལ་ཤ་ཞེན་དང་བརྩེ་སེམས་བཅས་ཀྱིས་མ་བཞག་པ་ཡིན་ན་ཐང་། འོན་ཀྱང་འགའ་རེས་གོ་སྐབས་འདི་བཟུང་དེ་གཞུང་གི་ལས་དོན་བསྒྲུབ་ཕྱོགས་ལ་དམངས་ཀྱིས་བལྟ་ཕྱོགས་དང་རྒྱབ་སྐྱོར་གྱི་ཁ་ཕྱོགས་བསྒྱུར་ཐབས་བྱེད་ཀྱིན་པའི་སྣང་བ་སྟེར་གྱིན་འདུག དེས་སྟབས་ཀྱིས་རང་རང་ས་ནས་དཔྱོད་ཤེས་དང་རང་ཚིགས་སྟོན་རྒྱུ་གལ་ཆེན་དུ་མཐོང་། སྤྱིར་ན་རྒྱའི་སྐད་ཡིག་ཤེས་དགོས་པ་དེ་དཔལ་འབྱོར་དང་འཐབ་རྩོད་གང་གི་ཆ་ནས་བལྟས་ཀྱང་ངེས་པར་དུ་གལ་ཆེན་རེད། འོན་ཀྱང་འཛིན་རིམ་བཅུ་གཉིས་ཐོན་སྐབས་སློབ་མ་རྣམས་ལ་རང་གི་སྐད་ཡིག་རང་རྐྱ་ཐུབ་པ་ཞིག་བསྐྲུན་རྒྱུ་ངེས་པར་དུ་རྨང་གཞིའི་ཆ་རྐྱེན་དུ་འཛིན་དགོས་པ་རེད། དྲང་མོར་བཤད་ན་བོད་ཁྱིམ་སློབ་གྲྭའི་གནད་ཡོད་དག་གིས་གཞུང་གི་ཤེས་ཡོན་སྲིད་ཇུས་བོད་ཁྱིམ་ནང་ལག་སྟར་བྱེད་རྒྱུར་བཀག་འགོག་བྱས་པ་དེ་ནི་མི་རིགས་དང་རིག་གཞུང་། སྤྱི་ཚོགས་བཅས་ལ་འགན་ལེན་ཡོད་པའི་བྱེད་སྟངས་ཤིག་རྩ་བ་ནས་མ་རེད། མ་ཟད་བྱ་སྤྱོད་དེ་ནི་སྒེར་གཅོད་རང་ལུགས་ཀྱིས་བྱེད་སྟངས་ཤིག་རེད་འདུག་པས་་་་་རིག་འདོན་པ་དག་གིས་དེའི་སྐོར་ནས་མང་ཙམ་བཤད་འབྲི་གནང་རྒྱུར་རེ་བ་བྱེད་བཞིན་ཡོད།

    Reply
  11. ཡར་ཀླུང་ལྷ་རྗེ། says:
    ལོ་ 13 སྔོན།

    དེ་ནི་འོས་ཤིང་མཚམས་པའི་ལས་དོན་གལ་ཆེན་ཞིག་ཡིན་པས་ལས་དོན་ལམ་ལྷོངས་ཡོང་བའི་སྨོན་འདུན་དང་། རྒྱབ་སྐྱོར་གཙང་མ་ཡོད། ཡིན་ནའི་བོད་ཁྱིམ་འཛིན་སྐྱོང་འགན་འཛིན་ནི་ལོ་མཚམས་ནང་འཕོ་འགྱུར་བྱུང་ན་དེ་བས་ལས་དོན་ཚག་ཚུད་ཡོང་རྒྱུར་ཕན་ཐོག་མེད་དམ་སྙམ།།

    Reply
  12. བསྟན་འཛིན་ཤེས་རབ། says:
    ལོ་ 13 སྔོན།

    བོད་ཀྱི་གཞོན་ནུ་ཚོགས་པ་གང་ལ་བུད་སོང་། ཉེ་སྔོན་བོད་དོན་འཐབ་རྩོད་པ་ཚེ་བརྟན་རྡོ་རྗེ་ལ་རྒྱ་ནག་གི་དར་ཆ་མཉམ་འཁྱེར་བྱས་པ་ཙམ་གྱིས་ངོ་རྒོལ་ཆེ་ཐག་ཆོད་ཅིག་བྱས་སོང་། འོན་ཀྱང་ད་ལྟ་བོད་ཀྱི་སྲོག་རྩ་ལ་རྒྱས་བཙན་འཛུལ་སླེབས་འདུག མ་ཟད་མི་རིང་བར་བོད་མི་རྒྱ་རུ་འགྱུར་བའི་ཤུགས་རྐྱེན་སླེབས་ཟིན། འོན་ཀྱང་གཞོན་ཚོགས་ལ་གོ་རྒྱུ་ཚོར་རྒྱུ་ཅང་མི་འདུག དྲ་གྲོགས་ཚོ། གཞོན་ཚོགས་ལ་བརྡ་ཞིག་རྒྱག་རོགས།

    Reply
  13. བསྟན་འཛིན་ཤེས་རབ། says:
    ལོ་ 13 སྔོན།

    འོ་་་ ད་ཡིན་ན་བོད་ཀྱི་སྐད་ཡིག་རིག་གནས་ལ་མུ་མཐུད་གསོན་ཐུབ་པའི་རེ་བ་མེད་པ་འདྲ། བོད་ཀྱི་རང་སྲེག་ལས་འགུལ་སྤེལ་མཁན་ཚོ་སྙིང་རེ་རྗེ།

    Reply
  14. ཨ་མདོ་བ། says:
    ལོ་ 13 སྔོན།

    ཧ་ཧ་ཧ བཙན་བྱོལ་བ་ང་ཚོ་ངོ་མ་སྤྲེའུ་རང་རེད། རྒྱ་ནག་གི་རྒྱལ་དར་ཁྱེར། རྒྱ་ཡིག་སྦྱང་། མི་རིང་བར་རྒྱ་ནག་གི་རྒྱལ་གླུ་ཡང་གཏོང་གི་རེད། ད་ཚར་སོང་ནི་རེད། དཀོན་མཆོག་མཁྱེན་བོད་ཡིག་མི་ཤེས་བས་བཙན་བྱོལ་བ་ཚོས་རྒྱ་ཡིག་སྦྱང་གི་ཡིན་ཟེར་ཀོ་གི

    Reply
  15. མི་རྒོད། says:
    ལོ་ 13 སྔོན།

    འོ་ཡ་ད་དབུས་བོད་མིའི་སྲིད་འཛིན་འདི་ལས་དོན་ལག་ལྟར་གནང་རྒྱུར་ཧ་ཅང་འཇོན་པོ་རེད་ཤག། དགའ་བསུ་ཞུ། ཏག་ཏག་རེད་བོད་ཡིག་དགོས་ལ་རྒྱ་ཡིག་ཀྱང་དགོས་པ་རེད། ཡིན་ནའང་བོད་ཡིག་ཞེས་པ་ནི་རང་མི་རིགས་ཀྱི་སྲོག་རྩ་རེད། ༧ གོང་ས་མཆོག་གིས་གསུངས་བ་ཞིག་ངས་ཀྱང་ཐོས་མྱོང་ཡོད་འདི་གཉིས་མི་རབས་ནས་མི་རབས་བར་ཡོད་དགོས་པ་དང་ དགྲ་བོ་ལ་རྒྱལ་དགོས་ཚེ་དང་ཐོག་དེའི་སྐད་དེ་ཤེས་དགོས་པ་རྒྱལ་ཁབ་བདེ་འཇགས་ལས་ཁང་རྣམས་སློབ་སྟོན་བྱེད་པ་བཞིན་རེད། ལས་གང་ཡིན་ཡང་ལག་ལེན་རིམ་བརྒྱུད་ཀྱིས་འབྲས་བུ་ལ་དཔྱད་དགོས་པ་ལས་ལམ་སེང་འདི་ཡག་པོ་རེད་ མ་རེད་ཞེས་ལབ་ཚོད་དཀའ་བ་དང་། ད་ལྟ་ངོས་རྣམས་འཛམ་གླིང་གཞན་དང་བསྡུར་ན་ཧ་ཅང་རྗེས་ལུས་ཡིན་པ་དང་ ༧གོང་ས་མཆོག་ནས་ཀྱང་ལོ་ངོ་༣༠ གཏན་གཏན་རྗེས་ལུས་སམ་ཐུས་ཤོར་དུ་ཞན་ཆ་ཡོད་པ་བཀའ་སློབ་ནན་པོ་ཕེབས་ཡོད། བོད་ཤེས་རིག་ཀུན་རྣམ་པར་རྒྱལ་གྱུར་ཅིག།།།

    Reply
  16. ཤེལ་དཀར་བློ་བཟང་། says:
    ལོ་ 13 སྔོན།

    བོད་ལྗོངས་གསར་པ་འཛུགས་སྐྲུན་སླད་དུ་ང་ཚོས་སྐད་ཡིག་འདྲ་མིན་དང་། ཤེས་བྱ་འདྲ་མིན་སྦྱོང་དགོས་ངེས་རེད། འོན་ཀྱང་སོ་སོའི་རིག་གཞུང་བདག་པོ་རྒྱག་མི་ཐུབ་པར་གཞན་གྱི་ལད་ཟློས་རྐྱང་རྐྱང་བྱས་ན་སྙིང་པོ་མི་འདུག

    Reply
  17. ཤར་མདའ། says:
    ལོ་ 13 སྔོན།

    རང་མི་རིགས་ཀྱི་སྐད་ཡིག་གཙོ་འཛིན་དགོས་པ་དེ་དཔེ་ཀློག་ཙམ་ལས་ཤེས་ཚད་མེད་མཁན་རྣམས་ལ་རྒྱ་ཡིག་སྤྱོང་བཅུག་ན་རང་གི་སྐད་ཡིག་འདི་སྣང་ཆུང་གཏོང་བ་ལས་ཁྱད་པར་མེད་དེ་ལས་བོད་མིའི་ཤེས་ཡོན་སྲིད་ཇུས་དེ་ལག་སྟར་ན་འོས་འཚམས་སུ་མཐོང་སྤྱིར་བོད་མི་རིགས་ཀྱི་རིགས་གཞུང་ཆ་ཚང་བྱང་ཆུད་ཡོད་ན་ཕུན་གསུམ་ཚོགས་པ་རེད་རྒྱའི་སྐད་ཡིག་སྤྱང་དགོས་པ་གལ་ཆེན་རེད།

    Reply
  18. གྲྭ་རྒོད says:
    ལོ་ 13 སྔོན།

    བཙན་བྱོལ་བོད་མའི་ཁྱབ་ཁོངས་བོད་ཁྱིམ་སློབ་གྲྭ་ཁག་ཏུ་རྒྱ་ཡིག་གི་འཛིན་གྲྭ བཙུགས་པ་ལ་ཡུན་རིང་དང་དགའ་སྤྲོ་སྐྱེས། དེ་ནི་གནད་འགག་ཞིག་རེད་བསམ། དེ་དང་བོད་རང་གི་སྐད་དང་ཡིག་གེའི་ཐོག་ཡང་སློབ་གྲྭ་ཁག་གི་ནང་ཚགས་ཚུལ་ཡོང་ཐབས་བྱ་རྒྱུ་གལ་ཆེན་ནང་གི་དོན་ཆེན་རེད་བསམ། ལས་གཞི་མགོ་འཛུག་བྱེད་མཁན་རྣམས་དང་དེར་འཛུལ་ཞུགས་བྱེད་མཁན་གྱི་སློབ་བུ་ཡོངས་ལ་སྙིང་ཐེག་པ་ནས་ཡི་རིང་བྱེད། ང་ཚོ་བོད་ལ་དགོས་པ་ནི་གང་ཡིན། དེ་ཤེས་ཡོན་ཡིན། གཞོན་སྐྱེས་རྣམས་ཀྱི་དུས་ཚོད་དམ་འཛིན་གྱི་ཤེས་རིགས་ལ་སྦྱང་བ་བྱ་རྒྱུ་དང་། རྒན་པ་རྣམས་ཀྱི་སྣེ་ཁྲིད་འོག་ཤེས་ཡོན་གྱི་དམིངས་གཞིའི་འཁོར་ཡུག་བསྐྲུན་རྒྱུ་དང་འཛིན་སྐྱོངས་ཚགས་ཚུལ་བྱ་རྒྱུ་དེ་གལ་ཆེན་རང་བཞིན་ཞིག་ཆགས་ཡོད།

    Reply
  19. ཐོ་རེངས། says:
    ལོ་ 13 སྔོན།

    བཙན་གཤོལ་གི་སློབ་གྲ་ཁག་གི་ནང་། རྒྱ་ཡིག་འཛིན་གྲ་འཛུགས་འཆར་ཡོད་ངེས་རེད། དེ་ནི་མ་འོང་པར་བཙན་གཤོལ་བོད་མའི་རྒྱ་མིའི་གཙང་སྤྱོད་འཁྲུ་བའི་ལག་ཆ་རེད། ད་མྱུར་དུ་རྒྱ་ཡིག་སློབས་ཡ།

    Reply
  20. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ཧོབ་ལྟ་བལྟས་ན། བོད་ནང་བོད་ཡིག་བཀག་འགོག་དང་། རྒྱ་གར་ནང་རྒྱ་ཡིག་སྦྱོང་འགོ་བཅུག་པ་ཁྱད་མཚར་དུ་མཐོང་ཡང་། ཆོས་སྲིད་གང་གི་ཐད་ནས་ཀྱང་རྒྱ་ཡིག་ངེས་པར་དུ་སྦྱོངས་དགོས་རེད་སྙམ་ལགས།

    Reply
  21. དབུས་སྟོད་ཀྱི་སྐྱ་རེང་། says:
    ལོ་ 13 སྔོན།

    བོད་ཁྱིམ་སྤྱི་ཁྱབ་ལས་ཁུངས་ཀྱི་སློབ་མ་ཚོར་དགོས་པའི་མི་རིགས་རང་ཉིད་ཀྱི་རིག་གཞུང་ཆེད་ལས་པ་གསོ་སྐྱོང་གནང་རྒྱུར་ད་བར་དེ་ཙམ་གྱི་ཐུགས་འཁུར་བཞེས་པ་མ་མཐོང་ལ། ད་ལྟའི་འཆར་རྒྱ་ཡི་སྐད་ཡིག་ཆེད་སྦྱོང་བ་གསར་འཛུགས་དང་དེཡང་༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་སྒྲུབ་ཀྱི་ཡོད་སྐོར་དེ་ནི་དཔྱད་དགོས་པ་ཞིག་སྟེ།
    ༡༽ ད་ལྟ་བོད་ནང་རྒྱ་ནག་གཞུང་ནས་འཆར་གཞི་ལྡན་པའི་སྒོ་ནས་བོད་ཡིག་སོགས་སྦྱང་ས་མེད་པ་བཟོས་སྟེ་རིག་གཞུང་རྩ་མེད་བཟོ་བཞིན་པ་དེ་མཐོང་ཞིང་ཤེས་བཞིན་དུ་འདི་ཕྱོགས་ནས་དེ་ལ་དགོངས་བཞེས་མེད་ཁར་གད་མོ་ཤོར་ཡས་ཀྱི་ཕྱག་ལས་འདི་འདྲ་གནང་དགོས་དོན་གང་ཡིན་ནམ།
    ༢༽བོད་མི་བརྒྱ་ཆ་དགུ་ཅུ་གོ་གྲངས་ཤིག་རང་ཡུལ་དུ་འཚོ་བཞིན་ཡོད་པ་དང་རྒྱ་གཞུང་གིས་བོད་ཕྲུག་ན་གཞོན་ཕལ་ཆེ་བ་ཡིག་རྨོངས་ལས་ཡོངས་སུ་བསལ་ཟིན་པ་རེད། ཡིན་ནའང་མཁྱེན་དགོས་པ་ཞིག་ལ་བོད་ནང་བུ་ཕྲུག་རྣམས་ལ་རྒྱ་ཡིག་སོགས་སྦྱང་རྒྱུའི་གོ་སྐབས་ལས་བོད་པའི་རིག་གཞུང་ལ་རང་དབང་མེད་པ་དེ་ལ་དོ་སྣང་མི་གནང་བ་གང་ཡིན་ནམ།།

    Reply
  22. ལུང་རྟོགས། says:
    ལོ་ 13 སྔོན།

    བོད་ཁྱིམ་ཚང་གིས་བོད་ཡིག་ཡར་རྒྱས་གཏོང་རྒྱུའི་ཆེད་དུ་ལས་ཀ་འདི་བྱས་ཞེས་པ་ཞིག་གཏན་ནས་ཐོས་རྒྱུ་མེད། ད་དུང་ཤེས་ཡོན་སྲིད་ཇུས་བོད་ཁྱིམ་ནང་ལག་སྟར་བྱེད་རྒྱུ་བཀག་འགོག་བྱས་པ་རེད། ད་རྒྱ་ཡིག་འདྲ་ཞིག་བསླབ་ཁུལ་བྱས་ཀྱང་མི་རིགས་ཀྱི་སྲོག་རྩ་མྱུར་དུ་གཅོད་པའི་རྒྱུ་ཙམ་ལས་གང་ཡང་མེད། ངོ་མ་འདི་ཚང་གི་ལས་ཀ་ལ་ཡི་ཐང་ཆད་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese