མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ལི་ཁྲང་ཁྲོན་ལྷ་སར་སླེབས་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༧/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་ལི་ཁྲང་ཁྲོན་བོད་རང་སྐྱོང་ལྗོངས་ནང་ཡོང་སྟེ་ཁ་བྲལ་ལ་ངོ་རྒོལ་དང་། རྒྱ་ནག་མི་རིགས་གཅིག་གི་འདུ་ཤེས་སྤེལ་དགོས་པ་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༧ ནས་ ༢༡ བར། རྒྱ་གཞུང་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ལིས་ཁྲང་ཁྲོན་གྱིས་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་ལྷོ་ཁ་དང་འདམ་གཞུང་སོགས་སུ་སྐོར་བསྐྱོད་བྱས་ཡོད་པ་དང་།  སྐབས་དེར་ཁོས་ཞིང་འབྲོག་གཞི་རིམ་ས་ཁུལ་ཏུ་དྲིལ་བསྒྲགས་བའི་ལས་དོན་ཤུགས་ཆེ་རུ་བཏང་སྟེ། དམར་ཤོག་སྐབས་བཅུ་བདུན་པའི་རྒྱལ་ཡོངས་ཚོགས་ཆེན་ཐེངས་ ༦ པ་དང་། རྒྱ་ནག་དབུས་གཞུང་གི་ཐེངས་ལྔ་པའི་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུའི་ནང་དོན་གཞིར་བཟུང་སྟེ། བོད་ནི་གདོད་མ་ནས་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ལོ་རྒྱུས་ཀྱི་ཆ་ཤས་ཤིག་ཡིན་པ་གསལ་འདོན་དང་། ལས་བྱེད་དཔུང་སྡེ་ཡི་སྣེ་ཁྲིད་དེ་རླབས་ཆེ་བའི་རྒྱ་ནག་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས་ངོས་ལེན་ཡོང་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། མཐའ་ཁུལ་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དུ། སྔར་ལས་ལྷག་པར་དམར་ཤོག་པ་བཟང་བ་དང་། སྤྱི་ཚོགས་རིང་ལུགས་བཟང་བ། བཅོས་བསྒྱུར་སྒོ་འབྱེད་བཟང་བ། རླབས་ཆེ་བའི་རྒྱ་ནག་མེས་རྒྱལ་བཟང་བ་སོགས་ཀྱི་བསམ་བློའི་རིག་གནས་དར་སྤེལ་བྱས་ཏེ། ཁ་བྲལ་བར་ངོ་རྒོལ་གྱི་ལས་དོན་གཏིང་ཟབ་ཏུ་སྤེལ་དགོས་སྐོར་བརྗོད་འདུག 

 ལི་ཁྲང་ཁྲོན་བོད་ཀྱི་གནའ་བོའི་རྒྱལ་མཁར་ཕོ་བྲང་པོ་ཏ་ལ་དང་ལྷ་སའི་གཙུག་ལག་ཁང་གཉིས་ཀྱི་ནང་དུའང་སྐོར་བསྐྱོད་བྱས་འདུག་ལ། སྐབས་དེར་ཁོས་ལོ་ ༡༣༠༠ ལྷག་གི་ལོ་རྒྱུས་ཡོད་པའི་ལྷ་སའི་ཇོ་ཁང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་བྱ་འགུལ་སྤེལ་སའི་ཁོར་ཡུག་གལ་ཆེན་ཞིག་དང་ལོ་རྒྱུས་ཀྱི་ཤུལ་བཞག་རྩ་ཆེན་ཞིག་ཡིན་པ་མ་ཟད། བོད་རྒྱ་མི་རིགས་མཐུན་འབྲེལ་མཚོན་པའི་ཐང་བོད་མཛའ་འབྲེལ་རྡོ་རིང་ཡང་ཇོ་ཁང་གི་མདུན་ཐང་དུ་ཡོད་སྐོར་གླེང་སྟེ།  རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་མུ་མཐུད་སྤེལ་དགོས་སྐོར་དང་།  དེ་བཞིན། ལིས་ཁྲང་ཁྲོན་རྒྱ་ནག་མི་དམངས་ཉིན་རེའི་ཚགས་པར་གྱི་ལྷ་ས་ས་གནས་བོད་ཡིག་ཚགས་པར་ཁང་དང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་སོང་སྟེ།  བོད་ལྗོངས་སུ་འཐབ་ཇུས་བསམ་བློའི་རིག་གནས་དྲིལ་བསྒྲགས་ཀྱི་ལས་གནས་ཐོག་ཡོད་པའི་ལས་བྱེད་ཚོར་འཚམས་འདྲི་དང་བསྔགས་བརྗོད་བྱས་ཏེ། མུ་མཐུད་དུ་བོད་ལྗོངས་སྔར་ལས་ལྷག་པའི་འཕེལ་རྒྱས་དང་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་འཛམ་གླིང་ལ་དྲིལ་བསྒྲགས་བྱ་དགོས་པ་བརྗོད་ཡོད་པ་རེད།

ཐེངས་འདིར་ལི་ཁྲང་ཁྲོན་བོད་རང་སྐྱོང་ལྗོངས་ནང་སླེབས་པ་དེ་ནི། ཉེ་བའི་ལོ་འགའི་ནང་བོད་ནང་རྒྱ་གཞུང་གི་མི་སེར་སྤེལ་བའི་དབང་བསྒྱུར་གྱི་སྲིད་ཇུས་ལ་ངོ་རྒོལ་གྱིས། བོད་མི་སྐྱ་སེར་རྒན་གཞོན་ ༤༢ ལྷག་གིས་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་བྱུང་བའི་རྗེས། རྒྱ་ནག་དབུས་གཞུང་གི་མཐོ་རིམ་དཔོན་རིགས་ཤིག་བོད་རང་སྐྱོང་ལྗོངས་སུ་ཡོང་སྟེ། རྒྱ་ནག་དབུས་གཞུང་གིས་དྲག་གནོན་དབང་བསྒྱུར་གྱི་ལངས་ཕྱོགས་དང་རྣམ་འགྱུར་བསྐྱར་བསྟན་པ་ཐོག་མ་དེ་ཆགས་ཡོད།

 

གསར་འགོད་པ། ཚེ་རིང་རྒྱལ།

མཆན། 2

  1. གནས་ཚང་། says:
    ལོ་ 11 སྔོན།

    ཁོ་རང་སྤྱང་ཀི་ཞིག་རེད་ལ། རང་ཉིད་ཀྱི་ནག་ཉེས་འགེབས་ཐབས་སུ་ཧུའུ་ཅིན་ཐོར་རྔ་མ་གཡུགས་ཀྱིན་ཡོད་པ་རེད།

    Reply
  2. ཟངས་རྡོ། says:
    ལོ་ 11 སྔོན།

    རྒྱ་དམར་ཚང་གིས་རྒྱལ་ས་ལྷ་སའི་ཕྱོགས་ལ་རྟག་ཏུ་འགྲུལ་བཞུད་ཀྱིས་མི་མང་གི་བསལ་བློ་ལ་འགྱུར་ལྡོག་འགྲོ་བའི་ལམ་ཁ་སྟེན་པ་དང་སྒེར་གཅོད་ཀྱི་ཁྲིམས་ལུགས་སློབ་གསོ་སྤེལ་བ་སོགས་བྱེད་ཐབས་སྣ་ཚོགས་བྱས་བཞིན་འདུག་་དེའི་ཤུགས་རྐྱེན་ཡང་བོད་མི་མི་ཉུང་བ་ཞིག་ལ་སླེབས་འདུག མུ་འཐུད་འདི་ལྟར་སོང་ན་་ཡིད་སྐྱོ་བ་ལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist