༄༅། །ཆོས་བརྒྱུད་རིས་མེད་གྱི་བླ་སྤྲུལ་རྣམས་ལ་ཆེད་ཞུ།
འདི་ལོའི་སྤྱི་ཟླ་གསུམ་པར་གསལ་བསྒྲགས་ཞུས་ཟིན་ལྟར་ ༢༠༡༢ ཟླ་ ༩ ཚེས་ ༢༣ ཉིན་ཆོས་བརྒྱུད་ལྔའི་དབུ་འཛིན་ནམ་ཡང་ན་སྐུ་ཚབ་རྒྱུན་ལས་སོགས་ཚང་འཛོམས་གྱིས་རྒྱལ་ས་ལྡི་ལིར་རིས་མེད་བླ་སྤྲུལ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་གཉིས་བ་ཚོགས་གཏན་ཁེལ་བ་དེ་རེ་ཞིག་ཕྱིར་འཐེན་བྱེད་དགོས་བྱུང་། གང་ཡིན་ཟེར་ན་ཚོགས་ཆེན་འདིར་ཆོས་བརྒྱུད་ལྔའི་རྒྱུན་ལས་ཚང་འཛོམས་དགོས་ཕྱིར་ཆོས་བརྒྱུད་བཞིའི་ཁོངས་ནས་རྒྱུན་ལས་གཏན་འབེབས་བྱུང་ཟིན་ནའང་ད་དུང་ཆོས་བརྒྱུད་གཅིག་གི་རྒྱུན་ལས་མཉམ་ཞུགས་གནང་ཐུབ་མེད་པས་གནས་སྐབས་ཚོགས་འདུ་དེ་ཕྱིར་འཐེན་བྱས་བ་ཡིན། རྒྱུན་ལས་ཚང་འཛོམས་གྲུབ་མཚམས་སུ་ལས་གཞི་དབུ་འཛུགས་དང་ཚོགས་ཆེན་ཐེངས་གཉིས་བ་སྐོང་ཚོགས་ཞུ་རྒྱུ་ལགས་ན་དེ་ལུགས་དགོངས་འཇགས་འཚལ།
གཙོ་འགན་པ་བརྩི་བཞག་སྤྲུལ་མིང་བས་༢༠༡༢ཟླ་༧ཚེས་༡༨་ཉིན།།