མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བརྒྱད་པའི་བརྒྱད་ལ་དྲན་གསོ་ཞུ་དགོས།

བོད་ཀྱི་དུས་བབ།
༢༠༡༢/༠༨/༠༡
Share on FacebookShare on TwitterShare on EmailShare on Whatsapp

 ཐུབ་བསྟན་རབ་བརྟན།

ཀྭ་ཡེ་གངས་ཅན་པ་རྣམས་པ་སྤྱི་ལོ་ཉིས་སྟོང་བཅུ་གཅིག་ལོའི་ཟླ་བརྒྱད་པའི་ཚེས་བརྒྱད་ཀྱི་ཉིན་མོ་འདི་ནི། གངས་ཅན་བོད་མི་ཡོངས་ཀྱིས་རྗེས་དྲན་ཞུ་འོས་པའི་ཉིན་མོ་རྩ་ཆེན་འགངས་ཆེན་ཞིག་ཡིན།  འཇིག་རྟེན་འདིར་སྒེར་གྱི་དབང་ཆའི་ཆེད་མི་དམངས་ལ་དྲག་གནོན་བྱེད་པ་དང་བྲན་གཡོག་དུ་བཀོལ་བ། རྒྱལ་འབངས་ལ་རང་དབང་མེད་པར་སྡུག་བསྔལ་བར་བཅུག་པ།  སྲིད་དབང་སྒེར་འཛིན་པ་རྣམས་ཀྱིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་མི་དམངས་ས་ཡ་མང་པོ་དམར་གསོད་གཏོང་བ་དང་བཙན་གནོན་བྱེད་ཀྱི་ཡོད་ཀྱང་། ༧གོང་ས་ཏཱ་ལའི་བླ་མས་བྱམས་བརྩེ་ཆེན་པོི་དང་དུ་བླངས་ཏེ་མི་མང་ལ་དམངས་གཙོ་གསོལ་རས་སུ་བསྩལ་བའི་ཉིན་མོ་དེ་ཡིན།

དེ་རིང་ནི་ལོ་ངོ་སྟོང་ཕྲག་དུ་མའི་ནང་གི་ལོ་རྒྱུས་ཀྱི་ཉིན་མོ་གལ་ཆེན་ཞིག་ཡིན། བོད་གཞུང་དགའ་ལྡན་ཕོ་བྲང་གཟི་བརྗིད་ཀྱིས་མཐའ་རུ་ཐོན་ཏེ། བོད་མའི་གཞུང་གི་སྒྲིག་འཛུགས་དབུ་བརྙེས་པའི་ཉིན་མོ་དེ་ཡིན། གོང་ས་སྐྱབས་མགོན་ཆེན་པོས་རིང་ནས་ཐུགས་ལ་བརྣག་པའི་དགོངས་གཞི་གལ་ཆེན་ཞིག་འགྲིག་པའི་ཉིན་མོ་ཞིག་དང་། བོད་མི་རྣམས་ཀྱིས་ཡང་དག་པའི་དམངས་གཙོ་མཚན་ཉིད་ཚང་པ་ཞིག་ལོངས་སུ་སྤྱོད་མགོ་ཚུགས་པའི་ཉིན་མོ་དེ་ཡིན། ལྷ་གསོལ་འདྲེ་འདུལ་ཆོས་ལུགས་ཆབ་སྲིད་དང་མ་འབྲེལ་བ་ཞིག་དང་། ཐབས་ཇུས་མཐོང་ཚུལ་གཙོ་བའི་ཆབ་སྲིད་ཆོས་ལུགས་དང་མ་འདྲེས་པར་ཆོས་སྲིད་བར་མཚམས་གསལ་ཕྱེ་པའི་ཉིན་མོ་དེ་ཡིན། 

བོད་མི་རྣམས་ཀྱིས་༧གོང་ས་མཆོག་ལ་ཆབ་སྲིད་ཀྱི་ཐུགས་འགན་བཞེས་དགོས་པ་ནན་གྱིས་བསྐུལ་ཡང་། ༧གོང་ས་མཆོག་གིས་རླབས་ཆེན་གྱི་ཐུགས་ཐག་ཆོད་པོས་ཞལ་བཞེས་མ་གནང་པར་དམངས་གཙོ་དབུ་བརྙེས་པའི་ཉིན་མོ་དེ་ཡིན། གནའ་རབས་ཆོས་ལུགས་ཀྱི་ཉམས་རྟོག་སད་པའི་བླ་མས་དབུ་ཁྲིད་ནས། དེང་རབས་ཤེས་ཡོན་གྱི་སྦྱངས་པ་མཐོ་བའི་ཁྲིམས་ལུགས་མཁས་དབང་གིས་དབུ་ཁྲིད་པའི་ཉིན་མོ་དེ་ཡིན། རྒྱལ་སྤྱིའི་ཁྱོན་ཡོངས་ལ་དགའ་བའི་ཐལ་མོ་རྡེབ་སྒྲས་ཁེངས་ཤིང་། རྒྱ་ནག་སྒེར་གཅོད་གཞུང་གི་གཞི་མེད་སྐྱོན་འཛུགས་དག་གི་རྐུབ་ཁུང་བརྡོལ་བའི་ཉིན་མོ་ཡིན།

༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་སྲིད་དབང་སྒེར་གཅོད་པ་དང་བཀས་བཀོད་རྒྱུད་འཛིན་པ། ཞིང་བྲན་ལམ་ལུགས་པ་ཞིག་མ་ཡིན་པར་ཐབས་ལ་མཁས་ཤིང་ཐུགས་དཀྱིལ་ཡངས་པ། རྣམ་དཔྱོད་ཆེ་ཞིང་བློ་སྟོབས་རྒྱས་པ། སྙིང་རྗེ་ཆེ་ཞིང་བཟོད་སྒོམ་ཡངས། ཐུགས་ཐག་ཆོད་ཅིང་བློ་རྩ་བརྟན་པ། དུས་རབས་ཉེར་གཅིག་པའི་འཛམ་གླིང་ཐོག་གི་དབུ་ཁྲིད་དང་ཆེ་དགུ་ཡོངས་ཀྱི་གཙིག་རྒྱུན་དུ་གྱུར་བ་སོགས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་མཐའ་དག་སྲིད་པ་གསུམ་གྱི་ཁྱོན་ལས་འགོངས་པ་མངོན་དུ་འགྱུར་བའི་ཉིན་མོ་དེ་ཡིན། ༧གོང་ས་མཆོག་རང་ངོས་ནས་ཨུ་ནན་གྱིས་བཙན་བྱོལ་དུ་ལོ་བཅུ་ཕྲག་དུ་མའི་རིང་མ་འོངས་ཕུགས་རྒྱང་རིང་པོས་བོད་མི་རིགས་དང་དེའི་ཆབ་དཔལ་རིག་གསུམ་སོགས་སྲ་བརྟན་ཡུན་གནས་ཆེད་དམངས་གཙོའི་གོམ་པ་རིམ་འཛེགས་ཀྱིས་ད་ཆ་དམངས་གཙོ་མཚན་ཉིད་ཚང་བ་ཞིག་བྱུང་ཡོད་པ་ནི་བོད་མི་ཡོང་གྱིས་དགའ་འོས་པའི་བྱ་བ་གཟི་བརྗིད་ལྡན་པ་ཞིག་ཡིན། 

བཀའ་བློན་ཁྲི་བ་ཟམ་གདོང་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་གིས་ལོ་བཅུའི་བཀའ་བློན་གྱི་དུས་ཡུན་རིང་བདེན་པ་དང་འཚེ་བ་མེད་པའི་ལྟ་གྲུབ་གཞིར་བཟུང་གིས་སྐྱེ་ལྡན་སོ་ནམ་ཞིང་ལས་དང་ཤེས་ཡོན་སྲིད་བྱུས་གསར་པ། དཔལ་འབྱོར་ལམ་ལུགས་སྲ་བརྟན། བོད་རྒྱ་འབྲེལ་མོལ་སོགས་ཕྱག་ལས་རླབས་ཆེན་མང་དག་ཅིག་གནང་ཡོད་པ་དག་ལ་བོད་མི་རྣམས་ཀྱིས་བཀའ་དྲིན་རྗེས་དྲན་སྙིང་ནས་ཞུ་འོས་བའི་གནས་སུ་འཆིས། འོན་ཀྱང་ཁོང་གི་ལས་ཡུན་རིང་བསྒྲུབ་མ་ཐུབ་པའི་ལས་ཀ་མང་དག་ཅིག་ལྷག་ཡོད་པ་ཤེས་ལྡན་མི་སྣ་སྐྱེད་སྲིང་དང་། རང་ཁ་རང་གསོ། ན་གཞོན་ཆབ་སྲིད་སློབ་གསོ་སོགས་མང་དག་ཅིག་ལྷག་ཡོད། འོན་ཀྱང་ཁོང་ནི་མཁས་པའི་དབང་བོ་ཞིག་དང་སྐུ་ཚེ་ཧྲིལ་བོར་ནང་བའི་བསླབ་བྱ་སྤྱི་དང་། བདག་ཉིད་ཆེན་པོ་གན་དྷིའི་ལྟ་གྲུབ་ལ་ཉམས་བཞེས་ཡང་དག་གནང་མཁན་ཞིག་ཡིན། 

དེ་རིང་གི་ཉིན་མོ་ནི་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་གཉིས་ནང་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པའི་སྲིད་སྐྱོང་བ་བློ་བཟང་སེང་གེ་མཆོག་སྲིད་ཁྲིར་མངའ་གསོལ་གྱི་ཉིན་མོ་དེ་ཡིན་པས་གུས་པ་བོད་འབངས་གཞིས་བྱེས་གཉིས་ཀྱིས་འཚམས་འདྲི་བཀྲ་ཤེས་བདེ་ལེགས་ཞུ་བཞིན་ཡོད། ཁྲིམས་ཀྱི་མཁས་པ་ཆེན་པོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཆིག་སྒྲིལ་གྱི་རྨང་གཞིའི་ཐོག་གསར་གཏོད་ཀྱི་ཐབས་ལམ་སྤྱད་དེ། མ་འོངས་པར་རང་མགོ་རང་ཐོན་ཡོང་བར་འབད་བརྩོན་བྱེད་ངེས་ཡིན་པ་དང་། གཞུང་གི་འཛིན་སྐྱོང་དང་བོད་དོན་རྒྱལ་སྤྱི་ཅན་དུ་བསྒྱུར་བ། གཞུང་དམངས་བར་གྱི་འབྲེལ་བ། ཤེས་ཡོན་སྲིད་བྱུས། དཔལ་འབྱོར་སྲིད་བྱུས། ལས་བྱེད་བདག་སྐྱོང་། གཞིས་ཆགས་སྲ་བརྟན། གཞིས་བྱེས་བར་གྱི་འབྲེལ་ལམ། ད་ཡོད་གཞུང་གི་སྲིད་བྱུས་ཁག་སྙིག་དོར་བཅུད་ལེན་བྱེད་པར་ཐབས་ཇུས་འདོན་ངེས་ཡིན།

སྲིད་ཇུས་རྣམས་ལམ་ལྷོངས་ཡོང་བར་གལ་ཆེན་རང་བཞིན་གྱི་གནད་དོན་གསུམ་ཡོད་པ་ནི། གཞུང་ཞབས་སྲིད་ཞུ་ལས་བྱེད་རྣམས་ཀྱིས་མཐུན་འགྱུར་རོགས་འདེགས་ལྷག་བསམ་རྣམ་དག་གིས་གནང་རྒྱུ་དང་། བོད་མི་ཡོངས་ཀྱིས་དེ་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུ། རྒྱལ་སྤྱི་དང་རྒྱ་ནག་གི་འགྱུར་འགྲོས་ལ་གཞིགས་ཏེ་སྐབས་བབ་ཀྱི་སྲིད་ཇུས་དུས་ཐོག་ཏུ་འདིང་དགོས་བཅས་ཡིན། ཆེས་རྩ་དོན་ནི་བོད་རྒྱ་འབྲེལ་མོལ་བརྒྱུད་བོད་ཀྱི་བདེན་མཐའ་སེལ་ཐབས་བྱ་དགོས་པ་དེ་ཉིད་ཡིན། གནད་དོན་འདིས་ཐད་རྒྱ་ནག་གཞུང་གིས་དུས་ཚོད་ཆུད་ཟོས་སུ་གཏོང་བ་དང་གཡོ་ཇུས་སྣ་ཚོགས་བཀོལ་ངེས་ཡིན་པས་དེར་ནུས་པ་འདང་ངེས་ཀྱི་སྲིད་ཇུས་སྟོན་ཐུབ་དགོས།

བོད་རྒྱའི་གནད་དོན་ཐོག་རྒྱ་གཞུང་ལ་ཕྱོགས་མང་པོ་ཞིག་ལ་ཞེད་སྣང་གདུང་འཚབ་སྐྱེ་བཞིན་ཡོད། རྒྱལ་སྤྱིའི་སྟེང་རྒྱ་ནག་གི་གཟུགས་བརྙན་དང་ཆེ་མཐོང་དང་། རྒྱལ་ནང་བདེ་འཇགས་གནད་དོན། གྲངས་ཉུང་མི་རིགས་ཁག་གི་གནད་དོན་སོགས་ཕྱོགས་མང་པོ་ཞིག་ལ་འབྲེལ་ནས་ཡོད། གནད་དོན་འདིར་གོང་ཁྲན་ཏང་གིས་ལག་པ་འཆང་ན་མ་བདེ་བ་ཞིག་དང་། ལག་པ་མ་འཆང་ནའང་མ་བདེ་བ་ཞིག་ཡོད་པས་དངོས་ཡོད་ཀྱི་དཀའ་ངལ་ཆེན་པོ་ཞིག་ཆགས་ཡོད། 

བོད་མིས་མངོན་འདོད་དང་རེ་བ་ཅི་ཡོད་གསལ་བོར་རྟོགས་ཟིན་པས་བོད་མིའི་མངོན་འདོད་ནི་རྒྱུ་མཚན་ལྡན་པ་ཞིག་མཐོང་ཡོད་ཀྱང་ད་ལྟའི་སྐབས་འདིར་རྒྱ་གཞུང་གིས་འཁྱོག་བཤད་བྱེད་བཞིན་ཡོད། བོད་མིའི་ངོས་ནས་གུ་ཡངས་བྱེད་ཐབས་མེད་པ་ནི་ས་ཁྱོན་དང་ལོ་རྒྱུས་ལ་འཁྱོག་བཤད་བྱེད་མི་ཐུབ་པ་དེ་རེད། རྒྱ་གཞུང་གིས་འདི་གལ་ཆེན་དུ་མཐོང་སྟེ་རྩོད་གཞི་ཆེན་པོ་ཞིག་དུ་འཛིན་གྱི་ཡོད། མ་འོངས་བོད་རྒྱ་འབྲེལ་མོལ་ནང་རྒྱ་ནག་གཞུང་ལ་སྤྲད་ཟིན་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆའི་ནང་དོན་རེ་རེ་བཞིན་རྒྱ་ནག་གིས་ཁྲིམས་དོན་དང་མཐུན་པའི་འབྲེལ་བརྗོད་བྱ་རྒྱུའམ་དེ་ལས་ཚད་མཐོ་བའི་བོད་ཀྱི་མ་འོངས་བའི་སྐོར་སྐད་ཆ་བཤད་རྒྱུ་ལས་ལྷག་མེད། 

རྒྱ་གཞུང་གིས་བོད་ནང་བདེ་སྐྱིད་ཡོད་ཚུལ་ཤོད་ཀྱིན་ཡོད་ལ། བོད་མིས་ཀྱང་དེ་ངོས་ལེན་དགོས་ཚུལ་ཤོད་ཀྱི་ཡོད། འོན་ཀྱང་རྒྱ་གཞུང་གིས་བཤད་པའི་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ནང་འཚར་ལོངས་བྱུང་བའི་བོད་ཀྱི་གཞོན་སྐྱེས་མང་པོ་ཞིག་གིས་གཅིག་རྗེས་གཉིས་མཐུད་དུ་རང་ལུས་མེ་ལ་བསྒྲོན་ཞིང་རང་སྲོག་ཆུ་ལ་བསྒྱུར་ཏེ།  བོད་མི་རིགས་ཀྱི་རང་དབང་དང་ཐོབ་ཐང་། མ་འོངས་པའི་བདེ་སྐྱིད་སོགས་རྩོད་ལེན་བྱེད་ཀྱི་ཡོད། མིག་མཐོང་ལག་ཟིན་གྱི་གནས་ཚུལ་འདི་དག་ལ་རྒྱ་གཞུང་གིས་ཁུངས་ལྡན་གྱི་ལན་འདེབས་ཐུབ་དགོས། ད་ལྟ་བོད་ཀྱི་ཁོར་ཡུག་དང་ཆོས་ལུགས། སྐད་ཡིག་གོམ་གཤིས་དང་རིག་གཞུང་སོགས་ཕྱོགས་ཡོང་ནས་ཛ་དྲག་མྱུར་སྐྱོབ་བྱ་དགོས་པ་ཞིག་ཆགས་ཡོད། བོད་ཀྱི་ད་ལྟའི་ཛ་དྲག་གི་གནས་སྟངས་འདི་འདྲ་ཞིག་བོད་ཀྱི་ལོ་རྒྱུས་སྟེང་བྱུང་མྱོང་མེད། དེར་བརྟེན། ཐབས་མཁས་དང་རྣམ་དཔྱོད་ལྡན་པའི་ཐོག་ནས་ཕྱག་ལས་གཏིང་ཟབ་གནང་དགོས་པའི་དུས་ལ་བབ་ཡོད། བཀའ་ཁྲིའི་མཛད་འགན་བཞེས་ཏེ་ལོ་ངོ་གཅིག་ཧྲིལ་བོ་འཁོར་བའི་དུས་དྲན་ལ་ལེགས་སྐྱེས་ཀྱི་ཚུལ་དུ་ཕུལ།། 

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༧ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༧ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༢༡ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 2

  1. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 14 སྔོན།

    རེད་རེད་་མི་འཚོ་བ་ནི་དོན་དངོས་ཀྱི་གནས་ལུགས་ཤིག་གི་ཆེད་དུ་བསམ་བློ་བཏང་ན་ཧ་ཅང་རླབས་ཆེན་ཞིག་རེད། མིའི་རིགས་ཀྱི་བསམ་བློ་ནི་མཐའ་མེད་པའི་ནམ་མཁའི་ཁྱོན་ཆེན་པོ་དང་གཞི་བསྡོངས་ཡོད་པས། ད་ནི་རྒྱ་ནག་གིས་ཡར་བཤད་མར་བཤད་ཅི་ཞིག་བྱས་ཀྱང་། ཕམ་རྒྱུ་ཡིན་པ་ནི་ཆོས་ཉིད་ཅིག་རེད། འོན་ཀྱང་འུ་ཅག་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གི་ལངས་ཕྱོགས་ལ་དགོས་ངེས་ཀྱི་བསམ་ཚུལ་འདོན་རྒྱུ་དང་། མི་རིགས་ཤིག་གི་རིག་གནས་ཀྱི་ངོས་ནས་དཔྱད་པ་བྱེད་རྒྱུ་ནི་དོན་དག་གལ་ཆེན་ཞིག་རེད་འདོད།

    Reply
  2. ཡར་ཀླུང་ལྷ་རྗེ། says:
    ལོ་ 14 སྔོན།

    ༧གོང་ས་མཆོག་གིས་རླབས་ཆེན་གྱི་ཐུགས་ཐག་ཆོད་པོས་ཞལ་བཞེས་མ་གནང་པར་དམངས་གཙོ་དབུ་བརྙེས་པའི་ཉིན་མོ་དེ་ཡིན། གནའ་རབས་ཆོས་ལུགས་ཀྱི་ཉམས་རྟོག་སད་པའི་བླ་མས་དབུ་ཁྲིད་ནས། དེང་རབས་ཤེས་ཡོན་གྱི་སྦྱངས་པ་མཐོ་བའི་ཁྲིམས་ལུགས་མཁས་དབང་གིས་དབུ་ཁྲིད་པའི་ཉིན་མོ་དེ་ཡིན། རྒྱལ་སྤྱིའི་ཁྱོན་ཡོངས་ལ་དགའ་བའི་ཐལ་མོ་རྡེབ་སྒྲས་ཁེངས་ཤིང་། རྒྱ་ནག་སྒེར་གཅོད་གཞུང་གི་གཞི་མེད་སྐྱོན་འཛུགས་དག་གི་རྐུབ་ཁུང་བརྡོལ་བའི་ཉིན་མོ་ཡིན། དེ་ལྟ་བུའི་ཉིན་མོ་མང་པོ་དེའདྲ་རང་འཁེལ་གི་ཡོད་དམ ཐུབ་བསྟན་རབ་བསྟན་ལགས། དམངས་གཙོ་ནི། དེ་སྔ་བཙན་བྱོལ་ནང་༡༩༦༡ ༩་༢ ཉིན་ནས་བྱུང་ཟིན། རྒྱ་དམར་གི་གཞི་མེད་སྐྱོན་འཛུགས་ནི་ ༡༩༥༩ ལོ་ནས་འགོ་ཚུགས། རྒྱལ་སྤྱིའི་ཐལ་མོ་རྡེབ་སྒྲ་ནི་འདས་པའི་ལོ་ཤས་ནང་བཙན་བྱོལ་སྒྲིགས་ཚུགས་ཆེ་བསྟོད་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese