མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རིན་བཟང་གི་པར་བཞག་མི་ཆོག་ཟེར།

བོད་ཀྱི་དུས་བབ།
༢༠༡༢/༠༨/༠༤
Share on FacebookShare on TwitterShare on EmailShare on Whatsapp

མང་ར་རྫོང་ཉེན་རྟོག་པས་ས་གནས་ཀྱི་ཟ་ཁང་ནང་རྩོམ་པ་པོ་བྱ་མདོ་རིན་བཟང་གི་འདྲ་པར་བཞག་མི་ཆོག་པའི་བཙན་བཀའ་བཏང་འདུག

ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕྱི་ཚེས་ ༣ ཉིན་གྱི་ཞོགས་པར་མདོ་སྨད་མཚོ་ལྷོ་མང་ར་རྫོང་གི་ཉེན་རྟོག་པ་ཁག་ཅིག བོད་མི་ཤ་བོ་ཐར་ཞུ་བ་ཞིག་གིས་བདག་གཉེར་བྱས་པའི་༼ ཙོང་ལ་གསོལ་ཚིགས་ཁང་ ༽ ཟ་ཁང་དུ་ཡོང་སྟེ། ཟ་ཁང་ནང་བོད་ཀྱི་རྩོམ་པ་པོ་དང་སྙན་ངག་པ། བསམ་བློ་བ། མཛད་རྗེས་ཅན་གྱི་མི་སྣ་ཁག་གི་འདྲ་པར་བཀལ་ཡོད་པའི་ཐད་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། ༼ ངའི་ཕ་ཡུལ་དང་ཞི་བའི་བཅིངས་གྲོལ༽ བློ་སྤོབས་ཅན་གྱི་རྩོམ་པ་པོ་བྱ་མདོ་རིན་བཟང་ཞེས་བྲིས་ཡོད་པའི་བོད་ཀྱི་རྩོམ་པ་པོ་དང་བསམ་བློ་བ་བྱ་མདོ་རིན་བཟང་གི་འདྲ་པར་བཞག་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག་ལ། གལ་སྲིད་ཁོང་གི་འདྲ་པར་མ་བླངས་ཚེ་མང་ར་རྫོང་ལས་ཁུངས་ཁག་གི་མི་གཅིག་ཀྱང་ཟ་ཁང་དེར་ཟ་མ་ཟ་རུ་ཡོང་མི་འཇུག་པའི་འཇིགས་སྐུལ་བྱས་ཡོད་འདུག སྐབས་དེར་ཉེན་རྟོག་པས། བྱ་མདོ་རིན་བཟང་ཟེར་བའི་མི་དེ་རྒྱལ་ཁབ་ལ་ངོ་ལོག་དང་ནག་ཉེས་ཅན་གྱི་མི་སྣ་ཞིག་ཡིན་སྟབས། ཁོང་མང་ཚོགས་ཁྲོད་ཁྱབ་བསྒྲགས་བྱ་མི་ཆོག་ཚུལ་བརྗོད་ཡོད་འདུག

རྩོམ་པ་པོ་བྱ་མདོ་རིན་བཟང་ལགས་ནི། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་མང་ར་རྫོང་བྱ་མདོ་ས་ཆའི་མི་ཡིན་ཞིང་། ཁོང་གིས་བོད་ནང་གི་དངོས་ཡོད་གནས་སྟངས་སྐོར་ཀྱི་རྩོམ་ཡིག་མང་པོ་སྤེལ་བ་དང་། ལྷག་པར་༼ ངའི་ཕ་ཡུལ་དང་ཞི་བའི་བཅིངས་གྲོལ ༽ ཞེས་པའི་བརྩམས་ཆོས་པར་བསྐྲུན་འགྲེམས་སྤེལ་བྱས་པར་བརྟེན་རྒྱ་གཞུང་གིས། ༢༠༠༦ ལོའི་ཟླ་ ༧ ཚེས་ ༡༩ ཉིན་ལྷ་ས་འབྲས་སྤུངས་དགོན་ནས་ཕ་ཡུལ་དུ་ལོག་སྐབས་འཛིན་བཟུང་བཀག་ཉར་བྱས་པ་དང་། ཀློད་གྲོལ་བཏང་རྗེས་སྔོན་མ་ཁོང་འགྲོ་སའི་དགོན་པ་དག་ཏུ་འགྲོ་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་འདུག  ༢༠༠༩ ལོའི་ཕྱི་ཟླ་ ༨ པར་ཁོང་གསེར་རྟ་བླ་རུང་ནང་བསྟན་སློབ་གླིང་དུ་ཞུགས་ནས་སློབ་སྦྱོང་བྱེད་སྐབས། གསེར་རྟ་རྫོང་ཉེན་རྟོག་པས་ཉེས་མེད་བསྙོན་འཛུགས་ཀྱིས་ཁོང་ལ་ཉེས་རྡུང་ཚད་མེད་བཏང་སྟེ། ཀླད་པར་སྐྱོན་ཤོར་ནས་སྨྱོན་པ་ལྟ་བུ་ཆགས་རྗེས་ནང་མིར་རྩིས་སྤྲོད་བྱས་ཡོད་ཀྱང་། ཟ་འཐུང་དང་འགྲོ་འདུག་རང་དབང་མེད་པར་ཕ་མ་གཉིས་ཀྱིས་བདག་སྐྱོང་བྱེད་དགོས་པའི་ཚད་དུ་ལྷུང་ཡོད་པའི་གནས་ཚུལ་ཕྱི་ཕྱོགས་སུ་ཐོན་ཡོད།

གསར་འགོད་པ། དོན་གོ

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist