མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སླར་ཡང་དགེ་སློང་མའི་སྡོམ་རྒྱུན་འཚོལ་མགོ་བརྩམས།

བོད་ཀྱི་དུས་བབ།
༢༠༡༢/༠༨/༠༦
Share on FacebookShare on TwitterShare on EmailShare on Whatsapp


དེ་རིང་ས་རཱ་མཐོ་སློབ་ཏུ་དགེ་སློང་མའི་སྡོམ་རྒྱུན་བསྐྱར་གསོའི་ཉམས་ཞིབ་མགོ་འཛུགས་ཀྱི་མཛད་སྒོ་ཞིག་ཚོགས་སོང་ལ། ཐེངས་འདིའི་ཉམས་ཞིབ་ཚོགས་ཆུང་ནང་ཆོས་རྒྱུད་ཆེན་པོ་བཞིའི་སྐུ་ཚབ་གཉིས་རེ་དང་། བཙུན་མའི་སྐུ་ཚབ་གཉིས་བཅས་ཉམས་ཞིབ་པ་ ༡༠ ཡི་ལས་འཆར་མགོ་འཛུགས་གནང་གི་ཡོད་འདུག

དེ་རིང་ཕྱི་ཚེས་ ༦ ཉིན་གྱི་ཞོགས་པར་ས་རཱ་མཐོ་སློབ་ཏུ་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལྷན་ཁང་གི་གོ་སྒྲིག་འོག དགེ་སློང་མའི་སྡོམ་རྒྱུན་སྐོར་ལ་ཉམས་ཞིབ་ལས་གཞི་ཞིག་མགོ་འཛུགས་ཀྱི་མཛད་སྒོ་ཚོགས་ཡོད་ཅིང་། མཛད་སྒོའི་སྐུ་མགྲོན་དུ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཞོན་སློབ་དཔོན་བསོད་ནམས་བསྟན་འཕེལ་མཆོག གཞན་བོད་མི་མང་སྤྱི་འཐུས་དང་ངྷ་ས་མཚན་ཉིད་གྲྭ་ཚང་གི་འགན་འཛིན་དགེ་བཤེད་དགྲ་འདུལ། ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་རྒན་འཇམ་དཔལ་གྲགས་པ། ཆོས་བརྒྱུད་ཆེན་པོ་བཞིའི་ཆེད་བསྐོས་ཉམས་ཞིབ་པ་རྣམ་པ་བཅས་ཆེད་ཕེབས་འདུག

མཛད་སྒོའི་ཐོག་མར་ཟམ་གདོང་རིན་པོ་ཆེ་མཆོག་གིས་༧སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་དང་མར་མེ་ཞལ་འབྱེད་གནང་རྗེས། བོད་བསྟན་སྲིད་ཆེད་སྐུ་སྲོག་ཤོར་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་གུས་འདུད་མྱ་ངན་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་ཐུགས་སྨོན་བདེན་ཚིག་སྨོན་ལམ་གསུང་འདོན་གནང་སོང་།

དགེ་སློང་མའི་ཉམས་ཞིབ་ལས་གཞི་འདི་ནི་སྔ་ལོའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་ཆོས་ཚོགས་སྐབས་བཅུ་གཅིག་པའི་གྲོས་དོན་ཨང་ ༧ པའི་དགོངས་དོན། ཆོས་བརྒྱུད་ཁག་གི་འདུལ་བ་འཛིན་པའི་མཁས་པའི་ཚོགས་ཆུང་ཟུར་བཙུགས་ཀྱིས་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་གནང་ཐབས་ཡོད་མེད་ཞིབ་འཇུག་བྱ་རྒྱུ་གཏན་འབེབས་ཟིན་པ་ལྟར། ཆོས་རིག་ལས་ཁུངས་ཀྱི་གཙོ་འགན་འོག་ལས་གཞི་མགོ་འཛུགས་བྱས་པ་ཞིག་ཡིན་འདུག་ལ། ཐེངས་འདིའི་ཉམས་ཞིབ་ཚོགས་ཆུང་ནི་ཆོས་བརྒྱུད་རེ་རེ་ནས་ཆེད་བསྐོས་མཁས་པ་གཉིས་རེ་དང་། བཙུན་མའི་ལས་འཆར་ནས་ཆེད་བསྐོས་སྐུ་ཚབ་གཉིས་བཅས་ནང་པའི་བཀའ་བསྟན་ལ་སྦྱངས་པ་ཆེན་པོ་ཡོད་མཁན་མི་གྲངས་ ༡༠ ལས་གྲུབ་པའི་ཉམས་ཞིབ་ཚོགས་ཆུང་ཞིག་གིས་ལས་གཞི་མགོ་འཛུགས་བྱེད་ཀྱི་ཡོད་པ་དང་། ཚོགས་ཆུང་གི་སློབ་སྟོན་པ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ཡིན་འདུག

མཛད་སྒོའི་སྟེང་བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས། ད་སྔ་བཙན་བྱོལ་སྤྱི་ཚོགས་ནང་དང་རྒྱལ་སྤྱིའི་སྤྱི་ཚོགས་ནང་དགེ་སློང་མའི་སྡོམ་རྒྱུན་སྐོར་ལ་གླེང་སློང་གང་འདྲ་བྱུང་ཡོད་མེད། དགེ་སློང་མའི་སྡོམ་རྒྱུན་འཛིན་ཆོག་མིན་སངས་རྒྱས་ཀྱི་ལུང་ག་རེ་ཡོད་མེད། བཀའ་བསྟན་ཁག་ནང་གསལ་ཁ་ཡོད་པ་དང་། གསལ་ཁ་མེད་པ། ཉམས་ཞིབ་ཀྱི་ཁ་ཕྱོགས་གང་འདྲ་འཛིན་དགོས་མིན་སོགས་ཀྱི་སྐོར་ལ་གསུང་བཤད་གནང་སོང་། དེ་བཞིན་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས། དགེ་སློང་མའི་སྡོམ་རྒྱུན་བསྐྱར་གསོའི་ཉམས་ཞིབ་ལས་གཞིའི་ཐོག་མའི་བྱུང་རིམ་དང་། ལས་གཞིའི་ངོ་བོ། ཉམས་ཞིབ་འདིར་རེ་བ་ཆེན་པོ་འཛིན་གྱི་ཡོད་སྐོར་སོགས་ངོ་སྤྲོད་གནང་སོང་།

གསར་འགོད་པས་ཐེངས་འདིའི་ཉམས་ཞིབ་ཚོགས་ཆུང་གི་སྐུ་ཚབ་དགེ་བཤེས་རིན་ཆེན་དངོས་གྲུབ་ལགས་ལ་ཉམས་ཞིབ་ཐད་གདེང་ཚོད་གང་འདྲ་ཡོད་མེད་དྲིས་པར་ཁོང་གིས། “ང་རང་ལ་མཚོན་ན་རྒྱ་ནག་དང་འབར་མ་སོགས་མི་རིགས་གཞན་དང་སྐད་ཡིག་གཞན་དུ་ཡོད་པའི་བཀའ་བསྟན་ལ་སློབ་སྦྱོང་བྱས་མྱོང་མེད། བོད་བརྒྱུད་ནང་བསྟན་དང་འདུལ་བའི་སྐོར་ལ་ལོ་བཅོ་ལྔ་ཉི་ཤུའི་རིང་སློབ་སྦྱོང་བྱས་པ་ཡིན། ཉམས་ཞིབ་འདི་བརྒྱུད་ནས་སངས་རྒྱུས་ཀྱི་བཀའ་བསྟན་དང་ལྷག་པར་དུ་འདུལ་བའི་ནང་དགེ་སློང་མའི་སྡོམ་རྒྱུན་འཛིན་ཆོག་དང་མ་ཆོག་གི་ལུང་ཕྱིར་འདོན་རྒྱུར་དུས་ཡུན་མང་པོ་དགོས་པ་ཞིག་མ་རེད། གཙོ་བོ་ལྟ་གྲུབ་འདྲ་མིན་གྱི་དབང་གིས་ཁས་ལེན་མིན་དང་། ལག་ལེན་དུ་བསྟར་ཐུབ་མིན་དེ་གནད་འགག་རེད་”ཅེས་བརྗོད་བྱུང་།

གསར་འགོད་པ། བནྡེ་སྐྱབས།

གསར་འགྱུར་རྒྱས་པ་ཕྱི་ཚེས་ ༡༠ ཉིན་གྱི་དུས་བབ་ཚགས་པར་སྟེང་འགོད་རྒྱུ་ཡིན།  

 

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 17

  1. གངས་ཕྲུག་སྤྱི་སེམས་ཅན། says:
    ལོ་ 14 སྔོན།

    ཆུ་ཐིགས་སྔོན་མའི་སྐད་ཧ་ཅང་ཐལ་དྲག་མི་འདུག་གམ། སྤྱིར་ཁྱོད་ནི་དེ་ཇུས་གཏོགས་བྱེད་པའི་ཐོབ་ཐང་ངམ་དབང་ཆ་ཡང་ཡོད་པ་མ་རེད། ཁྱོད་ཀྱིས་རང་ཉིད་ལ་ཁ་སྐོར་ཏེ་བསམ་བློ་ཞིག་ཐོངས་དང་བསམ་བློ་འཁོར་རྒྱུ་ཡོད་ནི་རེད། ཨ་རིག་ལ་ཆགས་པའི་ཆགས་པ་དེས་ཁྱོད་ཅུང་ཙམ་མིན་ན་འཆི་རུ་བཅུག་ཡོད་ལ། སྐད་ཆ་བཤད་དུས་བསམ་བློ་ཐོངས་ལོ།

    Reply
  2. ལྷ་ཐོག་སྤྲིན་ཕུང་། says:
    ལོ་ 14 སྔོན།

    འདི་ནི་སངས་རྒྱས་དང་རྒྱ་གར་བའི་འདུལ་འཛིན་ཆེན་པོ་རྣམས་ཀྱིས་གང་གསུངས་ཡོད་པ་ལག་ལེན་བྱེད་རྒྱུ་ཞིག་ལས་ཉམས་ཞིབ་འདྲ་བྱས་ཏེ་དུས་ཚོད་འགྱང་ཐབས་བྱས་ན་ཕན་ཐོག་ཅི་ཡང་མེད།། འདི་དག་གིས་དགེ་སློང་མའི་སྡོམ་རྒྱུན་ཆབ་སྲིད་ཀྱི་ངོ་བོ་ཁོ་ན་སྒྱུར་གྱིན་འདུག། གང་ལྟར་ཡང་དགེ་སློང་མའི་སྡོམ་རྒྱུན་གང་འདྲ་ཡིན་མིན་དཔྱད་རྩོམ་ཁུང་ལུང་ཅན་ཞིག་བྲིས་ཡོད་ངའི་ཟིན་བྲིས་སུ་འགོད་རྒྱུ་ཡིན།།

    Reply
  3. འདབ་པ་ཚེ་དབང་མགོན་པོ། says:
    ལོ་ 14 སྔོན།

    སྔར་བྱུང་ཟིན་པའི་དུས་ཚོད་ཕལ་མོ་ཆེ་ནི་བཙན་ཤེད་དང་དབང་ཡོད་འོག་ཏུ་སོང་ཟིན་པའི་དུས་ཚོད་ཅིག་ཡིན་པ་བཞིན་དུ། དུས་རབས་ཉེར་གཅིག་པ་འདིར་མི་ཕལ་མོ་ཆེ་ཆབ་སྲིད་པ་དང་མཁས་པ་རྣམས་ཀྱི་གཡོ་འོག་ཏུ་ཚུད་པའི་དུས་ཚོད་ཅིག་རེད། དེས་ན་འདིར་མི་རྣམས་ཀྱིས་དོན་ལ་མི་བརྟག་པར་གཞན་ཟེར་དད་པའི་སེམས་ཀྱི་ཚོར་སྣང་གཙོ་བོར་བཟུང་སྟེ་བྱ་དངོས་དག་ལ་འཇུག་པའི་སྐབས་ཤིག་རེད་ཅེས་བཤད་ན་འགྲིག་ཙམ་དུ་མིན་ནམ་སྙམ། དཔེ་མཚོན་ཞིག་བརྗོད་ན་ཁ་སང་ས་རཱ་མཐོ་སློབ་ཏུ་གདན་ས་ཁག་གི་དགེ་བཤེས་དང་གྲྭ་ཚང་ཁག་གི་མཁན་པ་མང་པོས་དགེ་སློང་མའི་སྐོར་ཞིབ་འཇུག་ཅིག་བྱེད་འཆར་ཡོད་འདུག། མ་ཟད་སྐབས་དེར་བཀའ་ཟུར་ཟམ་གདོང་བླ་མ་དང་དེ་བཞིན་མཆོད་རྟེན་བཀའ་བློན་བཅས་ཕེབས་ཏེ་མཛོད་སྒོ་ཞིག་ཀྱང་ཚོགས་གྲག དེའི་དོན་ངོ་མ་ནི་དགེ་སློང་མའི་སྡོམ་པ་འགྲུབ་རྒྱུ་དང་དེའི་སྐར་ཉམས་ཞིབ་བྱེད་རྒྱུ་དེ་རེད། ཚོགས་འདུ་འདིའི་རྒྱབ་ལྗོངས་ནི་སྟོན་པའི་བསྟན་པ་ཡང་དག་པར་གནས་པ་ལ་དགེ་སློང་ཕ་མ་གཉིས་དང་དགེ་ཚུལ་ཕ་མ་གཉིས་ཚང་དགོས་པའི་སྐད་ཆ་ཅིག་རེད། དེ་ནི་སྔོན་བྱོན་མཁན་ཆེན་ཞི་བ་མཚོ་དང་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གཙོས་པའི་མཁས་པ་མང་པོས་ཧ་མ་གོ་གནས་ཚུལ་ཞིག་རེད་བཞག ང་ལ་མཚོན་ན་ད་ཆར་བོད་ལ་མི་དེ་འདྲ་ལྷག་བསམ་ཅན་དང་། རྣམ་དཔྱོད་ཅན་ཡོད་པ་དེ་རིང་གོ་བ་ཐོག་མ་ཡིན། གང་ཡིན་ཞེ་ན་དེ་སྔོན་བོད་ལ་མཚོན་ན་སངས་རྒྱས་ཆོས་ལུགས་བྱུང་ནས་ལོ་གཅིག་སྟོང་བཞི་བརྒྱ་དང་། རབ་བྱུང་པ་བྱུང་ནས་ལོ་ངོ་གཅིག་སྟོང་སུམ་བརྒྱ་མ་ཟིན་ཙམ་དུ་སོང་འདུག ད་ལྟ་བར་དུ་བོད་ལ་སངས་རྒྱས་ཀྱི་བསྟན་པ་ཡང་དག་པར་གནས་མེད་པ་སྟེ་དེ་རིང་གཞི་ནས་ཤེས་སོང་། ངས་རྣམ་པ་ཚོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གང་ཡིན་ཟེར་ན་ད་གཞི་ནས་བསྟན་པ་ཡང་དག་པ་ཞིག་བཙུག་རྒྱུ་ཡིན་སྟབས་ང་རང་གིས་ཀྱང་འཇལ་པའི་སྐལ་བ་ཐོབ་རྒྱུ་རེ་བ་ཡོད་པ་འདྲ། ཕྱོགས་གཅིག་ནས་བསམས་ཏེ་བཤད་ན་ཏོག་ཙམ་ཕྱི་གྲགས་པ་མིན་ནམ་སྙམ། གང་ཡིན་ཟེར་ན་དེང་སང་བཙུན་མོ་རྣམས་དགེ་ཚུལ་གྱི་ཁྲིམས་དེ་བསྲུང་མི་ཐུབ་པར་སྐུ་ངལ་བའི་སྒོ་ནས་སྡོད་པའི་དུས་ཚོད་ཅིག་རེད་ཅེས་ཟེར། དེས་ན་རྣམ་པ་ཚོ་ཏོག་ཙམ་ཞིག་ཕྱི་སོང་བ་མ་རེད་དམ། མ་ཟད་དེ་རིང་ཁ་སང་སྤྱི་ཚོགས་ཀྱི་ནང་ནས་གྲྭ་ལོག་གིས་ལུང་པ་ཁེངས་སྟབས། མ་འོངས་པར་ཨ་ནེ་ལོག་པས་ལུང་ལ་ཁེངས་ཚེ་བོད་མི་རིགས་ཏེ་དེ་གཉིས་ལས་བྱུང་ནས་ཕྱོགས་ལྷུང་དང་ཕྲག་དོག་མེད་པའི་མི་རིགས་ཆགས་རྒྱུའི་རེ་བ་ཆེན་པོ་ཡོད། ཅི་ཡིན་ཞེ་ན་གྲྭ་པ་དང་གྭ་ལོག་རྣམས་ལ་དེ་སྔོན་ནས་ཞེན་ཁོག་དང་ཕྱོགས་ལྷུང་སོགས་ཡེ་ནས་མེད་པའི་སྐད་གྲགས་ཡོད་པ་རེད། མ་ཟད་མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱིས་གལ་ཏེ་བོད་མི་རྣམས་ཀྱིས་དབང་ཞུས་ནས་དབང་ཐོབ་སོང་བ་ཡིན་ན་དམ་ཉམས་ཀྱིས་ལུང་པ་གང་འགྲོ་རྒྱུ་རེད་གསུངས་པ་བཞིན། བོད་པའི་སྤྱི་ཚོགས་ནང་འབྱུང་འགྱུར་ཚུལ་ཁྲིམས་འཆལ་བས་ལུང་པ་དགང་འགྲོ་རྒྱུའི་རེད་བ་ཡོད། དེང་སང་བཙན་བྱོལ་སྤྱི་ཚོགས་སུ་ཕོ་ཕྱེད་ལྷག་ཙམ་གྲྭ་ལོག་ཡིན་སྟབས། མ་འོངས་འབྱུང་འགྱུར་མོ་ཕྱེད་ལྷག་ཙམ་ཇོ་ལོག་བྱུང་ཚེ། བོད་མི་རིགས་འདི་དེང་རབས་ཀྱི་འགྲོས་དང་མི་སླེབས་པ་དང་། ཆོས་པའི་གྲལ་དུའང་མི་ཚུད་པར་བར་དོའི་གནས་སུ་འཁྱམ་པའི་སྤྱི་ཚོགས་ལེགས་པོ་ཞིག་ཆགས་རྒྱུ་རེ་བ་ཆེན་པོ་འདུག བྱས་ཙ་ན་རྣམ་པ་ཚོས་འདིའི་ཐད་ལ་ཤུགས་རྒྱོབས་རོགས་གནང་ཟེར་རྒྱུ་ཡིན།

    Reply
  4. lobsang says:
    ལོ་ 14 སྔོན།

    ངོ་མ་འདི་མི་དགོས་པ་ཞིག་རེད་དུས་ཚོད་འཕྲོ་བརླག་དང་འགྲོ་གྲོན་ཆུད་ཟོས་རང་རེད།
    འདི་ནི་དམ་པའི་ཆོས་ཀྱི་དགོངས་དོན་མི་ཤེས་པའི་རིན་ཆེན་མཁའ་འགྲོ་སོགས་བུད་མེད་སྨྱོན་མ་ཁག་གཅིག་གིས་ནམ་རྒྱུན་བུད་མེད་ཀྱི་ཐོབ་ཐང་ལ་ཁ་གཡར་ནས་ཕྱི་རྒྱལ་ཁག་ནས་དངུལ་དངོས་སློང་བྱེད་ཅིག་རེད། མཁས་དབང་ཟམ་གདོང་༧རིན་པོ་ཆེས་དགེ་སློང་མའི་སྡོམ་རྒྱུད་ཟེར་བ་དེ་བུད་མེད་ཀྱི་ཐོབ་ཐང་རྩོད་བྱེད་ཅིག་མ་རེད་གསུངས་པ་ནང་བཞིན་ད་ནས་བཟུང་དུས་འཕྲོ་བརླག་དང་འགྲོ་གྲོན་ཆུད་ཟོས་མ་གཏོང་རོགས།

    Reply
  5. ཉེར་གཅིག་པའི་ཅོང་བརྡ། says:
    ལོ་ 14 སྔོན།

    ཟམ་གདོང་བླ་རྒན་ཡོད་ས་ནས་དོན་དག་ཡག་པོ་ཞིག་མེད་ཁོ་ཐག་ཡིན།

    Reply
  6. ཉེར་གཅིག་པའི་ཅོང་བརྡ། says:
    ལོ་ 14 སྔོན།

    ཨ་ནི་དགོན་པ་སྟོང་གི་མ་རེད། ད་དུང་ཨ་ནི་གྲངས་ཀ་མང་དུ་འཕེལ་ངེས།
    སྡོམ་པ་མི་དགོས་ན་དཀའ་ལས་ག་རེ་ཡོད་རེད།

    Reply
  7. Dawai Shonu says:
    ལོ་ 14 སྔོན།

    ཨ་ནེ་དང་གྲ་པ་ཚོ་ནི་ང་ཚོའི་སྤྱི་ཚོགས་ཀྱི་སྐྱོན་ཆ་ཆེ་ཤོས་ཤིག་རེད། དེ་གཉིས་གཅིག་གཙང་མ་ཆགས་རོགས་བྱས་ན་ཅི་མ་རུང།

    Reply
  8. Dawai Shonu says:
    ལོ་ 14 སྔོན།

    ཨ་ནེ་དང་གྲ་པ་ནི་དངོས་གནས་ང་ཚོའི་སྤྱི་ཚོགས་ཀྱི་སྐྱོན་ཆ་ཆེ་ཤོས་རེད།

    Reply
  9. བློ་བཟང་མདོ་སྔགས། says:
    ལོ་ 14 སྔོན།

    དགེ་སློང་མའི་སྡོམ་རྒྱུད་འཚོལ་བ་ལས། རྡ་སའི་གཡས་གཡོན་གྱི་བཙུན་མ་རྒྱ་གར་པ་དག་ལ་གཤང་འཚོང་མཁན་མ་དག་ལ་སྡོམ་པ་ཡོད་མེད་བརྟག་དཔྱད་ཅིག་བྱས་ན། ངས་ལྟས་ན། དེ་ཡག་པར་འདོད། འདི་རིགས་རྙོག་དྲ་རེད། ད་རུང་ཇོ་ནང་པ་ནང་པ་ཡིན་མིན་སྐོར་ལ་ཡང་ཞིབ་འཇུག་ཚོགས་པ་ཞིག་འཛུགས་དགོས་ཚུལ་བཤད་སོང་། དེ་ལས་མིག་སྔར་དཀའ་ངལ་འཕྲད་བཞིན་པའི་བོད་ནང་གི་གནས་སྟངས་དེར་གདུང་སེམས་མཉམ་སྐྱེད་ཅིག་བྱེད་ཐུབ་ན་ཅི་མ་རུང་། ཞིབ་འཇུག་ཚོགས་ཆུང་འདི་བོད་ནང་གི་གནས་སྟངས་ལ་ཞིབ་འཇུག་ཅིག་བྱེད་དུ་བཅུག་པ་ཡིན་ན་ཅི་མ་རུང་། དགེ་སློང་མའི་སྡོམ་རྒྱུད་ཅིག་རེགས་ཀྱང་མ་རེགས་ཀྱང་། སྡོམ་པ་རྣམ་དག་ཅིག་སྲུང་མཁན་ནི་གཅིག་ཀྱང་།

    Reply
  10. རྡོ འཇམ་ཚུལ། says:
    ལོ་ 14 སྔོན།

    དགེ་སློང་མ་བསྒྲུབ་རྒྱུ་བྱུང་ན་ཡག་ཤོས་རེད། དེ་བསྒྲུབ་ཐུབ་པ་ཡིན་ན། བཙུན་མའི་གྲངས་ཀ་ཉུང་རུ་འགྲོ་ངེས་རེད། མ་ཟད་རྩ་བ་ལ་འགལ་བ་འབྱུང་ལྷ་བ་དང་མི་གཞན་གྱིས་ཡང་མ་མཐའ་རྩ་འགལ་བྱུང་བ་ངོས་གཟུང་ལྷ་རུ་ཕྱིན་རེད། གཞན་ད་ལྟའི་གནས་སྟངས་བཞིན་རྩ་བ་བཞི་སྲུང་ཐུབ་ཙམ་བྱས་ནས་རང་གཞན་གཉིས་ཆ་མག་མོག་ཤིག་གི་ངང་དུ་བསྡད་འདུག་པ་ལས། བཙུན་མ་གང་ཞིག་གིས་སྐྱེས་པ་གང་ཞིག་ལ་ཆགས་པའི་རྣམ་པས་རེག་པའམ་བཀན་པ་མཐོང་བ་ཙམ་གྱིས་མོ་ལ་རྩ་འགལ་བྱུང་སོང་། བཙུན་མ་མ་རེད་ཅེས་ལག་པ་འཆང་ཆོག་ཆོག་རེད་་་་་་མ་རེད་དམ་ལྷན་རྒྱས་ཚོ།

    Reply
  11. རྣོ་ཁབ་ལེན། says:
    ལོ་ 14 སྔོན།

    འཚོལ་ནས་ད་བར་མ་པར་ད་རྙེད་རྒྱུ་ཡོད་པ་མ་རེད། སྡོམ་རྒྱུ་མེད་བཞིན་དུ་བསྒྲུབ་ན་ཆོག་མིན་རེད།

    Reply
  12. འབྲོང་བུ་སོག་ཚ། says:
    ལོ་ 14 སྔོན།

    ཁོང་ཚོ་དགེ་སློང་མའི་སྡོམ་པའི་སྐོར་ལ་མང་པོ་མ་བཤད་ན་བཟང་། ཨ་ནེ་དེ་ཚོ་ལ་སྡོམ་པ་མེད་པ་ཤེས་སོང་ན་ཨ་ནེའི་དགོན་པ་སྟོང་པར་འགྲོ་ཉེན་ཡོད་ད། ཨ་ནེའི་རྐུབ་ལ་སྡོད་ཚུགས་ནི་མེད། ད་གཟབ་གཟབ་གྱིས།

    Reply
  13. བཀྲ་ཤིས་ལྷ་མོ། says:
    ལོ་ 14 སྔོན།

    ཟམ་གདོང་རིན་པོ་ཆེ་དང་། ཟམ་གདོང་རིན་པོ་ཆེའི་ཡབ་ཆེན་ཕེབས་ཡོང་ན་མོ་ཤམ་མའི་བུ་ཞིག་རྙེད་དགོས་རྒྱུ་དེ་ཧཧཧཧཧ། འགྲོ་བ་མི་ཡི་ཐོབ་ཐང་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་ལ་སྙན་ཞུ་རྒྱག་ན་ཡག་གི་མེད་འགྲོ དེ་མིན་ན་དགེ་སློང་མའི་ཡང་སྲིད་ཞིག་བཟོ་རྒྱུ་ཡོད་མེད་བསྟས་ཏེ་དགེ་སློང་མ་ཞིག་བཟོས་ན་སྟབས་བདེ་བ་ཡོད་རྒྱ་རེད། དེ་མིན་དེང་སང་གི་སྤྲུལ་སྐུ་ངོས་འཛིན་བྱས་པ་ནང་བཞིན་རྒྱུ་ནོར་དཔལ་འབྱོར་གང་མཚམས་ཡོད་མཁན་ཞིག་གམ། ཡང་ན་མིང་སྙན་ཡོད་མཁན་ཞྀག་ལ་དགེ་སློང་མ་ཞེས་བཏགས་ན་གང་འདྲ་འདུག ང་ཚོའི་སྲིད་བྱུས་ནང་བཞྀན་མེ་དཔ་ནས་ཡོད་པ། ཡོད་པ་ནས་གོང་འཕེལ། གོང་འཕེལ་ནས་གོང་འཕེལ་གཏོང་ན་བསམ། འཛམ་གླིང་འདིའི་ཐོག་མ་ལྷག་པར་ས་ར་ནས་རགས་རྒྱུ་ཁག་པོ་རེད། ཡིན་ན་གཅིག་བཟོས་བཞག་ན་ཁྱད་འཚར་འཚར་འདྲ་ཞྀག་རེད། ཐོབ་ཐང་མེད་པ་བཟོས་ན་གང་འདྲ་སེ་ཡོང་དགོས་རེད། རྒྱལ་སྤྱིའི་ཁྲིམས་ཁང་དུ་ཧཧཧཧཧཧཧཧཧཧཧཧྲ

    Reply
  14. ཆུ་ཐིགས་སྔོན་མོ། says:
    ལོ་ 14 སྔོན།

    དགེ་ཚུལ་མའི་སྡོམ་པ་འགོ་ཐོན་ལ་མ་ཐོན་ལ་ཞིག་ཡིན་དུས་་་དེའི་ཁར་དགེ་སློང་མ་ཞིག་ཧཧཧ་་་་་སྲུང་བཞིན་པའི་དགེ་ཚུལ་གྱི་སྡོམ་པ་སྤུས་གཙང་ཞིག་ཡོང་ཐབས་ལ་འབད་ན་ཡག་ཤོས་མ་རེད་པས་་་་་དེའི་ཆེད་དུ་ཚོགས་འདུ་རེ་འཚོགས་ན་་་་མིན་ན་གང་སར་ཐབས་ཤེས་འཐེན་ན་སྡོམ་པ་རེ་རེག་མི་ཡོང་་་་

    Reply
  15. ཀླུ་སྨྱོན། says:
    ལོ་ 14 སྔོན།

    རྙོག་དྲ་ཚ་བ་ལ། ཐེ་ཝན་དུ་སོང་ནས་སྡོམ་རྒྱུན་བླངས་ཏེ་ཅི་འདོད་གང་འདོད་དུ་སྤེལ་ན་མ་འགྲིག་པ་ག་རེ་ཡོད་དམ། ཕྱི་གླིང་བའི་ཨ་ནི་པད་མ་ཆོས་སྒྲོན་དང་ཐུབ་བསྟན་ཆོས་སྒྲོན་སོགས་ཨ་ནི་གྲགས་པ་ཅན་ཚོའི་སྡོམ་རྒྱུན་གྱི་ཁུངས་ཐེ་ཝན་རེད་འདུག བོད་པའི་སྤྱི་ཚོགས་ནང་མེད་པ་ཞིག་ལ་ཡང་སྐོར་སྐྱར་སྐོར་གྱིས་རྩད་གཅོད་བྱེད་བཞིན་ཨ་ནི་མེ་ཏོག་འདྲ་བ་ཚོའི་མགོ་དཀར་པོ་ཆགས་ཀི་འཇུག་ན་འདོད་པ་རེད་པ། ཕངས་པ་ལ། དེང་སང་དགེ་ཚུལ་དང་དགེ་ཚུལ་མ་གཙང་སེང་ངེ་བ་རེ་ཡོད་ན་དེས་ཀྱང་དགའ་བ་མ་ཡིན་ནམ།

    Reply
  16. སྤྲོ་ཚིགས་དགེ་འདུན says:
    ལོ་ 14 སྔོན།

    དགེ་སློང་མའི་སྡོམ་རྒྱུན་བཙལ་ནས་རྙེད་རྒྱུ་ཞིག་ཡོད་རྒྱུ་མ་རེད་འདོད། གོ་ལ་འདིའི་ནང་དེང་སང་མི་ཞིག་བཙལ་དགོས་ན་དེ་དཀའ་བ་ཞིག་མིན་པས་ན་་་དགེ་སློང་མ་ཞིག་བཙལ་རྒྱུ་ཡང་དེ་བཞིན་རེད། དེ་མེད་སོང་ན་སྡོམ་རྒྱུན་ཆད་སོང་བ་རེད། དེ་བས་རྒྱུན་ཆད་སོང་བ་དེ་སླར་གསོ་བྱེད་རྒྱུ་ཡོད་མེད་ཞིབ་འཇུག་བྱས་ན་གསལ་བོ་ཞིག་ཆགས་རྒྱུ་ཡོད་སྲིད། ཡང་གཅིག་བཤད་ན་དུས་རབ་འདིར་ཕལ་ཆེར་དགེ་སློང་མའི་སྡོམ་པ་ཡོད་རྒྱུ་མ་རེད་སྙམ། ཕམ་པ་བཞིའི་སྟེང་དུ་ཐུན་མོང་མིན་པའི་ཕམ་པ་བཞི་བཅས་བརྒྱད་སྲུང་དགོས་པ་མ་ཟད་ལྕི་བའི་ཆོས་བརྒྱད་ཀྱང་བརྟེན་དགོས་པ་གཞུང་ཆེན་མོའི་སྤྱི་སྐད་ཡིན་དུས། དུས་རབ་འདིར་དཀའོ། དེ་ལས་་་་དེའི་སྔ་རོལ་དུ་དགེ་སློབ་མའི་སྡོམ་སྲུང་ཐུབ་མིན་དང་དེའི་རྗེས་སུ་ཚང་སྤྱོད་ཉེར་གནས་ཀྱི་སྡོམ་པ་སྲུང་ཐུན་མིན་བརྟག་ནས་་་དེ་དག་ཐུབ་སོང་ན་ད་གཟོད་དགེ་སློང་མའི་སྡོམ་པ་ལ་རེ་བ་བྱས་ན་མ་རེད། ་

    Reply
  17. སྐར་མདའ། says:
    ལོ་ 14 སྔོན།

    དུས་ཚོད་འཕྲོ་བརླགས་དང་། ལས་དོན་འཐོལ་བ། འགྲོ་གྲོན་ཆུད་ཟོས་སོགས་ཀྱི་རྒྱུ་ཁོ་ན་རེད། དེ་བས་སྐབས་བབ་བོད་ཀྱི་རྩ་དོན་ཞིག་གི་ཆེད་དུ་འབད་འབུངས་གནང་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese