མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གྲུབ་འབྲས་དང་བྱས་རྗེས་ཆེན་པོ་མེད་ཀྱང་འཐུས་ཤོར་ཡང་ཕྱིན་མེད།

བོད་ཀྱི་དུས་བབ།
༢༠༡༢/༠༨/༠༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ནི་བརྒྱད་པའི་བརྒྱད་ཉིན་ཏེ། བོད་མིའི་དབུ་འཁྲིད་༧གོང་ས་མཆོག་གི་ཆབ་སྲིད་དང་འཛིན་སྐྱོང་གི་ཐུགས་འགན་ཡོངས་རྫོགས་མི་མང་གིས་བདམས་པའི་དབུ་ཁྲིད་ཚོར་བསྩལ་བའི་ཉིན་མོ་ཡིན་ལ། བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་བཀའ་ཤག་སྐབས་བཅུ་བཞི་བའི་ལས་འགན་བཞེས་ཏེ་ལོ་གཅིག་ཏག་ཏག་འཁོར་བའི་ཉིན་མོའང་ཡིན་སྟབས། ཞོགས་པའི་ཆུ་ཚོད་ ༡༡ སྟེང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། འདས་པའི་ལོ་གཅིག་རིང་གི་ལས་དོན་ངོ་སྤྲོད་ཀྱི་གསར་འགོད་གསལ་བསྒྲགས་ཤིག་གནང་སོང་།

གསར་འགོད་གསལ་བསྒྲགས་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་དབུས་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་དང་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ། ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱིངས།  འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་བཅས་ཀྱང་ཕེབས་འདུག ཕྱི་དྲིལ་དྲུང་འཕར་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཐེངས་འདིའི་གསལ་འགོད་གསལ་བསྒྲགས་ཀྱི་དམིགས་ཡུལ་ངོ་སྤྲོད་གནང་རྗེས། བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་སྔར་ལོའི་ཕྱི་ཟླ་ ༨ པའི་ཚེས་ ༨ ཉིན་བཀའ་ཁྲིའི་ལས་འགན་འཁྱེར་ཏེ། དེ་རིང་ལོ་གཅིག་དང་ཉིན་གཅིག་འགོར་ཡོད་པ་དང་། དུས་ཡུན་དེའི་རིང་སྐབས་བཅུ་བཞི་པའི་བཀའ་ཤག་གིས་གྲུབ་འབྲས་དང་བྱས་རྗེས་ཆེན་པོ་གང་ཡང་བཞག་མེད་ཀྱང་འཐུས་ཤོར་གྱི་ཕྱོགས་ནས་ཀྱང་སོང་མེད་སྐོར་གསུངས་སོང་།

འདས་པའི་ལོ་གཅིག་རིང་གི་ལས་དོན་ཁག་ཡིག་ཐོག་ནས་བཀྲམས་པའི་ནང་། ” སྤུན་ཟླ་ཚོ། དེ་རིང་ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༨ རེས་གཟའ་ལྷག་པ་གཟའ་སྐར་དགེ་བའི་ཉིན་ཕྲན་ནས་བཀའ་བློན་ཁྲི་པའི་ལས་ཁུར་མགོ་བཙུགས་ཏེ་ལོ་གཅིག་འཁོར་བའི་དུས་ཚིགས་ལ་འཁེལ་བའི་སྐབས་འདིར། ད་བར་ལས་དོན་ཇི་བྱས་ལ་བསྐྱར་ཞིབ་ཀྱིས་གྲུབ་འབྲས་ཐོན་པ་ཁག་ཅིག་གི་ངོས་འཛིན་དང་སྦྲགས་མུ་མཐུད་མདུན་སྐྱོད་བྱེད་ཕྱོགས་སྐོར་ངོ་སྤྲོད་མདོ་ཙམ་ཞུ་རྒྱུ་ཡིན།

 

བོད་དོན་དྲིལ་བསྒྲགས།

བཀའ་ཤག་སྐབས་བཅུ་བཞི་པས་བོད་དོན་དྲིལ་བསྒྲགས་དང་བོད་མིའི་ཆབ་སྲིད་མགོ་འཁྲིད་ལ་གདེངས་འཇོག་ཐོབ་ཐབས་སུ་ལས་དོན་རྒྱ་གང་ཆེ་སྤེལ་བ་ལས་གྲུབ་འབྲས་ཀྱང་མི་དམན་ཙམ་བྱུང་ཡོད། ཕྱག་སྦྲེལ་བཀའ་བློན་རྣམ་པ་རྒྱལ་ཁབ་མང་པོའི་ནང་ཆེད་ཕེབས་ཀྱིས་བོད་དོན་དྲིལ་བསྒྲགས་ཀྱི་ལས་དོན་སྤེལ་ཡོད་པ་ལྟར། ཕྲན་ནས་ཀྱང་འདས་པའི་ཟླ་ངོ་ ༡༢ ཀྱི་དུས་ཡུན་ནང་གླིང་ཆེན་བཞིའི་གྲོང་ཁྱེར་ཆེ་ཁག་ ༡༧ ཙམ་ནང་བསྐྱོད་དེ་གཞུང་གི་གནད་ཡོད་མི་སྣ་དང༌། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོས་མཚོན་པའི་རྒྱལ་ཁབ་མང་པོའི་གྲོས་ཚོགས་ཀྱི་འཐུས་མི། སྙན་གྲགས་ཅན་གྱི་གསར་འགྱུར་བརྒྱུད་ལམ། ནོ་བྷལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་གྱི་མགོ་འཁྲིད་ཁག་གིས་དབུས་པའི་གནད་ཡོད་མི་སྣ་མང་པོར་མཇལ་འཕྲད་ཞུས་ཏེ། བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་བདེན་རྒྱབ་ཡོང་བའི་འབོད་སྐུལ་ཞུས་པ་ཡིན། ཨ་རིའི་གྲོས་ཚོགས་གོང་མ་དང་ཡུ་རོབ་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་གལ་ཆེའི་གྲོས་ཆོད་འཇོག་ཐུབ་པ་བྱུང་བ་དང༌། ཉི་ཧོང་གྲོས་ཚོགས་འཐུས་མི་བརྒྱ་སྐོར་གྱིས་བོད་དོན་སྐོར་རྒྱབ་སྐྱོར་གྱི་ཡོངས་གྲགས་འབོད་སྐུལ་སྤེལ་ཐུབ་པ་བྱུང་ཡོད། དེ་བཞིན་གྲོགས་པོ་གསར་པ་དང་གནད་ཡོད་མི་སྣ་མང་པོ་དང་འབྲེལ་ལམ་བཟོ་ཐུབ་པ་བྱུང༌།

 

ལས་འཆར་གསར་གཏོད།

ལས་བྱེད་གནས་སྤོ་བྱེད་ཕྱོགས་དང༌སྲིད་བྱུས་ཉམས་ཞིབ་ཀྱི་ལས་འཆར། འཛུགས་སྐྲུན་ཡར་རྒྱས། མིའི་ཐོན་ཁུངས་མཁོ་འདོན་བྱེད་ཕྱོགས། འཕྲོད་བསྟེན་བཅས་ཀྱི་ཐོག་ལས་འཆར་གསར་གཏོད་མི་ཉུང་བ་ཞིག་བྱས་ཡོད་པའི་ཁོངས་ནས་གལ་ཆེ་བ་ ༥ ཟུར་འདོན་ཞུས་ན། ལས་བྱེད་གསར་བསྐོའི་དམིགས་བསལ་སྦྱོང་བརྡར་ལས་འཆར། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང༌། བོད་མིའི་ཁྱད་ལས་དྭང་བླང་ཞབས་ཞུ། བོད་མིའི་སྨན་བཅོས་བལྟ་སྐྱོང་ལས་གཞི་མགོ་འཛུགས། གཞུང་ཆེན་སློབ་པ་མཐར་སོན་པའི་བཙུན་མ་རྣམས་ལ་དགེ་བཤེས་མའི་ཕྱག་འཁྱེར་འབུལ་ཕྱོགས་ཀྱི་སྒྲིག་གཞི་གཏན་འབེབས་བཅས་ཡིན། དེ་ཡང་ཆིག་བསྒྲིལ། གསར་གཏོད། རང་ཁ་རང་གསོ་བྱེད་རྒྱུའི་ལྟ་གྲུབ་གསུམ་གཞི་རྩར་བཟུང་ནས་བཀོད་སྒྲིག་ཞུས་ཡོད།

 

བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ལས་དོན་བྱེད་ཕྱོགས།

བོད་མིའི་སྒྲིག་འཛུགས་དང་དེའི་ཁོངས་གཏོགས་ཀྱི་སྲི་ཞུ་བ་ཆིག་སྟོང་བརྒལ་བ་རྣམས་ཀྱི་ཉིན་རེའི་ལས་དོན་བྱེད་ཕྱོགས་དེང་རབས་དང་མཐུན་པ། སྔར་ལྷག་ཚགས་ཚུད་ཡར་རྒྱས་ཡོང་ཐབས་སུ་འཕྲུལ་ཆས་བེད་སྤྱོད་གཞི་རྒྱ་ཆེ་རུ་དང༌། ལས་བྱེད་སོ་སོའི་ཁམས་མོས་དང་ཤེས་ཡོན་གྱི་རྒྱབ་སྦྱོང་དང་མཐུན་པའི་ལས་གནས་བཀོད་སྒྲིག་ཡོང་ཐབས་སུ་ལས་བྱེད་གནས་སྤོ་བྱེད་ཕྱོགས་ཀྱི་སྒྲིག་གཞི་གཏན་འབེབས་བྱས་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱ་བསྐྱར་བསྒྲིགས་དང་། དྲ་རྒྱའི་ཤུགས་ཚད་བཞི་ལྡབ་ཀྱིས་ཆེ་རུ་བཏང་ཡོད། དབུས་ཀྱི་ལས་ཁུངས་ཁག་ནང་གི་གློག་ཀླད་གསུམ་ཆ་གཅིག་ཙམ་གསར་ཉོ་ཞུས་ཤིང༌། གློག་འཕྲིན་དང་དྲྭ་རྒྱའི་བརྒྱུད་ལམ་བརྟན་དུ་བཏང་བ། ལས་བྱེད་གནས་སྤོ་བཀོད་སྒྲིག་བྱེད་མཁན་སྡེ་ཚན་གསར་བཙུགས་ཀྱིས་ལས་དོན་ལག་བསྟར་བྱེད་བཞིན་པ་རེད། བཀའ་བློན་ཁྲི་པ་ཕྱོགས་སྐྱོད་སྐབས་ཉིན་རེའི་འཛིན་སྐྱོང་ལས་དོན་འཐུས་ཤོར་མེད་པ་འགྲོ་རྒྱུའི་ལམ་སྲོལ་སྔོན་ཡོད་ཉམས་མེད་ལག་ལེན་ཞུས་མུས་ཡིན།

 

སྤྱི་ཚོགས་ནང་ཁུལ་འབྲེལ་ལམ་ཟབ་ཏུ་བཏང་བ།

བཀའ་ཤག་སྐབས་བཅུ་བཞི་པས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་དོན་དྲིལ་བསྒྲགས་ལས་དོན་ཤུགས་ཆེན་སྤེལ་ཡོད་པ་ལྟར། མི་མང་གི་དངོས་ཡོད་གནས་སྟངས་ཤེས་རྟོགས་ཡོང་ཐབས་དང༌། མང་ཚོགས་ཀྱི་བདེ་སྡུག་ཉན་ཞིབ་བྱེད་ཆེད་བོད་མིའི་གཞིས་སྒར་ཕལ་མོ་ཆེར་ཡང་ཡང་ཆེད་བསྐྱོད་ཐུབ་ཐབས་བྱེད་བཞིན་ཡོད་ན། ཕྲན་དང་ཕྱག་སྦྲེལ་བཀའ་བློན་ཚོས་ད་བར་ལ་དྭགས་བྱང་ཐང་གིས་མཚོན་པའི་རྒྱ་གར་ནང་བཙན་བྱོལ་བོད་མིའི་གཞིས་སྒར་མང་ཆེ་བར་བསྐྱོད་ཐུབ་པ་བྱུང་ཡོད།

 

ཤེས་ཡོན།

ད་ལྟའི་བཀའ་ཤག་གིས་ཤེས་ཡོན་དེ་ལས་དོན་གལ་ཆེ་ཤོས་ཀྱི་གྲས་སུ་བརྩི་བཞིན་པ་ལྟར། འདས་པའི་ལོ་གཅིག་གི་གྲུབ་འབྲས་ཁག་གཤམ་གསལ་ལྟར་ཡིན།

༡༽ ཤེས་ཡོན་ཡར་རྒྱས་གཏོང་ཐབས་དང༌། སློབ་གྲྭའི་འཛིན་སྐྱོང་ཚགས་ཚུད་ཡོང་ཐབས། དེ་བཞིན་གསར་གཏོད་ཀྱི་སྒོ་ནས་ལས་དོན་བྱེད་ཕྱོགས་ཇི་ཡོད་བཅས་ཀྱི་གོ་བསྡུར་ཞུ་ཆེད་བོད་མིའི་སློབ་གྲྭ་ཁག་ཡོངས་ཀྱི་སློབ་སྤྱི་དང་འཛིན་སྐྱོང་འགན་འཛིན་རྣམས་ཀྱི་དམིགས་བསལ་ཚོགས་འདུ་སྐོང་ཚོགས་ཞུས།

༢༽ བཀའ་ཤག་སྐབས་གོང་མས་ལོ་བཞིའི་ཡུན་ཅན་གྱི་གཅིག་སྡུད་དགེ་རྒན་འོས་སྦྱོང་གི་ལས་འཆར་སྔོན་ཡོད་མངོན་གྱུར་ཡོང་ཐབས་སུ་བྷུན་ཏར་དུ་མཐོ་སློབ་ཁང་ཞིག་མགོ་འཛུགས་བྱ་རྒྱུའི་ལས་དོན་འཕྲོ་སྐྱོང་བྱེད་མུས་ཡིན།

༣༽ ཨ་རིའི་གཞུང་ནས་བཙན་བྱོལ་བོད་མིའི་ཤེས་ཡོན་ཆེད་ཨ་སྒོར་ས་ཡ་གཉིས་ ༢༠༠༠༠༠༠ མཁོ་སྒྲུབ་ཐུབ་ཡོད་པ་དངོས་སུ་ལག་བསྟར་ཞུ་ཕྱོགས་འབྲེལ་མཐུད་ཞུ་བཞིན་པ་ཡིན། 

༤༽ དབུས་བོད་སློབ་འཛིན་སྐྱོང་ཚོགས་པའི་ཁྱབ་ཁོངས་གཏན་ཉིན་སློབ་གྲྭ་ཁག་གི་འཛིན་སྐྱོང་རྩིས་ལེན་བྱེད་ཐབས་ཀྱི་ལས་འཆར་ཞིབ་ཕྲ་བཟོ་འབུལ་ཟིན་ཡོད། 

 

བཙན་བྱོལ་བོད་མིའི་དཀའ་སེལ།

རྒྱ་གར་གཞུང་གིས་རྒྱ་གར་ནང་སྐྱེས་པའམ་རྒྱ་གར་ནང་གནས་སྡོད་བྱས་ནས་ལོ་ཉི་ཤུ་ལྷག་ཕྱིན་པའི་བཙན་བྱོལ་བོད་མི་རྣམས་ཀྱི་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་ཁྱེར་ལོ་ལྔ་རེའི་བར་དུས་འགྱངས་ཞུ་ཆོག་པའི་བཀའ་འཁྲོལ་ཐོབ་སྟེ། ད་ལྟའི་ཆར་ས་གནས་མང་པོའི་ནང་དངོས་སུ་ལག་བསྟར་མགོ་བཙུགས་ཟིན།

 

རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་ཡོད་པའི་བོད་མིའི་གཞིས་སྒར་ཁག་ནས་བོད་མི་ཆིག་སྟོང་ཐམ་པ་ཁེ་ན་ཌར་གནས་སྤོ་བྱ་རྒྱུའི་ལས་གཞི་མགོ་འཛུགས་ཟིན་པ་དང༌། འབྲེལ་ཡོད་ཁག་ནས་ལས་དོན་ལག་བསྟར་ཞུ་མུས་ཡིན།

 

བོད་ནས་གསར་དུ་འབྱོར་བ་རྣམས་རྒྱ་གར་ནང་སྡོད་ཡུན་རིང་ལག་ཤེས་སློབ་གཉེར་ལས་རིགས་དང༌། མུ་མཐུད་སློབ་སྦྱོང་རྒྱུན་སྐྱོང་བྱེད་ཐབས། ལྟ་སྐྱོང་གོ་སྐབས་གཉིས་པ་སྤྲོད་རྒྱུ་སོགས་ཀྱི་བསམ་ཞིབ་བྱེད་བཞིན་པ་ཡིན།

 

བོད་རྒྱ་ཞི་མོལ།

གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་མུ་མཐུད་རྒྱུན་སྐྱོང་གིས་ཞི་མོལ་གྱི་ལམ་ནས་བོད་དོན་དཀའ་རྙོག་སེལ་ཐབས་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད། འདས་པའི་ཟླ་བ་བརྒྱད་ནང་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་ཐེངས་གཉིས་ཚོགས་ཟིན་པ་དང༌། ཕྱི་ཟླ་ ༡༢ པའི་ནང་ཡང་བསྐྱར་ཚོགས་སྐོང་བྱས་ཏེ་འབྱུང་འགྱུར་རྒྱ་ནག་གི་གནས་སྟངས་སྤྱི་དང༌། མགོ་འཁྲིད་འཕོ་འགྱུར་ལ་གཞིགས་ནས་དོན་ཕན་ལྡན་པའི་ཞི་མོལ་ཡོང་ཐབས་བཅས་ཀྱི་སྐོར་བསམ་ཞིབ་གོ་བསྡུར་ཞུ་རྒྱུ་ཡིན། ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཁེ་ལེན་ཊོན་གྱིས་མཚོན་པའི་རྒྱལ་སྤྱིའི་དབུ་འཁྲིད་ཁག་གིས་རྒྱ་ནག་གཞུང་ལ་བོད་དོན་དཀའ་རྙོག་སེལ་ཐབས་སུ་དོན་སྙིང་ལྡན་པའི་གྲོས་མོལ་མགོ་ཚུགས་དགོས་པའི་སྐུལ་འདེགས་ཞུས་ཡོད།

 

རིང་མིན་འདི་ལོ་ཕྱི་ཟླ་ ༩ ཚེས་ ༢༥ ནས་ ༢༨ བར་ཉིན་བཞིའི་རིང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་བཞིན་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་འོག་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདོང་ལེན་བྱེད་ཕྱོགས་ཇི་འགབ་གྲོས་གཞི་གཙོ་བོར་བཟུང་ནས་དམིགས་བསལ་ཚོགས་ཆེན་སྐོང་ཚོགས་གནང་རྒྱུ་དང༌། དེ་བཞིན་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་ཞིག་ཀྱང་སྐོང་ཚོགས་གནང་རྒྱུ་ཡིན།

 

གོང་གསལ་ལས་གཞི་ཁག་མུ་མཐུད་མཇུག་སྐྱོང་ཞུ་རྒྱུའི་ཐོག་དྲྭ་རྒྱའི་ཉེན་སྲུང་དང༌། བོད་ཀྱི་དྲྭ་བརྙན། ཚོང་ལས་སྦྱོང་བརྡར། གཞིས་ཆགས་སྲ་བརྟན་བཅས་ཀྱི་ལས་འཆར་ཁག་ཡར་རྒྱས་གཏོང་རྒྱུའི་འཆར་གཞི་ཡོད།”  ཅེས་བཀོད་འདུག

 

བཀའ་ཁྲི་མཆོག་གིས། “ བོད་ནང་ལ་མཚོན་ན། སྔར་ལོ་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་གནང་རྗེས་གང་འདྲ་ཆགས་ཡོང་བསམ་པའི་སེམས་འཚབ་གནང་ཡོད་ཀྱང་། ད་ལྟའི་བར་སྤྱི་ཚོགས་ནང་ཧ་ཅང་ལྷིང་འཇགས་ངང་གནས་སྟབས། ཁོང་རྣམ་པས་བོད་མིའི་སྒྲིག་འཛུགས་མུ་མཐུད་གནས་ཐུབ་པའི་བསམ་པ་ཡོད་པའི་ཐོག  སེམས་ཤུགས་དང་སྙིང་སྟོབས་ཆེ་རུ་ཕྱིན་པ་དང་། ཡིད་ཆེས་བློ་གཏད་ཆེ་རུ་ཕྱིན་ཡོད་ལ། རྒྱལ་སྤྱིའི་ཐོག་ཏུའང་། མི་མང་གིས་བདམས་པའི་མགོ་ཁྲིད་ལ་མི་མང་གིས་རྒྱབ་སྐྱོར་གྱི་རྣམ་པ་འདུག་བསམ་པའི་ཐོག་སྒྲིག་འཛུགས་ལ་ཆེ་མཐོང་དང་རྒྱབ་སྐྱོར་ཡོད་པའི་རྣམ་པ་བསླེབས་ཡོད། ལྷག་པར་དུ་ཁ་སང་ཁས་ཉིན་བར་བོད་ནང་བོད་མི་  ༤༦ གིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་བྱུང་སྟེ། བོད་ནང་ཛ་དྲག་གནས་སྟངས་ཆགས་པའི་སྐབས་འདིར་ང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་བོད་དོན་བསླེབས་པ་བྱ་རྒྱུ་དང་། བོད་དོན་རྒྱབ་སྐྱོར་ཡོང་ཆེད་འབད་བརྩོན་ཞུ་རྒྱུ་ཡིན ” ཞེས་སོགས་གསུངས་བྱུང་། 

 

 གསར་འགོད་པ། དོན་གོ

 

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག རེ་བ་དང་གདོང་ལེན་གླེང་བ། ༢༠༢༣།༠༦།༨-༡༠ དུས་བབ་ཀྱི་པར།
Mobile App

རྒྱ་ནག་གི་བཙན་གནོན་མྱོང་བཞིན་པའི་མི་རིགས་མི་འདྲ་བས་མ་འོངས་ནུས་པ་མཉམ་སྤུང་གི་གཞི་རྟེན་འཚོལ་གྱི་འདུག

༢༠༢༣/༠༦/༠༨
Advertisement for App

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་གཉིས་པའི་འབུམ་རམས་སློབ་མ་གསར་བསྡུའི་གསལ་བསྒྲགས།

༢༠༢༣/༠༦/༠༨
Sikyong Penpa Tsering and the members of the Tibetan Parliament’s Standing Committee with the diplomats of the US Embassy, Photo : TibetDotNet
Mobile App

བཀའ་སྤྱི་གཉིས་ཀྱིས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ།

༢༠༢༣/༠༦/༠༨
Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

༢༠༢༣/༠༦/༠༧
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥

མཆན། 7

  1. སྐར་ཁྲི་བཙན། says:
    ལོ་ 11 སྔོན།

    ཆབ་སྲིད་བཙོན་པ་གཅིག་པོ་མིན་པར། བོད་ནས་འབྱོར་བའི་ནང་དུ་རྐྱེན་ངན་་སྣ་ཚོགས་ཕྲད་པས་རྒྱ་གར་ནང་གཏན་སྡོད་སྐྱབས་བཅོལ་ལས་ལམ་ཁ་གཞན་མེད་རིགས་ལ་མི་ཚེ་ཧྲིལ་བོར་སློབ་སྦྱོང་གི་གོ་སྐབས་དང་གོ་སྐབས་གཅིག་པོ་སྤྲད་ཅེས་པ་ཡིན་རྒྱུ་མ་རེད་འདོད་ཀྱིན་ལགས་ན། གང་ལྟར་བཀའ་ཁྲི་མཆོག་ལ་ཡིད་ཆེས་བརྟན་པོ་ཡོད།

    Reply
  2. ཤར་མདའ། says:
    ལོ་ 11 སྔོན།

    བཀའ་ཁྲི་མཆོག་གི་རང་ནུས་གང་ཡོད་ཀྱིས་ཕྱག་ལས་གནང་གི་ཡོད་པ་ཀུན་གྱི་མཐོང་གི་ཡོད་པ་དེ་རེད་གྲུབ་འབྲས་ཡོད་མེད་ཟེར་པ་རྗེས་སུ་ཧ་གི་རེད་བཀྲིན་ཆེ།

    Reply
  3. འཇིགས་མེད། says:
    ལོ་ 11 སྔོན།

    དགེ་བའི་བྱ་བ་ཐམས་ཅད་ལམ་ལྷོང་ཡོང་བར་ཤོག
    བཀྲ་ཤིས་བདེ་ལེགས་

    Reply
  4. བསོད་ནམས་རྒྱ་མཚོ། says:
    ལོ་ 11 སྔོན།

    ཡང་རྒྱ་དམར་གྱི་རྒྱུགས་ཁྱི་ཅིག་སླེབ་བྱུང་། རང་གཞུང་ལ་རྒྱབ་སྟོན་དགྲ་ལ་མདུན་སྟོན་མཁན་དྲ་འབུ་ཐོན་སོང་།

    Reply
  5. ཐོ་རངས། says:
    ལོ་ 11 སྔོན།

    བློ་སེང་ཟེར་བའི་མི་ལ་ངོ་ཚ་ཨེ་འདུག་
    (རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་ཡོད་པའི་བོད་མིའི་གཞིས་སྒར་ཁག་ནས་བོད་མི་ཆིག་སྟོང་ཐམ་པ་ཁེ་ན་ཌར་གནས་སྤོ་བྱ་རྒྱུའི་ལས་གཞི་མགོ་འཛུགས་ཟིན་པ་དང༌། འབྲེལ་ཡོད་ཁག་ནས་ལས་དོན་ལག་བསྟར་ཞུ་མུས་ཡིན།) ༸གོང་ས་མཆོག་མཛད་རྗེས་དེ་ཚོ་ཡང་ཁོ་བཏང་བྱུག་གི་ཁོངས་སུ་དྲངས་འདུག

    Reply
  6. ཤག་སྒང་པ། says:
    ལོ་ 11 སྔོན།

    ཤིན་ཏུ་ལེགས།

    བཀྲིས་བདེ་ལེགས།

    ཤུགས་རྒྱོབས་ཤིག་དུས་ཚོད་གཉན་ཁྲང་རེད།

    ང་ཚོ་ཚང་མ་གཅིག་ཏུ་ཡོད།

    ཐུགས་རྗེ་ཆེ།

    Reply
  7. གཙང་པ་རིག་ལྡན། says:
    ལོ་ 11 སྔོན།

    ཨ་སྒོར་ས་ཡ་གཉིས་ ༢༠༠༠༠༠༠ ཙམ་རེག་ཡོད་པ་དེ་ཧ་ལས་པ་རེད། ཡིན་ནའང་དེ་དག་ཤེས་རིག་ཐོག་གཏོང་དགོས་པ་དེ། བཀའ་ཁྲི་ཁོ་རང་ཤེས་རིག་བཀ་བློན་ཡིན་པའི་རྒྱུ་མཚན་གྱིས་རེད་དམ། དེ་དྲི་བ་ཡིན།
    དེ་ནས་(བོད་ནས་གསར་དུ་འབྱོར་བ་རྣམས་རྒྱ་གར་ནང་སྡོད་ཡུན་རིང་ལག་ཤེས་སློབ་གཉེར་ལས་རིགས་དང༌། མུ་མཐུད་སློབ་སྦྱོང་རྒྱུན་སྐྱོང་བྱེད་ཐབས། ལྟ་སྐྱོང་གོ་སྐབས་གཉིས་པ་སྤྲོད་རྒྱུ་སོགས་ཀྱི་བསམ་ཞིབ་བྱེད་བཞིན་པ་ཡིན།) ཟེར་བ་འདིའི་ནང་དོན་ག་རེ་རེད། གསོག་སྒར་སློབ་གྲྭ་སོགས་ནས་ཐོན་ཏེ་རྡ་རམ་ས་ལ་སོག་སལས་ལས་མེད་དུ་ལྷག་ཡོད་པ་དག་ལ་ཟེར་གྱི་ཡོད་པ་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist