མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

དྷ་སར་མར་མེ་ཁྲོམ་སྐོར།

བོད་ཀྱི་དུས་བབ།
༢༠༡༢/༠༨/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་པ་གཉིས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད། ཁ་སང་ཕྱི་དྲོ་དྷ་ས་མོག་གྷན་ནས་དཔའ་བོའི་རྗེས་དྲན་རྡོ་རིང་བར་མར་མེ་ཁྲོམ་སྐོར་ཅིག་གནང་སོང་།

ཕྱི་ཚེས་ ༦ དང་ ༧ ཉིན་གཉིས་ལ་སྔ་རྗེས་སུ་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཚུལ་ཁྲིམས་ལགས་དང་། གཙོད་རྟ་སེར་སྡེ་བའི་བུད་མེད་སྒྲོལ་དཀར་སྐྱིད་གཉིས་ཀྱིས་བོད་བསྟན་པ་ཆབ་སྲིད་ཆེད་རང་ལུས་མེར་བསྲེགས་བཏང་ཡོད་པ་ལྟར། ཕྱི་ཚེས་ ༧ ཕྱི་དྲོ་ཆུ་ཚོད་ ༧ ཙམ་ལ་དྷ་ས་ས་གནས་གཞོན་ནུ་དང་བུད་མེད་གཉིས་ཀྱི་གོ་སྒྲིག་འོག རྒྱལ་གཅེས་བ་ཁོང་རྣམ་གཉིས་ཀྱིས་བོད་དོན་ཆེད་རང་སྲོག་བློས་གཏོང་གནང་བར་གདུང་སེམས་མཉམ་སྐྱེད་དང་མྱ་ངན་རྗེས་དྲན་མཚོན་ཆེད། བོད་མི་སེར་སྐྱ་མི་མང་བརྒྱ་ཕྲག་ཅིག་འདུ་འཛོམས་ཐོག་མོག་གྷན་སྲང་མདོ་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འཁྲིས་དཔའ་བོའི་རྗེས་དྲན་རྡོ་རིང་བར་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཅིག་སྤེལ་སོང་།

ལས་འགུལ་གྱི་མཇུག་སྡོམ་གཏམ་བཤད་སྐབས། ས་གནས་བུད་མེད་ཚོགས་གཙོ་སྐལ་བཟང་གཡུ་སྒྲོན་ལགས་ཀྱིས། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་གཉིས་ཀྱི་མཚན་དང་ལོ་རྒྱུས་ངོ་སྤྲོད་དང་སྦྲགས། སེར་སྐྱ་མང་ཚོགས་ཡོངས་ཀྱིས་ཁོང་རྣམ་པར་རྗེས་དྲན་ཆེད་མྱ་ངན་ངག་བཅད་དང་བདེན་ཚིག་སྨོན་ལམ་སྐྱོར་རྗེས། ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་གྲྭ་བློ་བཟང་ཡེ་ཤེས་ལགས་ཀྱིས། “དཀྱིལ་ཤར་ཡུལ་གྲུའི་ནང་མི་གཅིག་གིས་རང་ལུས་མེར་བསྲེགས་བཏང་བའི་རྗེས། མི་མང་ཁྲི་ཕྲག་མང་པོས་མཉམ་རུབ་ཐོག་ཡོད་ཚད་བློ་གཏོང་གནང་སྟེ་ལས་འགུལ་ནུས་པ་ལྡན་པ་ཞིག་བཟོས་པ་རེད། ང་ཚོའི་ངོས་ནས་དེ་འདྲ་ཞིག་བཟོ་ཐུབ་མིན་དང་། དེ་འདྲ་ཞིག་བཟོ་རྒྱུའི་སྤོབས་པ་དང་། གྲ་སྒྲིག བློས་གཏོང་ཡོད་མེད་བཅས་ནི། བོད་པ་ཡོད་དོ་ཅོག་གིས་སོ་སོ་རང་ཉིད་ལ་དྲི་བ་འདོན་དགོས་པ་དེ་གནད་འགག་ཆགས་ཀྱི་ཡོད་པ་རེད” ཅེས་བརྗོད་དེ། ང་ཚོའི་མིག་མདུན་ནས་རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་རེ་རེ་བཞིན་མེ་ལ་འབར་འགྲོ་བའི་ཉིན་མོ་དེར། ཁོང་རྣམ་པས་ང་ཚོར་རེ་འབོད་ག་རེ་རྒྱག་གི་ཡོད་པ་དེ་དག་ངེས་པར་དུ་སེམས་ལ་ཉར་ཏེ། མི་རེ་ངོ་རེ་ནས་ལག་ལེན་བསྟར་ཐུབ་རྒྱུར་འབད་པ་བྱེད་དགོས་པ་གལ་ཆེན་པོ་ཡིན་པ་བརྗོད་སོང་།

གསར་འགོད་པ། ཚེ་རིང་རྒྱལ།

མཆན། 1

  1. བསེ་རུ། says:
    ལོ་ 10 སྔོན།

    ཡང་བསེ་རུས་མིག་གིས་བལྟས་ཏེ་ལག་པས་འདི་ལྟར་བྲིས་ཡོད།

    མེག་གྷན་ནས་མོག་གྷན་དུ་གྱུར་འདུག

    རྒྱལ་གཅེས་བ། རྒྱལ་གཅེས་པ།
    མར་མེ་ཁྲོམ་གྱི་ལས་འགུལ། མར་མེའི་ཁྲོམ་སྐོར་གྱི་ལས་འགུལ།
    བོད་གནས་འབྲེལ་མཐུན་པ། བོད་གནས་འབྲེལ་མཐུད་པ།
    མི་མང་ཁྲི་ཁྲག མི་མང་ཁྲི་ཕྲག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist