མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སྲིད་དབང་རྩིས་སྤྲོད།

བོད་ཀྱི་དུས་བབ།
༢༠༡༢/༠༨/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་གཟའ་ལྷག་པའི་ཉིན་ལེ་བྷེ་ཡའི་བར་བརྒལ་སྲིད་གཞུང་གིས། མི་མང་གིས་འོས་འདེམས་བྱས་པའི་གྲོས་ཚོཊ་གསར་པར་དབང་ཆ་རྩིས་སྤྲོད་དང་དམངས་གཙོའི་སྲིད་གཞུང་སྲ་བརྟན་བཟོ་རྒྱུའི་སྐུལ་འདེད་བྱས་འདུག

ཁ་སང་ཕྱི་ཚེས་ ༨ ཉིན་ལེ་བྷེ་ཡའི་རྒྱལ་ས་ཊི་རེ་པོ་ལེ་ (Tripoli) རུ་བར་བརྒལ་སྲིད་གཞུང་གིས་ཉེ་ཆར་གསར་དུ་འདེམས་ཐོན་བྱུང་པའི་གྲོས་ཚོགས་ལ་དབང་ཆ་རྩིས་སྤྲོད་ཀྱི་མཛད་སྒོ་ཚོགས་ཏེ། བར་བརྒལ་སྲིད་གཞུང་གི་མགོ་གཙོ་མུ་སི་ཊ་ཧྥ་ (Mustafa Abdel Jalil) ཡིས། གྷ་ཌ་ཧྥེ་མགོ་རྟིང་སློག་པ་ནས་རྒྱལ་ཡོངས་སྲིད་འགྱུར་ལྷན་ཚོགས་ཀྱིས་བར་རྒལ་གཞུང་གི་འགན་ཁུར་ཡོད་ཀྱང་། ད་ཆར་རྒྱལ་ཡོངས་ཀྱི་གྲོས་ཚོགས་འཐུས་མི་འདེམས་ཐོན་ཟིན་སྟབས། བར་བརྒལ་གཞུང་གིས། སྲིད་གཞུང་གི་དབང་ཚད་གྲོས་ཚོགས་གསར་པར་རྩིས་སྤྲོད་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་འདུག

ཡང་ཁོང་གིས་མུ་མཐུད། གྲོས་ཚོགས་གསར་པ་འདི་ནི་ལེ་བྷེ་ཡའི་ཁྲིམས་མཐུན་གཞུང་གི་འཐུས་མི་ཡིན་པ་དང་། ཁོ་ཚོས་མི་འགྱངས་བར་སྲིད་བློན་གྱི་འོས་བསྡུ་གཏན་འབེབ་དང་། རྩ་ཁྲིམས་ཟིན་བྲིས་གཏན་འབེབ། གྲོས་ཚོགས་ཚགས་ཚུད་ཡོང་ཐབས་སོགས་དམངས་གཙོའི་སྲིད་གཞུང་སྲ་བརྟན་གཏོང་དགོས་པའི་སྐུལ་འདེད་བྱས་ཡོད་འདུག

བར་བརྒལ་གཞུང་གིས་སྲིད་དབང་རྩིས་སྤྲོད་བྱས་པར། ལེ་བྷེ་ཡའི་མི་མང་བརྒྱ་ཕྲག་མང་པོ་འདུ་འཛོམས་ཀྱིས། བར་བརྒལ་གཞུང་གིས་ཞི་འཇགས་ངང་སྲིད་དབང་མི་མང་གིས་འོས་འདེམས་བྱས་པའི་གྲོས་ཚོགས་གསར་པར་རྩིས་སྤྲོད་བྱས་པ་དེ་ནི། ལོ་རྒྱུས་རང་བཞིན་གྱི་རླབས་ཆེན་བྱ་བཞག་ཅིག་ཡིན་པའི་དགའ་བསུའི་རྣམ་འགྱུར་ཤུགས་ཆེར་བསྟན་ཡོད་འདུག 

ལེ་བྷེ་ཡའི་བར་བརྒལ་གཞུང་ནི། དེ་སྔའི་གྷ་ཌ་ཧྥེ་སྲིད་གཞུང་ལ་མང་ཚོགས་ཀྱིས་ངོ་རྒོལ་གྱེན་ལངས་བྱས་སྐབས། གྱེན་ལངས་ཤོག་ཁག་ཁྲོད་ཀྱི་རྒྱལ་ཡོངས་སྲིད་འགྱུར་ལྷན་ཚོགས་ (National Transitional Council) ཞེས་པ་དེ་ཡིན་ཞིང་། གྷ་ཌ་ཧྥེ་དམར་གསོད་བཏང་རྗེས་ལྷན་ཚོགས་དེས་བར་བརྒལ་གཞུང་གི་འགན་འཁུར་ཡོད་པ་རེད།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བ་ཞིག་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་མཛད།

ཆུ་ཚོད་ ༦ སྔོན་ལ།
Front Slider

འབུམ་རམས་པ་རྡོ་རྗེ་སྐྱབས་ལགས་སུ་བཅར་འདྲི།

ཆུ་ཚོད་ ༡༣ སྔོན་ལ།
Baumgarten/Getty Images
Mobile App

རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་གསར་ཁང་མང་པོར་གནོན་ཤུགས་སྤྲོད་ཀྱིན་འདུག

༢༠༢༣/༠༩/༢༩
Mobile App

སྲིད་སྐྱོང་མཆོག་ནས་བོད་ཀྱི་བདེན་མཐའ་གསལ་ན་བོད་ཀྱིས་རྒྱ་དཀར་ནག་བར་གྱི་ཟམ་པ་ལྟ་བུ་བྱེད་ཐུབ་སྐོར་གསུངས།

༢༠༢༣/༠༩/༢༩
WIN-WIN COOPERATION Chinese President Xi Jinping meets with Nepalese Prime Minister Pushpa Kamal Dahal Prachanda in Hangzhou, capital city of east China’s Zhejiang Province on Saturday, Sept. 23, 2023. XINHUA PHOTO
Mobile App

བལ་ཡུལ་ནང་གི་བོད་མི་ཚོར་སྔར་ལས་དཀའ་ངལ་འཕྲད་ཉེན་འདུག

༢༠༢༣/༠༩/༢༩
Mobile App

སྤྱི་འཐུས་གཅིག་དང་གྲོས་ཚོགས།

༢༠༢༣/༠༩/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist