མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལམ་སྟོན་ལ་སྒུག་ཡོད།

བོད་ཀྱི་དུས་བབ།
༢༠༡༢/༠༨/༡༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༥༦༣ སྟེང་གི་རྩོམ་སྒྲིག་པའི་གཏམ།

བཀའ་ཁྲི་མཆོག་གིས་འདས་པའི་ལོ་གཅིག་གི་ལས་བསྡོམས་ཁྱབ་བསྒྲགས་གནང་སོང་། ལས་བསྡོམས་ནང་བཀའ་ཤག་གསར་པའི་ལས་དོན་གསར་པ་འགའ་དང་། བཀའ་ཤག་རྙིང་པའི་ལས་འཕྲོ་ལྷག་མ་འགའ། གཞི་ནས་མགོ་འཛུགས་དགོས་པའི་ལས་གཞིའི་སྐྱ་ཐིག་འགའ། འཆར་སྣང་ཁྲོད་ཀྱི་རེ་སྨོན་ཁག་ཅིག་བཅས་འཁོད་འདུག བཀའ་ཁྲི་སྔོན་མ་དག་དང་བསྡུར་ན་མང་ཚོགས་ལ་ལས་བསྡོམས་ངོ་སྤྲོད་གནང་སྟངས་འདི་ནང་དོན་གྱི་ཆ་ནས་རྙིང་པ་ཡིན་ཡང་རྣམ་པའི་ཐོག་ནས་གསར་གཏོད་ཅིག་ཏུ་བགྲང་ཆོག་མོད། དེ་སྔའི་ཆིག་སྒྲིལ་དང་གསར་གཏོད་རང་ཁ་རང་གསོ་གསུམ་མག་མོག་རབ་རུབ་ཀྱི་ཚུལ་དུ་བག་ལ་ཉལ་ནས་ལྟ་གྲུབ་ཅིག་གི་ངོ་བོར་འཐིམ་བཞིན་འདུག  

    སྤྱི་ཚོགས་ནང་གི་ལྷགས་པ་རྒྱག་ཕྱོགས་དང་གསར་ལམ་ཁག་ཏུ་དཔྱད་གླེང་གནང་སྟངས་ལ་ཉན་ན། འདས་པའི་ལོ་གཅིག་རིང་གི་བཀའ་ཁྲི་མཆོག་གི་ཕྱི་འབྲེལ་ལས་དོན་ལམ་ལྷོངས་གང་འཚམ་བྱུང་ཡོད་ཚོད་འདུག་ལ། གངས་ཅན་སྐྱིད་གཤོང་ནང་ཁུལ་ལ་འབྲེལ་ལམ་གནང་ཕྱོགས་ཀྱང་ཧ་ཅང་བློ་ལ་འབབ་པོ་བྱུང་ཡོད་ཤག་རེད། ཡིན་ནའང་བཀའ་ཤག་སྐབས་བཅུ་བཞི་བའི་ཤེས་ཡོན་ལམ་སྲོལ་འདི་དང་དཔལ་འབྱོར་འདུ་འགོད་དེ་ཡིན། ཆབ་སྲིད་ལས་འགུལ་འདི་དང་སྤྱི་ཚོགས་བྱེད་སྒོ་དེ་ཡིན་གྱི་ཡིག་ཐོག་གི་འཆར་འགོད་གྲོས་ཚོགས་སུ་ཕུལ་མེད་པ་དང་། བྱ་ལུགས་བྱེད་སྟངས་འདི་ཡིན་ཞེས་མང་ཚོགས་ལ་གསལ་བཤད་ལམ་སྟོན་མེད་པ་དེས་ཁྲིམས་བཟོ་ལྷན་ཚོགས་ཁོམ་ནས་བསྡད་ཡོད་ལ་ས་གནས་མང་ཚོགས་འཐོམ་ནས་ལུས་ཡོད།

    འདས་པའི་བཀའ་ཤག་རིམ་བྱུང་གི་འགྲོ་སྟངས་ལྟར་ན། ཕྱི་ཟླ་དགུ་བའི་ལས་བསྡོམས་བསྐྱར་ཞིབ་ཀྱི་གྲོས་ཚོགས་དང་། ཕྱི་ཟླ་གསུམ་པའི་སྔོན་རྩིས་གཏན་འབེབས་ཀྱི་གྲོས་ཚོགས། དེ་བཞིན་གྲོས་ཚོགས་འཕར་མ་སོགས་ནི་འཛིན་སྐྱོང་བཀའ་ཤག་ལ་ལས་འཆར་ཅི་ཡོད་ཐོག་གྲོས་ཆོད་འཇོག་རྒྱུ་དང་ཁྲིམས་སུ་བཅའ་རྒྱུའི་དུས་ཚོད་ཅིག་དང་།  སྐུ་མདུན་གྱི་འཁྲུངས་སྐར་དང་དམངས་གཙོའི་དུས་དྲན། ཞི་བདེ་གཟེངས་རྟགས་བཞེས་པའི་ཉིན་མོ་སོགས་ནི་བཀའ་ཤག་གི་སྲིད་བྱུས་ལངས་ཕྱོགས་དང། ལས་འཆར་ལམ་སྟོན་ཁག་མི་མང་ལ་ཁྱབ་སྒྱུར་བྱེད་པའི་ཉིན་མོ་ཡིན་ཡང་། བཀའ་ཤག་བཅུ་བཞི་པ་ཁྲིམས་སྒྲིག་གི་རྒྱ་ལས་བརྒལ་ཞིང་མང་ཚོགས་ཀྱི་ཟུར་དུ་ཐོན་ཏེ་ཕྱག་ལས་ཤིག་གནང་གི་མེད་ན་གཞུང་འབྲེལ་ཡིག་ཆའི་སྟེང་ན་ལྟ་རྒྱུ་ཀློག་རྒྱུ་གང་ཡང་མ་མཐོང་།

    སྔར་ལོའི་ཕྱི་ཟླ་དགུ་བའི་གྲོས་ཚོགས་ཚོགས་དུས་གཉིས་པའི་སྐབས། ཚང་མའི་རྣ་བ་གྲུང་གྲུང་གིས་བཀའ་ཁྲིའི་ལས་འཆར་གསར་པ་གང་ཞིག་ཕེབས་རྒྱུར་རེ་སྒུག་བྱས་ཀྱང་། ངག་ཐོག་གི་འགྲེལ་བཤད་རིང་པོ་རེ་ལས་ཡིག་ཐོག་གི་ལས་འཆར་གཅིག་ཀྱང་མ་བྱུང་སྟབས། སྤྱི་འཐུས་མང་པོ་ཞིག་གིས་འཁང་ར་བྱས་ཏེ་ཤོག་བུ་དཀར་པོའི་ངོས་སུ་ཡིག་རུས་ནག་པོ་འཁོད་པའི་སེམས་ལ་འཛིན་རྒྱུའི་ཚིག་ཅིག་དང་རིམ་ལ་བཅུག་རྒྱུའི་བྲོ་ཞིག་དགོས་པའི་གསལ་འདེབས་གནང་ཡོད། ད་ལོའི་ཕྱི་ཟླ་གསུམ་པའི་གྲོས་ཚོགས་ནང་སྔར་བཞིན་བཀའ་ཁྲིས་ལག་སྟོང་མཆན་ལ་བཙིར་ཏེ། རྒྱལ་ཁབ་ག་གེ་མོ་དང་ཁྲིམས་ལུགས་ཆེ་གེ་མོ་ཞེས་ཨ་སྔོན་དབྱིངས་ལ་ལྡིང་སྐོར་བརྒྱབ་ཡོད།

            བཀའ་ཁྲིའི་འོས་མིར་བཞེངས་སྐབས་མི་མང་ལ་ཁས་ལེན་གནང་པ་དང་། བཀའ་ཐམ་སྲིད་ཞི་བདེ་སྐྱིད་མ་བཞེས་སྐབས་༧གོང་ས་མཆོག་ལ་དམ་བཅའ་བཞག་པ་དག་ལས། མགོ་འཛུགས་ཙམ་བྱས་པ་༼ བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང ༽དང་། གྲགས་འགུལ་ཅི་གང་མེད་པ་༼བོད་ཀྱི་མཉམ་སྡེབ ༽། དེ་བཞིན་༼ བཙན་བྱོལ་ནང་ཁྱད་ལས་པ་ཆིག་ཁྲི་དང་བོད་ནང་ཆིག་འབུམ ༽། ༼༢༠༡༣ ལོར་༧གོང་ས་བཅུ་བཞི་བ་ཕོ་བྲང་པོ་ཏཱ་ལར་གདན་འདྲེན།༽སོགས་ལའང་གོམ་པ་རྒྱག་ཕྱོགས་འདི་ཡོད་དང་། ལག་བསྟར་བྱེད་སྟངས་དེ་ཡིན་གྱི་ལམ་སྟོན་ཞིག་ཕེབས་རོགས།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ནས་ཨེ་རི་ལན་ཌིའི་སྲིད་འཛིན་གསར་པར་འཚམས་འཕྲིན་མཛད།

ཆུ་ཚོད་ ༢ སྔོན་ལ།
A Chinese resident uses the gay dating app Blued on his smartphone in Shanghai, China. (Alamy)
Mobile App

ཀུ་ཤུ་ཁ་པར་གྱི་མཉེན་མཛོད་ལས་མཚན་མཐུན་དགའ་རོགས་སྒྲིག་སའི་མཉེན་ཆས་གཉིས་ཕྱིར་འཐེན་བྱས།

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་མཆོག་ལ་མོན་ཡུལ་སློབ་ཕྲུག་ཚོགས་པས་བརྟན་བཞུགས་བསྟར་འབུལ་ཞུས། ༢༠༢༥/༡༡/༡༡ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་མོན་ཡུལ་སློབ་ཕྲུག་ཚོགས་པས་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༩ སྔོན་ལ།
Police officers and forensic technicians work at the site of an explosion in the old quarters of Delhi, India, November 10, 2025. REUTERS/Adnan Abid
Mobile App

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རླངས་འཁོར་འགས་གཏོར་གྱི་དོན་རྐྱེན་བྱུང་།

༢༠༢༥/༡༡/༡༠
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་འཚོགས་སོང་།

༢༠༢༥/༡༡/༡༠
Zhu Rikun said he felt that anyone involved could face threats or harassment if he did not cancel the event. Photograph: Marion Curtis/StarPix for NYFCCA/Shutterstock
Mobile App

རྒྱ་ནག་གི་རང་དབང་གློག་བརྙན་དུས་སྟོན་ཕྱིར་འཐེན་བྱས་འདུག

༢༠༢༥/༡༡/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese