མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྨང་རྡོ་ཇེ་བརྟན་དུ་འགྲོ་བཞིན་པ་འདིས་རྒྱ་ནག་ལ་བརྡ་ཞིག་སྟོན་གྱི་ཡོད།

བོད་ཀྱི་དུས་བབ།
༢༠༡༢/༠༨/༡༣
Share on FacebookShare on TwitterShare on EmailShare on Whatsapp

ད་ནིང་ས་རཱ་མཐོ་སློབ་དབུ་བརྙེས་ནས་ལོ་ངོ་ ༡༤ འཁོར་བའི་དུས་དྲན་མཛད་སྒོ་ཞིག་ཚོགས་སོང་ལ། སྐུ་མགྲོན་གཙོ་བོར་དབུས་བོད་མིའི་སྒྲིག་འཛུགས་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ཕེབས་ཏེ་གཏམ་བཤད་གནང་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ དང་ཕྱེད་ཀའི་སྟེང་ས་རཱ་མཐོ་སློབ་ཚོགས་ཁང་དུ་སྐུ་མགྲོན་གཙོ་བོར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གཙོས། རིག་ལམ་སློབ་གཉེར་ཁང་གི་འགན་འཛིན་བོད་མི་མང་སྤྱི་འཐུས་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས། ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་རྒན་འཇམ་དཔལ་གྲགས་པ་ལགས། ཤེས་རིག་ལྷན་ཁང་གི་སྲོལ་རྒྱུན་སྡེ་ཚན་གྱི་འགན་འཛིན་ཚེ་རིང་བསམ་འགྲུབ་ལགས། དེ་བཞིན་ས་རཱ་མཐོ་སློབ་ཀྱི་དགེ་སློབ་ལྷན་འཛོམས་ཀྱིས། ས་རཱ་མཐོ་སློབ་དབུ་བརྙེས་ནས་ལོ་ ༡༤ འཁོར་བའི་དུས་དྲན་སྲུང་གཙིའི་མཛད་སྒོ་ཞིག་ཚོགས་སོང་།

ཐོག་མར་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་རྒན་འཇམ་དཔལ་གྲགས་པ་ལགས་ཀྱིས་དུས་དྲན་ངོ་སྤྲོད་དང་ལས་བསྡོམས་སྙན་སྒྲོན་ཞུས་པ་ལྟར་ན། ས་རཱ་མཐོ་སློབ་ནི་ངྷ་ས་རིགས་སློབ་ཀྱི་ཡན་ལག་ཅིག་དང་། མཐོ་སློབ་ཀྱི་དམིགས་ཡུལ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འབྲེལ་བའི་མི་རབས་གསར་པ་དང་དགེ་རྒན་གསོ་སྐྱོང་བྱ་རྒྱུ། བོད་ཀྱི་རིག་གནས་དོན་གཉེར་ཅན་ཚོར་སློབ་སྦྱོང་གི་མཐུན་འགྱུར་གནང་རྒྱུ་ཡིན་པ། མཐོ་སློབ་འདི་ཐོག་མར་རྒན་དམ་པ་བློ་བཟང་རྒྱ་མཚོ་མཆོག་གིས་༧གོང་ས་མཆོག་ལ་སྙན་སེང་ཞུས་པ་ལྟར་༧གོང་ས་མཆོག་གིས་ཐུགས་དགྱེས་པ་ཆེན་པོས་ལམ་སྟོན་དང་རྒྱབ་སྐྱོར་གནང་པ་ལ་བརྟེན་ནས་མགོ་འཛུགས་བྱས་པ་ཞིག་དང་། ༡༩༩༨ ཟླ་ ༨ ཚེས་ ༡༣ ཉིན་དངོས་སུ་དབུ་འབྱེད་གནང་ཡོད་འདུག

ཁོང་གིས་ས་རཱ་བོད་ཀྱི་སློབ་གཉེར་ཁང་ཇི་ལྟར་ཚད་ལྡན་གྱི་མཐོ་སློབ་ཅིག་ཏུ་ངོས་འཛིན་ཐོབ་པའི་སྐོར་ནས། བཀའ་ཤག་སྐབས་ ༡༡ དང་ ༡༢ གཉིས་ཀྱིས་ཤེས་རིག་ལས་ཁུངས་དང་ཟུང་འབྲེལ་ཐོག སློབ་གྲྭའི་སློབ་ཚན་གཏན་འབེབས་དང་སློབ་དཔོན་དག་གི་ཤེས་ཚད། འཛིན་སྐྱོང་དང་ཁོར་ཡུག་སོགས་ལ་གཟིགས་ཞིབ་ནན་དཔྱད་བརྒྱུད་མཐོ་སློབ་ཅིག་ཏུ་ངོས་འཛིན་བྱས་ཡོད་པ་དང་། ༢༠༠༡ ལོའི་ཕྱི་ཟླ་ ༤ ཚེས་ ༢༦ ཉིན་དངོས་སུ་༼བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་༽ཞེས་པའི་མཚན་བྱང་བསྩལ་པ་ནས། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ཚང་མས་ས་རཱ་མཐོ་སློབ་ནས་ཐོན་པའི་ལག་འཁྱེར་ལ་མཐོ་སློབ་ཐོན་པའི་ཚད་ལྡན་ལག་འཁྱེར་དུ་ངོས་འཛིན་གནང་གི་ཡོད་པ་སོགས་ངོ་སྤྲོད་གནང་སོང་།

དེའི་རྗེས་ཤེས་རིག་ལས་ཁུངས་ཀྱི་སྲོལ་རྒྱུན་ཤེས་ཡོན་འགན་འཛིན་རྒན་ཚེ་རིང་བསམ་འགྲུབ་མཆོག་གིས་ཤེས་ཡོན་དང་འབྲེལ་བའི་གསུང་བཤད་གནང་པའི་ནང་། ས་རཱ་མཐོ་སློབ་ཀྱིས་བཙན་བྱོལ་སྤྱི་ཚོགས་ཀྱི་ཤེས་ཡོན་ཐད་ཞབས་འདེགས་རླབས་ཆེན་སྒྲུབ་བཞིན་ཡོད་པ། ༢༠༠༡ ཙམ་ནས་ས་རཱ་མཐོ་སློབ་དང་ཤེས་རིག་ལས་ཁུངས་གཉིས་ཟུང་འབྲེལ་ཐོག་དགེ་རྒན་འོས་སྦྱོང་སོགས་ལས་གཞི་མང་དག་ཅིག་བསྒྲུབས་དང་སྒྲུབ་བཞིན་ཡོད་པ། རྒྱ་བལ་འབྲུག་གསུམ་ནང་གི་བོད་དགེ་བརྒྱ་ཆ་ ༢༠ ལྷག་ས་རཱ་མཐོ་སློབ་ནས་ཐོན་པ་རྐྱང་ཆགས་ཡོད་སྐོར་དང་། སྤྱི་ཚོགས་གཞན་དག་དང་བསྡུར་ན་མི་འབོར་ལ་གཞིགས་པའི་བཙན་བྱོལ་སྤྱི་ཚོགས་ནང་མཐོ་སློབ་ཐོན་མཁན་ཧ་ཅིང་མང་པོ་ཡིན་ཡང་། གྲངས་འབོར་ལས་སྤུས་ཚད་གལ་ཆེན་ཡིན་པ། གཞན་སློབ་ཕྲུག་ཚོས་ཕུགས་རྒྱང་རིང་པོར་བལྟས་ཏེ་སོ་སོའི་དགའ་མོས་དང་ནུས་པ་ངོ་འཕྲོད་པའི་སྟེང་། སློབ་སྦྱོང་གི་རྨང་གཞི་སྲ་བརྟན་དང་དམིགས་བསལ་སློབ་ཚན་བྱེ་བྲག་པ་ཞིག་གི་སྟེང་རིག་གཅིག་རྐང་འཛིན་ནམ་ཆེད་མཁས་པ་ཞིག་ཡོང་རྒྱུར་ཧུར་བརྩོན་བྱ་དགོས་པའི་ལམ་སྟོན་གནང་སོང་།

མཐར་སྐུ་མགྲོན་གཙོ་བོ་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་ ༢༠༡༡ ནས་ ༢༠༡༢ བར་གྱི་མཐོ་རིམ་རིག་གནས་རབ་འབྱམས་པའི་ཡིག་རྒྱུགས་ཡང་རྩེར་སོན་མཁན་ཁག་ཅིག་ལ་བྱ་དགའ་དང་། མཐོ་སློབ་ནང་ཁུལ་དུ་རྒན་དམ་པའི་རྗེས་དྲན་རྩེད་འགྲན་གྱི་རྒྱལ་ཁ་ཐོབ་མཁན་བཅས་ལ་བྱ་དགའི་གཟེངས་རྟགས་ཕུལ་རྗེས། གསུང་བཤད་བཀའ་སློབ་གནང་པའི་ནང་། ༧གོང་ས་མཆོག་གིས་སྐུ་དབང་མི་མང་གིས་འོས་འདེམས་བྱས་པའི་དབུ་འཁྲིད་ལ་རྩིས་སྤྲོད་གནང་པའི་ལོ་གཅིག་རིང་ལས་དོན་ལ་འཐུས་ཤོར་ཕྱིན་མེད་པ་དང་། ད་ལྟའི་བཙན་བྱོལ་སྤྱི་ཚོགས་གཞན་ལས་ལྷག་ཅིག་བྱུང་ཡོད་པ་འདི་མི་རབས་རྒན་པ་དག་གི་བཀའ་དྲིན་ཡིན་པ། ད་ཆར་བཙན་བྱོལ་སྤྱི་ཚོགས་དང་སྒྲིག་འཛུགས་ཀྱི་རྨང་རྡོ་ཉིན་རེ་བཞིན་སྲ་བརྟན་དུ་འགྲོ་བཞིན་ཡོད་པ་དེས་བཙན་བྱོལ་སྤྱི་ཚོགས་འཐོར་ཞིག་ཏུ་མི་འགྲོ་བའི་བརྡ་ལན་ཞིག་པེ་ཅིན་ལ་སྤྲོད་བཞིན་ཡོད། དེ་བཞིན་བཀའ་ཤག་གི་སྲིད་ཇུས་ཆིག་སྒྲིལ་དང་གསར་གཏོད། རང་ཁ་རང་གསོ་གསུམ་གྱི་སྐོར་གསལ་བཤད་གནང་སྐབས་ཁོང་གིས། བོད་མི་ཚོར་གཞན་རྟེན་གྱི་བསམ་བློ་ཤུགས་ཆེན་པོ་ཡོད་པའི་ཚོར་སྣང་བྱུང་ཚུལ་དང་། གལ་སྲིད་སོ་སོར་རང་གི་རྐང་པའི་སྒང་ལངས་ཐུབ་པའི་གདེང་ཚོད་མ་བསླེབ་པར་དུ་བོད་ཀྱི་རྩ་དོན་འགྲུབ་ཁག་པོ་ཡིན་སྐོར་སོགས་གསུངས་སོང་།

ཡང་ཁོང་གིས་མ་འོང་པར་བོད་རྒྱའི་གནད་དོན་ཐད་ཀྱི་ལས་དོན་སྒྲུབ་ཕྱོགས་སྐོར་ལ། མི་རིང་པར་རྒྱ་ནག་གི་དཔོན་རིགས་བརྗེ་སྤོར་བྱ་རྒྱུ་ཡིན་པ་དང་། རྒྱ་གཞུང་གི་དཔོན་རིགས་གསར་པ་ཚོ་བསླེབས་རྗེས་རྒྱ་གར་དང་ཨ་རི་སོགས་ལ་ཕྱི་འབྲེལ་སྲིད་ཇུས་གང་འདྲ་འཛིན་འཆར་ཡོད་མེད་དང་། ལྷག་པར་དུ་བོད་ཐོག་ལ་སྲིད་ཇུས་གང་འདྲ་འཛིན་རྒྱུ་ཡིན་པ་བཅས་ལ་གཞིགས་ཏེ། བཀའ་ཤག་གི་ངོས་ནས་ལས་དོན་ཇི་ལྟར་བསྒྲུབ་དགོས་པ་དེར་ཧུར་ཐག་བྱ་རྒྱུ་ཡིན་སྐོར་གསུངས་སོང་།

མཛད་སྒོ་གྲོལ་རྗེས་བཀའ་ཁྲི་མཆོག་ཟུར་དུ་ས་རཱ་མཐོ་སློབ་ཏུ་འཚོགས་བཞིན་པའི་གཞུང་ཞབས་གསར་བསྡུའི་ཟབ་སྦྱོང་ལ་ཞུགས་མཁན་སློབ་མ་ཚོར་ཐུག་འཕྲད་ཐོག ཟབ་སྦྱོང་སྐབས་སྦྱང་བརྩོན་གང་ལེགས་བྱ་དགོས་པ་དང་། དངོས་གཞིའི་ཚུད་རྒྱུགས་ཁྲོད་འདེམས་ཐོན་བྱུང་པ་རྣམས་གང་ཐུབ་ཐུབ་ཀྱིས་སོ་སོའི་སློབ་སྦྱོང་དང་འབྲེལ་བའི་ལས་གནས་ཁག་ཏུ་བསྐོ་འཇོག་བྱ་འཆར་ཡོད་ཀྱང་། རྩ་བའི་སྲི་ཞུ་བ་ཞིག་བྱ་འདོད་ཡོད་ཚེ་ལས་གནས་དང་ས་གནས་གང་ཞིག་ཏུ་བཏང་ཡང་འགྲོ་དགོས་ཡོད་སྐོར་བཀའ་གནང་སོང་། ས་རཱ་མཐོ་སློབ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་སློབ་གཉེར་བྱེད་ཡུལ་གྱི་མཐོ་སློབ་ཅིག་དང་། མཐོ་སློབ་འདིར་མཐོ་རིམ་རིག་གནས་འཛིན་གྲྭ་དང་། མཚམས་སྦྱོར་འཛིན་གྲྭ ཟུར་སྦྱོང་འཛིན་གྲྭ ནང་དོན་རིག་པའི་འཛིན་གྲྭ དགེ་རྒན་འོས་སྦྱོང་། ལས་བྱེད་འོས་སྦྱོང་། ཕྱི་རྒྱལ་འཛིན་གྲྭ རྒྱ་ཡིག་ལོ་ཙཱ་བའི་འཛིན་གྲྭ་བཅས་ཀྱིས་གྲུབ་ཡོད་པ་དང་། ད་སྔ་སློབ་ཕྲུག་ ༡༠༠༠ ལྷག་ཐོན་ཡོད་ཅིང་། ད་ལྟ་དགེ་སློབ་ཁྱོན་ ༣༢༨ ཙམ་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

མཆན། 7

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ས་རཱ་མཐོ་སློབ་དབུ་བརྙེས་ནས་ལོ་ངོ་ ༡༤ འཁོར་བའི་དུས་དྲན་ལ་བཀྲ་ཤིས་བདེ་ལེགས་ཡོད།

    Reply
  2. བཙན་ནག་པས། says:
    ལོ་ 14 སྔོན།

    རྒྱ་མའི་འགོ་ཁྲིད་གསར་པ་མ་སླེབ་བར་རྒུག་སྡོད་ལོངས་མི་འདུག བོད་ནང་གང་སར་མེ་ལྩེ་ཕྱུར་བཞིན་འདུག ཁ་སྟོང་པའི་བརྡ་ལན་དེ་དོན་དམ་པའི་ཕན་དོགས་མིན་འདུག ཉིད་ཀྱི་དབུ་ཁྲིད་ནས་ལས་འགུལ་སྤེལ་རོགས། ང་ཚོ་མི་མང་གི་དབུ་ཁྲིད་རོགས་གནང་།

    Reply
  3. སྤྲོ་ཚིགས་དགེ་འདུན says:
    ལོ་ 14 སྔོན།

    ཨོ་ཡ། དོན་དམ་གྱི་བརྡ་ལན་ཞིག་སྤྲད་ན་མ་གཏོགས་་་་་་་་་་ཐ་སྙད་སྐམ་པོ་འདི་སྦེད་བྱེད་ནས་ལོ་གཅིག་འགོར་སོང་བ་མ་ཡིན་ནམ

    Reply
  4. སྐར་མདའ། says:
    ལོ་ 14 སྔོན།

    བཀའ་ཁྲི་འདིར་བཤད་སླ་བའི་བརྡ་ལན་མང་བ་ལ། ལྟོས་དང་། ད་ལྟའི་བཙན་བྱོལ་སྤྱི་ཚོགས་འདི་གཞན་ལས་ལྷག་ཅིག་བྱུང་ཡོད་ཟེར་བ་དང་། ད་ཆར་བཙན་བྱོལ་སྤྱི་ཚོགས་དང་སྒྲིག་འཛུགས་ཀྱི་རྨང་རྡོ་ཉིན་རེ་བཞིན་སྲ་བརྟན་དུ་འགྲོ་བཞིན་ཡོད་པ་དེས་ཞེས་སོགས་ཀྱི་འུར་ཤོབ་དེ་ཚོར་་་་་་

    Reply
  5. སྦྲ་དཔལ་ལྡན། says:
    ལོ་ 14 སྔོན།

    གོང་དུ་མཛད་སྒོ་ཡག་པོ་འཚོགས་འདུག་པར་ཐུགས་རྗེ་ཆེ། འོན་ཀྱང་། གོང་གི་མཐོ་རིམ་རིག་གནས་རམ་འབྱམས་པའི་ནང་དུ་འཕྲིན་ཡིག་འབྲི་ཤེས་མཁན་ག་ཚོད་ཡོད་དམ། མིང་ཆེན་པོ་ཞིག་གིས་འོག་ནས་མཐར་ཕྱིན་པའི་ལག་འཁྱེར་དེས་སྤྱི་ཚོགས་ལ་ཞབས་ཞུ་བྱེད་ཐུབ་བམ། ངོ་མ་འུ་ཚང་གི་ཤེས་ཡོན་སྲིད་ཇུས་ཟེར་ཡོད་དུས་དེ་འདྲ་ཞིག་ཡིན་རྒྱུ་རེད། ད་དུང་གོང་གི་ཁ་བྱང་ལ་རྒྱ་ནག་ལ་བརྡ་ཞིག་སྟོན་ཡོད་ཟེར་ནས་གསར་འགྱུར་བཀོད་ན་འུ་ཚང་གི་ངོ་ཚ་མ་རེད་དམ། ངེད་ཚང་གི་རྒྱ་ནག་ལ་བརྡ་སྟོིན་བྱེད་ཁོ་ཚོ་ལས་ཡོད་པར་མ་རེད་དམ ང་ཚོས་སྐད་ཆ་དེ་ལྟར་བཤད་དགོས་ན་རྨང་གཞི་ཇེ་བརྟན་ལ་འགྲོ་དགོས་ཀྱི་འདུག

    Reply
  6. རིག་འཛིན་གྲགས་པ། says:
    ལོ་ 14 སྔོན།

    བཀའ་བློན་ཁྲི་པ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྐུ་ངལ་འཛེམ་མེད་ཐོག ཕྱིའི་རྒྱལ་ཁབ་ཁག་གི་ཆེའི་མཐོའི་དབུ་ཁྲིད་རྣམ་པ་དང་གྲོས་ཚོགས་འཐུས་མི། བོད་དོན་རྒྱབ་སྐྱོར་བ་དང་དེ་གའི་བོད་མི་སྐྱབས་བཅོལ་བ་ཚོར་ཐུག་འཕྲད་དང་། བོད་དོན་ཁྱབ་བསྒྲགས་ཀྱི་ཕྱག་ལས་ཤུགས་ཆེན་པོ་གནང་གི་ཡོད་པ་མ་ཟད།
    བཙན་བྱོལ་ནང་གི་ས་གནས་གཞིས་ཆགས་ཁག་དང་སློབ་གྲྭ་ཁག ས་དགེ་བཀའ་རྙིང་བོན་དང་བཅས་པའི་དགོན་པ་ཁག་བཅས་སུ་གཟིགས་སྐོར་གནང་སྟེ་ས་གནས་མི་མང་གི་བདེ་བ་སྡུག་བསྔལ་ལ་རྟོགས་ཞིབ་མཛད་ཀྱི་ཡོད་པ་མ་ཟད།
    ས་གནས་ཁག་ནང་གི་རྒན་གསོ་ཁང་དང་བྱིས་གཉོར་ཁང་། བཟོ་གྲྭ། སྨན་ཁང་བཅས་སུ་ཡང་ལྟ་སྐོར་ཞིབ་ཚགས་གནང་སྟེ་མི་མང་གི་བདེ་སྡུག་ཕྲག་ཏུ་བཞེས་ཏེ་ཕྱག་ལས་གནང་གི་ཡོད་པ་དེར་རྗེས་སུ་ཡི་རངས་དང་བསྔགས་བརྗོད་གྲངས་མེད་སྙིང་ཁུངས་རུས་པའི་གཏིང་ནས་ཞུ་བཞིན་ཡོད་ལགས།

    Reply
  7. བསྟན་འཛིན། says:
    ལོ་ 14 སྔོན།

    བཀའ་ཁྲི་བློ་བཟང་སེང་གེ་མཆོག་ལ་ནམ་བཞག་རྒྱུན་དུ་ནས་བཀའ་སློབ་གསར་པ་དང་གནད་འགག་ཅན་གང་ཡང་གསུང་རྒྱུ་མེད་པར་བསྐྱར་བཤད་ཡང་བཤད་བྱས་ནས་སྡོད་པའི་ལུགས་སྲོལ་ཞིག་ཡོད་པ་དང་གཅིག གསར་འགོད་པ་བནྡེ་སྐྱབས་ལགས་ཀྱིས་གསར་འགྱུར་ནང་གི་གནད་འགག་ལ་ཐུག་ཡོང་དུས་ཞིབ་འབྲི་མི་བྱེད་པར་ཚིག་ཉོག་རྣམས་སྤུངས་ནས་ལས་བསླ་འབྲི་བྱེད་པའི་རྒྱུ་ལུགས་ཀྱི་རང་གཤིས་ཤིག་ཡོད་པ་དང་གཉིས། ས་ར་མཐོ་སློབ་ཀྱི་འགན་འཛིན་འཇམ་དཔལ་ལགས་དང་དེའི་ལས་བྱེད་རྣམ་པར་མཐོ་སློབ་འཛིན་སྐྱོང་སྤེལ་གསུམ་གྱི་ཐབས་རྩལ་དང་ཤེས་ཡོན་མེད་པ་དང་གསུམ་སོགས་ཀྱི་་རྒྱུ་རྐྱེན་འདི་དག་གི་དབང་གིས་གོང་གསལ་གསར་འགྱུར་འདི་ཀློག་འདོད་ཁྱོན་ནས་བྱུང་མ་སོང་ངོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese