མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉི་ཧོང་གིས་རྒྱ་མི་སྐོར་ཞིག་འཇུ་བཟུང་།

བོད་ཀྱི་དུས་བབ།
༢༠༡༢/༠༨/༡༦
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཉི་མའི་ཉིན་རྒྱ་མི་སྐོར་ཞིག་གིས་དར་ཆ་འཕྱར་ཏེ་སཱིན་ཁཱ་ཁའོ་གླིང་ཕྲན་སྟེང་འཛེགས་པར་བརྟེན། ཉི་ཧོང་དང་རྒྱ་ནག་བར་གྱི་གླིང་ཕྲན་བདག་དབང་རྩོད་རྙོག་ཛ་དྲག་ཏུ་ཕྱིན་འདུག

 ཁ་ཕྱི་ཚེས་ ༡༥ ཉིན་རྒྱ་ནག་ཧོང་ཀོང་གི་མཚོ་གླིང་སྲུང་སྐྱོབ་གྲུ་གཟེངས་ཤིག་ཉི་ཧོང་དང་རྒྱ་ནག་མཐའ་མཚམས་མཚོ་ཁུལ་དུ་བསྐྱོད་རྗེས། ཧོང་ཀོང་དང་ཨོ་མཱན། ཐེ་ཝན་བཅས་ཀྱི་མི་ ༨ དང་། གསར་འགོད་པ་ ༢ ། གྲུ་གཟེངས་ཁ་ལོ་བ་ ༤ བཅས་ཀྱིས་ལག་ཏུ་རྒྱ་ནག་གི་རྒྱལ་དར་དང་། ཐེ་ཝན་གྱི་རྒྱལ་དར། ཧོང་ཀོང་དང་ཨོ་མཱན་གྱི་ས་ཁུལ་དར་ཆ་བཅས་འཕྱར་ཏེ། ཉི་ཧོང་དང་རྒྱ་ནག་གཉིས་བར་བདག་དབང་རྩོད་རྙོག་ཅན་གྱི་སཱིན་ཁཱ་ཁའོ་(Senkaku Islands)གླིང་ཕྲན་སྟེང་འཛེགས་ཡོད་པ་དང་། སྐབས་དེར་ཉི་ཧོང་གི་མཐའ་སྲུང་རུ་ཁག་གིས་མི་དག་འཇུ་བཟུང་བྱས་ཡོད་པ་མ་ཟད། གླིང་ཕྲན་ཉེ་ཁུལ་དུ་མཚོ་དམག་གྲུ་གཟེངས་ལྔ་ལྷག་དང་། ཐད་འཕུར་གནམ་གྲུ་སོགས་ཀྱིས་སྐོར་སྲུང་དམ་དྲག་བྱ་མགོ་བརྩམས་ཡོད་འདུག

ཉིན་དེར་རྒྱ་གཞུང་གིས་རྒྱ་ནག་གནས་སྡོད་ཉི་ཧོང་གཞུང་ཚབ་ལ་ཐུག་འཕྲད་བྱས་ཏེ། ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་རྒྱ་ནག་གི་མི་དེ་དག་ཕྱིར་གློད་དགོས་པ་བརྗོད་ཡོད་པ་དང་།  ཐེ་ཝན་ཕྱི་འབྲེལ་སྡེ་ཁག་གིས་ཀྱང་གླིང་ཕྲན་དེ་རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་མངའ་ཁོངས་ཡིན་པ་ནན་བརྗོད་དང་། ཡིན་ནའང་། ཐེ་ཝན་གྱིས་གླིང་བདག་དབང་སྲུང་སྐྱོབ་ཐད་ནས་རྒྱ་དམར་གཞུང་དང་ལག་འབྲེལ་བྱ་རྒྱུ་ཡིན་སྐོར་ཡང་བརྗོད་ཡོད་པ་རེད། དེ་བཞིན། གླིང་ཕྲན་བདག་དབང་གི་གནད་དོན་དེའི་ཐད། ཨ་རིའི་གཞུང་གིས་ཉི་ཧོང་དང་རྒྱ་ནག་གཉིས་ཀྱིས་ཕན་ཚུན་བར་འཁྲུག་ཟིང་སློང་རྐྱེན་གྱི་བྱ་སྤྱོད་མི་སྤེལ་བའི་འབོད་སྐུལ་དང་། ཨ་རིའི་ངོས་ནས་རྒྱལ་ཁབ་སུ་གང་གི་ཕྱོགས་བྱ་རྒྱུ་མིན་པ་བརྗོད་འདུག

འཛམ་གླིང་འཁྲུག་ཆེན་གཉིས་པ་མཇུག་སྒྲིལ་རྗེས། ཕྱི་ལོ་ ༡༩༧༡ ལོར་ཉི་ཧོང་བཙན་བཟུང་བྱེད་མཁན་ཨ་རིའི་དམག་གིས་སཱིན་ཁཱ་ཁའོ་(རྒྱ་ནག་གིས་ཡའེ་ཡུས་གླིང་ཕྲན་དུ་འབོད)་གླིང་ཕྲན་གྱི་བདག་དབང་དེ་ཉི་ཧོང་ལ་རྩིས་སྤྲོད་བྱས་པ་ནས་བཟུང་། གླིང་ཕྲན་དེ་ནི་ཉི་ཧོང་དང་རྒྱ་ནག ཐེ་ཝན་བཅས་ཀྱི་བར་བདག་དབང་རྩོད་རྙོག་ཅན་གྱི་གནད་དོན་ཞིག་ཏུ་གྱུར་ཡོད།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

རང་བཙན་གོམ་བགྲོད་གནང་མཁན་ཚེ་རིང་མཐར་ཕྱིན་ལགས་ཅན་དྷི་སྒར་དུ་འབྱོར་འདུག

ཆུ་ཚོད་ ༡༠ སྔོན་ལ།
བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་འདུ་ཐེངས་ ༢༤ པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

 བྱང་ཨ་རིའི་བོད་རིགས་ཚོགས་པ་ཁག་གིས་ཚོགས་ཆེན་འཚོགས།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

གཞུང་འབྲེལ་མིན་པའི་ཚོགས་སྡེ་ལྔ་ཡིས་ཞི་ཅིན་ཕིན་ལ་བསྒྲགས་གཏམ་སྤེལ།

༢༠༢༦/༠༩/༠༨
UN High Commissioner for Human Rights Volker Turk  Photo : Tawazon
Mobile App

འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༣ སྟེང་བོད་དོན་གླེང་སློང་བྱས།

༢༠༢༦/༠༩/༠༨
ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་གནམ་ཐང་དུ། AP གསར་ཁང་གི་པར།
Mobile App

རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག

༢༠༢༦/༠༩/༠༧
India, China to Hold First Corps Commander-Level Talks Today at Wacha Along LAC in Arunachal Pradesh | Image: X
Mobile App

རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་བྱས། 

༢༠༢༦/༠༩/༠༧

མཆན། 3

  1. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    ཅིག་བྱས་ན་གླིང་ཕྲན་དེ་རྒྱ་ནག་གུང་ཁྲན་ཚོགས་པའི་རྩ་བ་རྫོགས་པའི་མ་རྩ་ཡིན་རྒྱུ་རེད། རྒྱ་གར་རྒྱ་ནག་ལ་སྐྲག་ཀྱང་ཉི་ཧོང་སྐྲག་གི་མ་རེད་འདོད་།

    Reply
  2. བདེ་རྒྱལ། says:
    ལོ་ 14 སྔོན།

    ཐེ་ཝན་དང་ཧོང་ཀང་རྒྱ་དམར་གསུམ་མཉམ་རུབ་བྱས་པ་དེ་མི་རིགས་རིང་ལུགས་མངོན་ཚུད་ཅིག་རེད།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    རྒྱ་གཞུང་གི་ཧམ་ཤེད་དང་། རྒྱ་མི་མི་རིགས་ཀྱི་མ་རབས་མཚོན་རྟགས་ཕྱིར་རོལ་དུ་གསལ་སྟོན་བྱས་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese