མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབར་མ་དང་ཨ་སམ་དོན་རྐྱེན་གྱིས་བོད་པ་ཚོ་དཀའ་ཉེན་ལ་གཏད།

བོད་ཀྱི་དུས་བབ།
༢༠༡༢/༠༨/༡༧
Share on FacebookShare on TwitterShare on EmailShare on Whatsapp


ཉེ་ལམ་འབར་མའི་ནང
་ཁ་ཆེ་དང་ནང་པའི་བར་རྙོག་དྲ་ཞིག་བྱུང་ཡོད་པ་དང་། དེ་བཞིན་ཟླ་སྔོན་མའི་ནང་རྒྱ་གར་བྱང་ཤར་ཨ་སམ་ནང་བྷོ་ཌི་མི་རིགས་དང་ཁ་ཆེ་མི་རིགས་བར་འཁྲུག་རྩོད་བྱུང་བ་བཅས་ལ་བརྟེན་ཏེ། ད་ཆར་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཁག་གི་ཁ་ཆེ་དང་བྱང་ཤར་ཁུལ་གྱི་མིའི་བར་དུའང་རྙོག་ཟིང་འབྱུང་བཞིན་ཡོད་པ་མ་ཟད། བྷིང་ལོར་དང་མེ་སོར་སོགས་གྲོང་ཁྱེར་ཆེ་ཁག་ནང་གི་ཨ་སམ་གྱི་མི་རིགས་རྣམས་རྒྱ་གར་གཞུང་གི་ཆེད་གཏོང་མེ་འཁོར་བརྒྱུད་ཕྱིར་སོ་སོའི་ལུང་པར་ལོག་གི་ཡོད་འདུག་པ་མ་ཟད། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ཁག་དང་། བོད་པ་དག་ཀྱང་ས་གཞན་ལ་འགྲོ་བཞིན་ཡོད་འདུག་པ་དང་། བོད་ནས་ཡོང་བའི་སློབ་ཕྲུག་རྣམས་སེ་ར་སོགས་གྲྭ་ས་ཁག་ཏུ་ཕྱིན་ཡོད་འདུག

ཕྱི་ཚེས་ ༡༣ ཉིན་མེ་སོར་(Mysore) གྲོང་ཁྱེར་ནང་རང་ལོ་ ༢༣ ཡིན་པའི་བོད་རིགས་བསྟན་འཛིན་དར་རྒྱས་ལགས་ཁྲོམ་དུ་འགྲོ་བའི་ལམ་བར་ནས་མི་ཞིག་གིས་རྒྱབ་ལོགས་ནས་གྲི་བཙུགས་ཏེ་སྨན་ཁང་དུ་བསྐྱལ་ཡོད་པ་དང་། སྐབས་དེར་གྲི་འཛུགས་མཁན་ངོ་ཐག་ཆོད་མེད་ཀྱང་། གྲོང་ཁྱེར་ཉེན་རྟོག་པས་གསར་ལམ་དུ་བརྗོད་པ་ལྟར་ན་དེ་ནི་བསྟན་འཛིན་དར་རྒྱས་ལགས་རྒྱ་གར་བྱང་ཤར་ཨ་སམ་ཕྱོགས་ནས་ཡིན་པར་ནོར་ཏེ་ཁ་ཆེ་ཚོས་གྲིས་བརྒྱབ་ཡོད་པའི་དོགས་གཞི་ཡོད་ཚུལ་བརྗོད་འདུག

དེ་རིང་གསར་འགོད་པས་ད་ཆར་སྨན་ཁང་དུ་ཡོད་པའི་བསྟན་འཛིན་དར་རྒྱས་ལགས་ལ་ནད་གཡོག་བྱེད་བཞིན་པའི་ས་གནས་གཞོན་ནུའི་ཚོགས་གཙོ་བློ་བཟང་འཇམ་དབྱངས་ལགས་སུ་ཁ་པར་བརྒྱུད་བཅར་འདྲི་ཞུས་པར། ཕྱི་དྲོ་དེར་བློ་བཟང་དར་རྒྱས་གཅིག་པུ་གྲོང་ཁྱེར་གཞུང་ལམ་བརྒྱུད་དགོང་ཟས་བཟའ་རུ་འགྲོ་སྐབས། སྦག་སྦག་ཞོན་པའི་མི་གཉིས་རྒྱབ་ཕྱོགས་ནས་ཡོང་སྟེ་གྲི་བཙུགས་ཡོད་འདུག་ལ། གྲི་བཙུགས་རྗེས་བྲོས་ཡོད་སྟབས་གྲི་འཛུགས་མཁན་དེ་གཉིས་ངོ་ཐག་ཆོད་མེད་པ་དང་། གྲི་རྒྱབ་ལོགས་ནས་བཙུགས་ཏེ་མདུན་དུ་ཐོན་ཡོད་ཀྱང་། དེ་མ་ཐག་སྨན་ཁང་(Krishna Rajendra hospital)ལ་བསྐྱལ་ཡོད་ཐུབ་ཡོད་པ་དང་སྲོག་ཐོག་ལ་ཁེལ་མེད་པ་བཅས་ལ་བརྟེན་ད་ཆར་སྲོག་ཉེན་ལས་འཐར་ཡོད་འདུག

གནས་ཚུལ་དེ་བྱུང་མ་ཐག་བྷིང་ལོར་དང་བྷིང་བྷེ། མེ་སོར་བཅས་སུ་ཡོད་པའི་བོད་པའི་སློབ་ཕྲུག་དང་སིལ་ཚོང་བ་བཅས་ཀྱིས་ཕན་ཚུན་ཉེན་བརྡ་བཏང་སྟེ་བོད་མི་མང་པོ་ཞིག་ས་གནས་གཞན་དུ་ལོག་མགོ་བརྩམས་ཡོད་འདུག་ལ། ཧི་མ་ལ་ཡའི་རི་རྒྱལ་ཁུལ་གྱི་མི་རིགས་ཚོ་ཡང་རང་རང་གུ་ལུང་པར་ལོག་བཞིན་ཡོད་འདུག མེ་སོར་གྲོང་ཁྱེར་ནང་བོད་པ་སིལ་འཚོང་པ་དང་རིགས་སློབ་ཕྲུག་ཁྱོན་ ༢༠༠ ཡས་མས་ཡོད་པ་ཕལ་ཆེ་བ་ས་གནས་གཞན་ལ་ཕྱིན་ཡོད་འདུག་ལ། སློབ་ཕྲུག་ཚོས་ཀྱང་སློབ་གྲྭར་དགོངས་པ་ཞུས་ཏེ་ནང་དུ་ལོག་པ་དང་། བོད་ནས་ཡོང་མཁན་དག་སེ་ར་སོགས་གྲྭ་ས་ཁག་ཏུ་ཕྱིན་ཡོད་འདུག ཁ་སང་ཕྱི་ཚེས་ ༡༦ ཉིན་སློབ་ཕྲུག་ ༢༠ ཙམ་སེ་ར་དགོན་པར་འབྱོར་ཡོད་འདུག

གསར་འགོད་པས་ཅེན་ནའེ་(Chennai) གྲོང་ཁྱེར་ནང་གི་བོད་རིགས་མཐོ་རིམ་སློབ་མ་ཚོའི་གནས་སྟངས་སྐོར་ལ་ས་གནས་བོད་རིགས་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ཕུན་ཚོགས་ལ་ཁ་པར་བརྒྱུད་རྒྱུས་ལོན་བྱས་པར། ཁོང་གིས་ཅེན་ནའེ་ནང་གི་བོད་རིགས་སློབ་མ་ཚོར་དམིགས་བསལ་དཀའ་ངལ་འཕྲད་ཀྱི་མེད་པར་རྒྱུན་ལྡན་ལྟར་མཐོ་སློབ་ཁང་དུ་འགྲོ་བཞིན་ཡོད་ཀྱང་། གྲོང་ཁྱེར་སྤྱི་བདེ་ལས་ཁུངས་དང་གསང་བའི་ལས་ཁུངས་སོགས་ཀྱིས་ལྟ་རྟོག་ནན་མོ་བྱེད་ཀྱི་ཡོད་སྐོར་བརྗོད་འབྱུང་།

འབར་མའི་ནང་གི་དོན་རྐྱེན་དང་ཨ་སམ་ནང་གི་དོན་རྐྱེན་གཉིས་ངོ་བོ་ཐ་དད་ཡིན་པ་མ་ཟད། བོད་པ་ཚོར་དོན་རྐྱེན་དེ་གཉིས་ཀར་འབྲེལ་བ་གང་ཡང་མེད་ཀྱང་། ཉེ་ཆར་འབར་མའི་ནང་དུ་རྙོག་ཟིང་དེ་བྱུང་རྗེས་ ༢༠༡༠ ལོའི་ཡུལ་ཤུལ་ས་ཡོམ་སྐབས་ཀྱི་པར་མང་པོ་ཞིག་གི་ཐོག་ཏུ་ “ནང་པ་ཚོས་ཁ་ཆེ་བ་དམར་གསོད་གཏོང་གི་འདུག” སོགས་བཀོད་དེ་དཀྲོག་རྐྱེན་བཟོས་ཡོད་སྟབས། ཁ་ཆེ་མང་པོ་ཞིག་གིས་བོད་པའི་དགེ་འདུན་པ་ཚོར་གོ་ནོར་ཐེབས་ཀྱི་ཡོད་པ་དང་། ཟླ་སྔོན་མའི་ནང་ཨ་སམ་ནང་ཧིན་རྡུའི་ཆོས་བྱེད་མཁན་བྷོ་ཌོ་གྲངས་ཉུང་མི་རིགས་དང་ས་གནས་ཁ་ཆེ་བར་འཁྲུག་འཛིང་བྱུང་སྟེ་མི་མང་པོ་བསད་རྨས་བྱས་ཡོད་སྟབས། རྒྱ་གར་ལྷོ་ཕྱོགས་གཙོ་བོར་གྱུར་པའི་གྲོང་ཁྱེར་དང་ས་གནས་ཁག་གི་ཁ་ཆེ་ཚོས་བོད་མི་ཚོ་རྒྱ་གར་བྱང་ཤར་ཨ་སམ་ཕྱོགས་ཀྱི་མི་ཡིན་པར་གོ་ནོར་ཐེབས་བཞིན་ཡོད་འདུག

ཕྱི་ཚེས་ ༡༤ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་ཏེ། ཉེ་ཆར་འབར་མའི་ནང་ཁ་ཆེ་དང་ནང་པའི་བར་འཁྲུག་རྩོད་བྱུང་སྐབས། ༢༠༡༠ ལོའི་སྐྱེ་རྒུ་མདོའི་ས་ཡོམ་སྐབས་བོད་པའི་དགེ་འདུན་པ་ཚོས་གོད་ཆག་ཁྲོད་རྐྱེན་འདས་སུ་ཕྱིན་པའི་བོད་མི་དག་གི་ཕུང་པོ་མེར་བསྲེགས་གཏོང་བཞིན་པའི་པར་རིས་ཁག་ཅིག་ལ་ལོག་འགྲེལ་བརྒྱབ་སྟེ། ནང་པ་ཚོས་ཁ་ཆེ་དམར་གསོད་བཏང་པའི་པར་ཡིན་ཚུལ་གྱིས་དྲ་ལམ་ཁག་དུ་བཀོད་པ་དེར་བློ་འཚབ་ཡོད་སྐོར་དང་། པར་རིས་དེ་དག་པཱ་ཀི་སི་ཐན་ནང་གི་གསར་ལམ་ཁག་ཅིག་ནང་འཐོན་རྗེས། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་འཕྲལ་དུ་པཱ་ཀི་སི་ཐན་གྱི་འབྲེལ་ཡོད་གསར་ཁང་ལ་གནས་ཚུལ་གསལ་བཤད་བྱས་པའི་ཕྱི་ཉིན་པར་དེ་དག་ཕྱིར་འཐེན་བྱས་ཡོད་ཀྱང་། ཉེ་ལམ་ཨ་སམ་ནང་གི་དོན་རྐྱེན་སྐབས་སླར་ཡང་པར་དེ་དག་བེད་སྤྱོད་ལོག་པར་གཏོང་གི་ཡོད་པ་དེ་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་འདུག

ཕྱི་ཚེས་ ༡༥ ཉིན་ངྷ་ས་གཙུག་ལག་ཁང་གི་མཆོད་འབུལ་ཐོག་བཀའ་ཁྲི་མཆོག་གིས། རྒྱ་གར་གཞུང་དང་སྤུན་ཟླ་ཁ་ཆེ་ཚོས་བོད་པ་དང་ཁ་ཆེ་བར་གོ་ནོར་ཐེབས་པའི་གནད་དོན་དེ་གཙང་སེལ་གནང་དགོས་པའི་འབོད་སྐུལ་དང་། ས་གནས་གང་སར་ཡོད་པའི་བོད་མི་ཚོས་གནས་སྐབས་རིང་ཕྱོགས་སྐྱོད་སྐབས་གཟབ་ནན་བྱ་དགོས་པའི་འབོད་སྐུལ་གནང་འདུག ཕྱི་ཚེས་ ༡༦ ཉིན་བཀའ་ཤག་གིས་སླར་ཡང་གསལ་བསྒྲགས་སྤེལ་ཏེ། རྒྱ་གར་གཞུང་དང་སྤུན་ཟླ་ཁ་ཆེ་བ་ཚོས་གནས་ཚུལ་དེ་གཙང་མ་བཟོས་ཏེ་གནད་དོན་ཞི་འཇམ་བྱ་རྒྱུར་རོགས་འདེགས་བྱ་དགོས་པའི་འབོད་སྐུལ་ཡང་གནང་འདུག

ཉེ་ཆར་རྒྱ་གར་གྱི་གྲོང་ཁྱེར་མོམ་བྷའེ་སོགས་ཀྱི་ནང་ངོ་རྒོལ་འཁྲུག་རྩོད་བྱུང་སྐབས། རྒྱ་གར་ཁ་ཆེ་ཚོགས་པའི་(Muslims Political Council of India)ཚོགས་གཙོ་སྐུ་ཞབས་རཱ་མཱ་ནེ་(Dr T.A Rahmani) ཡིས་ལྡི་ལིར་ཡོད་པའི་འབར་མའི་གཞུང་ཚབ་ལ་གནད་དོན་དེའི་སྐོར་དྲིས་པར། འབར་མའི་གཞུང་ཚབ་ཡེན་ཡཝ་(Yin Yaw) ཡིས་འཁྲུག་རྩོད་ཀྱི་ཐོག་མའི་རྒྱུ་རྐྱེན་དང་ད་ལྟའི་གནས་སྟངས་སོགས་གསལ་བཤད་བྱས་པའི་ནང་། ཕྱི་ཟླ་ ༥ ཚེས་ ༢༨ ཉིན་ཁ་ཆེ་བ་གསུམ་གྱིས་ནང་པའི་བུ་མོ་ཞིག་ལ་བཙན་གཡེམ་བྱས་པ་ནས་འཁྲུག་རྩོད་ཀྱི་མགོ་བརྩམས་ཡོད་པ་དང་། འཁྲུག་རྩོད་ཁྲོད་ཕྱོགས་གཉིས་ཀྱི་མི་༧༩ ཙམ་དམར་གསོད་བཏང་ཡོད་པ་ལས། ནང་པ་བ་ཚོས་ཁ་ཆེ་བ་དམར་གསོད་བཏང་ཡོད་ཚུལ་བསྒྲགས་པ་དེ་དངོས་ཡོད་མིན་པ། དོན་རྐྱེན་བྱུང་རྗེས་འབར་མའི་གཞུང་དང་། རང་དབང་སྡེ་ཚན་ཁག་ཚང་མ་མཉམ་འབྲེལ་ཐོག་འཁྲུག་རྩོད་ཞི་འཇགས། ཁང་ཁྱིམ་དང་རྒྱུ་དངོས་གཏོར་སྐྱོན་ཐེབས་རིགས་ད་ཆར་བསྐྱར་གསོ་བྱེད་ཀྱི་ཡོད་སྐོར་ལན་འདེབས་བྱས་ཡོད་འདུག

གསར་འགོད་པ། བནྟེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

ཆུ་ཚོད་ ༩ སྔོན་ལ།
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

ཆུ་ཚོད་ ༩ སྔོན་ལ།
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

ཆུ་ཚོད་ ༩ སྔོན་ལ།
Sakkar Tashi’s profile on X. Screenshot taken on 24 June 2026.
Mobile App

རྒྱ་ནག་གཞུང་གིས་ས་དཀར་བཀྲ་ཤིས་ལགས་ཀྱི་བོད་ནང་གི་ནང་མི་རྣམས་ནག་ཉེས་ཅན་གྱི་ཐོ་གཞུང་དུ་བཅུག་འདུག

ཆུ་ཚོད་ ༡༠ སྔོན་ལ།
སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་མཇུག་བསྒྲིལ། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༢༤
Mobile App

སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཁུལ་གྱི་ཕྱོགས་ཕེབས་མཇུག་བསྒྲིལ། 

ཆུ་ཚོད་ ༡༣ སྔོན་ལ།
Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

༢༠༢༦/༠༦/༢༣

མཆན། 7

  1. ཡུལ་འགྱལ། says:
    ལོ་ 14 སྔོན།

    http://makepakistanbetter.com/why_how_what_forum_full.asp?ArticleID=18855&GroupID=9&Group_title=Islam%20and%20World

    Reply
  2. མི་རྒོད། says:
    ལོ་ 14 སྔོན།

    ང་ཧ་ཅང་གིས་སེམས་པ་སྐྱོ། ཡིནའང་མཆན་འདི་དུས་བབ་ཚང་བཀོད་མིན་མི་ཤེས་ངས་མཆན་བརྒྱ་ཆ་དགུ་བཅུ་ད་བར་བཀོད་མེད། དེ་ནི་རྗེས་ལུས་དང་། ཐན་འཁྱེར་ཀླད་རྙིང་མི་ད་དུང་ནང་དུ་གནས་པ་གསལ་པོ་རེད། ཡིན་ནའང་ང་ལ་དགོས་པ་བོད་རེད། ངས་བླ་མ་ཕྱག་ན་པདྨོ་རེད། ངས་ཆོས་ནང་པ་རྣམ་དག་རེད། ང་བོད་མི་ཞིག་རེད། བོད་ས་གང་དུ་བསྡད་ཀྱང་ང་བོད་པ་རེད། དེ་ངས་སྙིང་གཏམ་དང་དམ་བཅའ་རེད། དུས་བབ་ཚང་། ད་ལྟ་བོད་ཤོར་ནས་ཕམ་བཞིན་པ་རེད། བོད་རིགས་ན་བཞོན་བླ་སྲོག་འཕྲོག་བཞིན་པ་རེད། ཐན་འཁྱེར་ངས་བསླབ་བྱ་མིན། ཐན་འཁྱེར་ནི་རྗེས་ལུས་རེད། དེས་བོད་ཉམས་ཡོད་ལ། བོད་རིགས་ཀྱང་ཉམས་ཡོད། ཉམས་ཡོད་ནང་སྣ་མང་ཚུད་ཡོད། ཆོས། རིག་གཞུང་། ལེགས་བྱང་། གོམས་གཤིས་ལ་སོགས་པ་ཡོད། ད་གནས་ཚུལ་འདི་འདྲ་བྱུང་ན་བོད་པ་ཚང་གཟབ་གཟབ་བྱེད་དགོས་པ་རེད། ཉེ་དུས་གོང་ས་མཆོག་ཁ་ཆེའི་ཡུལ་དུ་ཕེབས་པ་དེར་ཁ་གཏད་ཅོག་རྒྱུའི་དགྲ་བོའི་ངན་ཇུས་ཡོད་པ་གསལ་པོ་རེད་དགྲ་བོ་ནི་རྒྱལ་ཁབ་བཙན་ཤེད་ཅན་ངོ་ཚ་ཁྲེལ་མེད་གཅིག་ཡིན་པ་འཛམ་གླིང་ལྡིང་ཕྱར་ལྷམ་མེར་ཡོད། དེ་གཅིག་པུར་བརྗོད་དོད་བྱུང་།།། 

    Reply
  3. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    གོང་དུ་ཉེར་གཅིག་པའི་ཅོང་བརྡ་ཟེར་བས། གནས་ཚུལ་དེ་འདྲ་བྱུང་བ་དེ་ཡག་པོ་ཡིན་རབས་དང་། གཞིས་ཆགས་པ་ལ་དཀའ་ངལ་དེ་འདྲ་ཞིག་འཕྲད་དགོས་ཟེར་བའི་སྐད་ཆ་དེས་ང་ཧང་སང་འཇུག་སོང་། ཁྱོད་དང་ཁྱོད་འདྲ་བས་འཁྱོག་མཆན་འདྲ་མིན་བྲིས་ནས་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་དུ་མི་མཐུན་པ་བཟོ་བཞིན་འདུག་པས་སླན་ཆད་གཟབ་དགོས། ཁྱེད་སྒེར་པ་ཞིག་ལ་ཚོར་བ་དེ་འདྲ་བྱུང་ཡོད་ན་ཡང་། གཞན་དག་ལ་དེ་འདྲ་བྱུང་སྲིད་དོགས་མེད།

    Reply
  4. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    བོད་པ་ཚོས་གཟབ་མ་བྱེད་ན་དོན་རྐྱེན་འདིའི་རྒྱབ་ལོག་ན་རྒྱ་ནག་འཐབ་་ཕྱོགས་གཅིག་གྱུར་ཡོད་སྲིད་ཀྱི་་རེད། ཅིག་བྱས་ན་དང་པོ་རྒྱ་གར་ནང་ཁུལ་གྲངས་ཉུང་མི་རིགས་བར་དཀྲུག་ཤིང་བྱས་དེའི་རྗེས་དམིགས་འབེན་གཙོ་བོ་བོད་དང་རྒྱ་གར་ཡུལ་མི་བར་དཀྲུག་ཤིང་བཟོ་སྲིད་པས། གཡོ་སྒྱུ་ཆེ་བའི་གུང་ཁྲན་ཚོགས་པའི་གཡོ་འོག་མ་ཚུད་པར་བྱེད་དགོས་པར་སྣང་།

    Reply
  5. བསྟན་ཡོང། says:
    ལོ་ 14 སྔོན།

    མི་ཡུལ་ལུང་པ་སྐྱབས་བཅོལ་དུ་ཡོད་པའི་བོད་མི་དག་གི་དོགས་ཟོན་་བྱེད་དགོས། བོད་མི་གཅིག་ཡི་ཡང་ཚེ་སྲོག་ནི་རིན་ཐང་གྲལ་བ་ཞིག་ཡིན། དོགས་ཟོན་བྱེད་དགོས་གལ་ཆེ།

    Reply
  6. ཉེར་གཅིག་པའི་ཅོང་བརྡ། says:
    ལོ་ 14 སྔོན།

    བོད་པ་ཚོར་དཀའ་ངལ་ཞིག་མ་འཕྲད་ན་རང་ཡུལ་དྲན་གི་མ་རེད།
    ལྷག་པར་དུ་གཞིས་ཆགས་ཚོས་ཧ་ལམ་རང་ཡུལ་བརྗེད་ཡོད་པ་རེད།
    རྒྱ་གར་ལུང་པར་རང་དབང་ག་ཚོད་ཡོད་ཀྱང་།
    རང་ཡུལ་དང་གཏན་ནས་འདྲ་ས་ཡོད་མ་རེད།

    Reply
  7. སྒ་གྲགས་པ་དར་རྒྱས། says:
    ལོ་ 14 སྔོན།

    ངས་བསམ་ན་ཐེངས་འདིར་བོད་པ་ཚོར་ཞེད་སྣང་ཞིག་བསྐུལ་བ་དེ་འགྲིག་འདུག་དྲན་ཡོད། ད་དུང་གནས་ཚུལ་ཅུང་ཚབས་ཆེན་ཆགས་ན་ཡག་པོ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese