མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་ ༧ གྱི་ཁྲིམས་ཐག་བཅད་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༨/༢༡
Share on FacebookShare on TwitterShare on EmailShare on Whatsapp

བོད་མདོ་སྨད་རྔ་པ་རྫོང་ཁ་ཤིས་དགོན་གྱི་ལྷོ་ཡོན་ཏན་རྒྱ་མཚོ་ལགས་སུ་རྒྱ་གཞུང་གིས་ལོ་ ༧ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག  

དེ་རིང་གསར་དུ་གནས་ཚུལ་ཤེས་རྟོགས་བྱུང་བར། ཟླ་བ་བརྒྱད་ཙམ་རིང་གར་སོང་ཆ་མེད་དུ་གྱུར་པའི་རྔ་པ་རྫོང་བློན་ཙང་ཞང་ཁཱ་ཤིས་སྡེ་བའི་ལྷོ་ཚང་གི་ཁཱ་ཤིས་དགོན་གྱི་རང་ལོ་ ༣༧ ཡིན་པའི་གྲྭ་ལྷོ་ཡོན་ཏན་རྒྱ་མཚོ་ལགས། ལོ་སྔོན་མའི་ཕྱི་ཟླ་ ༡༠ ཚེས་ ༡༨ ཉིན་རྔ་པ་རྫོང་མཁར་ནས་གློ་བུར་གར་སོང་ཆ་མེད་ཀྱིས་ཟླ་ ༦ ལྷག་རིང་ཤི་གསོན་གནས་སྟངས་ཤེས་རྟོགས་ཐུབ་མེད་ཀྱང་། ཉེ་ལམ་གསར་དུ་ཤེས་རྟོགས་བྱུང་བར། དེ་སྔོན་སི་ཁྲོན་ཁྲིན་ཏུའུ་གསང་བའི་ལས་ཁུངས་ཀྱིས་རྔ་པ་རྫོང་ས་གནས་དམག་སྒར་བརྒྱུད་ལྐོག་ནས་འཛིན་བཟུང་བཙན་ཁྲིད་བྱས་ཏེ། བུན་གྱང་ཞེས་པའི་ས་གནས་བཙོན་ཁང་དུ་བཀག་སྐྱིལ་གྱིས་གཅར་རྡུང་མནར་གཅོད་ཚད་མེད་བཏང་ཡོད་པ་དང་། སྐབས་དེར་ཁོང་ལ་གསོན་པ་ལས་རང་ཤི་བརྒྱབ་ན་དགའ་བའི་སེམས་ཚོར་བྱུང་བ་སོགས་ཀྱི་དཀའ་སྡུག་ཚད་མེད་མྱངས་མཐར། རྔ་པ་རང་སྐྱོང་ཁུལ་གྱི་འབྲེལ་ཡོད་ལས་ཁུངས་ལ་རྩིས་སྤྲོད་བྱས་ཏེ་རྔ་པ་ཁུལ་མི་དམངས་ཁྲིམས་ཁང་གིས་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡༨ ཉིན་རྒྱལ་གཅེས་དཔའ་མོ་བཙུན་མ་བསྟན་འཛིན་དབང་མོས་རང་ལུས་མེ་བསྲེགས་བཏང་བའི་འདྲ་པར་དང་གནས་ཚུལ་ཕྱི་ཕྱོགས་སུ་མཁོ་སྤྲོད་བྱས་པ་དང་། ཕྱི་ལོ་ ༢༠༠༨ ནས་བཟུང་བོད་ནང་གི་གནས་ཚུལ་མང་པོ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སོགས་ལ་ཁ་པར་བརྒྱུད་ཞུ་གཏུག་བྱེད་མཁན་གཏེ་བོའི་གྲས་ཡིན་པ་སོགས་ཀྱི་ནག་ཉེས་བཙན་འགེལ་བྱས་ཏེ། ལོ་ ༧ གྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ། ད་ཆ་རྒྱ་ནག་སི་ཁྲོན་གྱི་མེན་ཡང་བཙོན་ཁང་དུ་བཅུག་ཡོད་འདུག 

ཁོང་གི་ཕ་མིང་ལ་ཆོས་བསམ་དང་། མ་མིང་ལ་གངྒ་ཡིན་པ་དང་། རང་ལས་ཆུང་བའི་སྤུན་སྲིང་གཉིས་བཅས་ནང་མི་བཞི་ཡོད་འདུག ཁོང་ནི་ཁཱ་ཤིས་དགོན་དགེ་འཕེལ་བསམ་གཏན་གླིང་གི་དགེ་བསྐོས་དང་། དབུ་མཛད་། ཆོས་ལུགས་དོ་དམ་ཁང་གི་འགན་འཛིན་དང་ཚོགས་མི་ཟུར་བ་བཅས་ཡིན་འདུག  

ཁོང་གིས་དེ་སྔ་ ༡༩༩༢ ལོར་རྔ་ཡུལ་ཁཱ་ཤིས་ཚོང་པ་རྣམས་ཀྱིས་མ་དངུལ་རྩ་འཛུགས་ཀྱིས་སློབ་གྲྭ་གསར་རྒྱག་བྱས་པ། རྔ་པ་རྫོང་ཁ་ཤུལ་གྲོང་སྡེའི་རེ་སྨོན་སློབ་ཆུང་གི་སློབ་མ་གཙོས་དགོན་གྲོང་གཉིས་ཀྱི་སློབ་ཕྲུག་ན་གཞོན་རྣམས་ཀྱི་གསབ་སྦྱོང་འཛིན་གྲའི་བོད་ཡིག་དགེ་རྒན་དང་། ཡང་སྒོས་ཁཱ་ཤིས་སྤྱི་ཚོགས་སློབ་གསོ་ཚོགས་པའི་ཚོགས་གཙོའི་ལས་འགན་ཁུར་མུས་ཀྱི་ངོས་ནས་རྔ་པ་སྟོད་སྨད་བར་གསུམ་གྱི་མང་ཚོགས་ཁྲོད་སྤྱི་ཚོགས་སློབ་གསོའི་ལས་འགུལ་སྤེལ་བའི་བརྒྱུད་རིམ་ནང་བོད་རང་གི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག ལེགས་བྱང་། ཡུལ་གོམས་གཤིས་ལུགས་སོགས་ཡ་རབས་བཟང་སྤྱོད་ལྡན་པའི་བོད་མི་རིགས་ཀྱི་ངོ་བོ་གསོན་པོར་ཡུན་གནས་ཡོངས་ཐབས་སུ་ཕྱོགས་ཡོངས་ནས་ནུས་པ་ཡོད་དགུས་མཁས་དབང་གདན་འདྲེན་ཞུས་ཀྱིས་སྤྱི་ཚོགས་ཡར་སྐུར་གྱི་ལམ་སྟོན་སློབ་གསོ་གནང་བཅུག་པ་དང་། ཁོང་རང་ངོས་ནས་ཀྱང་སྙིང་སྟོབས་དང་སེམས་ཤུགས་ཞུམ་པ་མེད་པའི་སྒོ་ནས། བོད་ཀྱི་ཆབ་དཔལ་རིག་གསུམ་དང་། ལྷག་པར་ཏུ་བོད་རིགས་ནང་ཁུལ་མཐུན་སྒྲིལ་ཟོང་ཁ་གཅིག་གྱུར་དགོས་པ་སོགས་ཀྱི་ཐད། བོད་མིའི་དབུ་ཁྲིད་༸གོང་ས་མཆོག་གིས་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་བཀའ་སློབ་ལམ་སྟོན་སྤྱི་ཕེབས་བྱུང་བ་རྣམས་ཇི་ལྟ་བ་བཞིན་ས་གནས་མི་དམངས་དཀྱིལ་དུ་རྒྱལ་བའི་མཚན་དང་བཅས་ཏེ་བཀའ་སློབ་དགོངས་དོན་ཁག་དངོས་སུ་ལུང་འདྲེན་དང་འགྲེལ་བཤད་ཡང་ཡང་བྱས་ཡོད་འདུག

དེ་ཡང་ཁཱ་ཤིས་དགོན་དགེ་འཕེལ་བསམ་གཏན་གླིང་ནི་༸ རྗེའི་དངོས་སློབ་ཚ་ཁོ་དཔོན་པོ་ངག་དབང་གྲགས་པས་ཕྱག་བཏབས་མཛད་པ་ཞིག་དང་། དེང་གི་རྔ་པའི་རྫོང་མཁར་ནས་ནུབ་ཕྱོགས་སུ་སྤྱི་ལེ་ ༢ ཙམ་གྱི་སར་ཡོད།

གནས་ཚུལ་གཏོང་མཁན། གྲྭ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

ཆུ་ཚོད་ ༢༣ སྔོན་ལ།
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

ཆུ་ཚོད་ ༢༣ སྔོན་ལ།
26 Trade Passes Issued As India-Tibet Border Trade Resumes Photo (ETV Bharat Archives)
Mobile App

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༥
TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༤
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

༢༠༢༦/༠༦/༢༤
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

༢༠༢༦/༠༦/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese