མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨོ་རྩེད་རྟཊ་མ་དང་བོད་ནང་གི་མེར་བསྲེཊ།

བོད་ཀྱི་དུས་བབ།
༢༠༡༢/༠༨/༢༡
Share on FacebookShare on TwitterShare on EmailShare on Whatsapp
པེ་ཊར་གྷེལ་མོར་ཡིས་བརྩམས། ཝཱཎ། རིག་འཛིན་ལྷུན་གྲུབ་ཀྱིས་བསྒྱུར།
ལོ་ངོ་བཞི་རེའི་མཚམས་སུ་ང་ཚོས་རླབས་ཆེན་མཚར་སྡུག་ལྡན་པའི་ཨོ་རྩེད་ལྟད་མོར་དངོས་སུ་ལོངས་སྤྱོད་བྱེད་རྒྱུ་ཡོད། རང་ཉིད་ལ་ཆ་མཚོན་ན། འདི་ནི་ངས་རྒྱུན་ལྡན་དགའ་མོས་བྱེད་སའི་རྩེད་མོ་ལས་གཞན་པའི་རྩེད་རིགས་ཁག་ལ་ཡིད་རངས་སྔགས་བརྗོད་བྱེད་རྒྱུའི་གོ་སྐབས་ཤིག་ཀྱང་རེད། མི་རྣམས་ཀྱིས་ནམ་ཡང་ཞིབ་ཅིང་ཕྲ་བའི་རྩ་ཁྲིམས་དང་ཐབས་ཚུལ་ལས་མ་བརྒལ་བའི་ཐོག་ནས་ནུས་ཤུགས་གཅིག་འབུངས་ཀྱིས་སོ་སོའི་རྩལ་ཤོམ་སྟོན་བྱེད་པའི་རྩེད་རིགས་དག་ནི། ང་ལ་ཆས་རྒྱུས་མེད་པའི་མགོ་རྙོག་ཅན་ཤ་སྟག་རེད།
 
ལམ་འགྲོ་མེད་པའི་མི་རྣམས་ལ་དགའ་བསུའི་འབོད་སྒྲ་སྒྲོག་རྒྱུ་ནི། ངའི་དགའ་ཕྱོགས་ཤིག་རེད། དེར་བརྟེན།  མེ་ར་ཐོན་བང་འགྲན་ནང་ཧ་སང་དགོས་པའི་རྒྱལ་ཁ་ཐོབ་མཁན་ཡུ་གྷན་ཌེ(Uganda)རྒྱལ་ཁབ་ཀྱི་བང་འགྲན་མ་སེཊ་ཕེན་ཀེཔརོཊཀ་(Stephen Kiprotich)ཡི་རྒྱལ་ཁ་ནི་ཁོ་མོ་དང་ཡུ་གྷན་ཌེ་རྒྱལ་ཁབ་ལ་ངོ་མཚར་ཅན་གྱི་རྒྱལ་ཁ་ཞིག་ཆགས་ཡོད། ངས་རྒྱལ་ཁབ་དེར་འགྲོ་སྐབས་ཆེས་ཐོག་མར་ཤེས་རྟོགས་བྱུང་པ་ནི། འདས་པའི་ནང་ཡུན་རིང་ཆབ་སྲིད་ཟིང་འཁྲུག་གིས་དཀའ་སྡུག་ཚད་མེད་མྱངས་ཡོད་པ་དེ་རེད། དེ་དང་ཕྱོགས་མཚུངས། བོད་མི་རིགས་ཀྱིས་ཀྱང་མི་ལོ་མང་པོ་བཙན་གནོན་འོག་གནར་གཅོད་མྱོང་བཞིན་ཡོད། འདུར་རྒྱུག་འགྲན་མཁན་བུ་མོ་ཆོས་དབྱངས་སྐྱིད་ལ་ཟངས་ཀྱི་རྟགས་མ་ཐོབ་པ་ནི་དགའ་འོས་པའི་རྒྱལ་ཁ་གསར་པ་ཞིག་རེད། དེ་ནི་བོད་མི་རིགས་ཤིག་ལ་ཐོབ་པའི་ཆེས་ཐོག་མའི་ཨོ་རྩེད་རྟགས་མ་དེ་ཆགས་ཡོད། འོན་ཀྱང་། རྟགས་མ་རེའུ་མིག་གི་ཐོ་གཞུང་ནང་བོད་ཅེས་པ་མེད་པས། ཆོས་དབྱངས་ཀྱིས་ཡིན་ཅིག་ཕྱི་ལོ་ ༡༩༥༩ ལོར་བོད་ལ་བཙན་འཛུལ་བྱེད་མཁན་གྱི་རྒྱལ་ཁབ་རྒྱ་ནག་གི་ཆེད་དུ་འགྲན་བསྡུར་བྱེད་དགོས་པ་རེད།
 
ཆོས་དབྱངས་སྟེགས་བུའི་སྟེང་རྟགས་མ་ལེན་པར་ལངས་སྐབས། ངས་བསམ་བློ་འཁོར་པ་ནི་ཁོ་མོའི་རྒྱལ་ཁ་དེ་དོན་དངོས་ཐོག་བོད་མི་རིགས་ལ་ཅི་ཞིག་མཚོན་ནམ་སྙམ། ངས་རྟག་ཏུ་མི་འབོར་ལ་གཞིག་པའི་རྟགས་མ་གུང་སྒྲིག་བྱས་པའི་རྟགས་མ་རེའུ་མིག་དེ་གདམ་ཀ་བྱེད་ཀྱི་ཡོད། གཤམ་བཀོད་རེའུ་མིག་ནང་གི་རྒྱལ་ཁབ་རིམ་པ་ལྟར་རྩེད་རིགས་ཀྱི་བརྗིད་ཉམས་ཀྱི་རྣམ་པ་མི་འདྲ་བ་ཞིག་རེའུ་མིག་འདིས་སྟོན་གྱི་ཡོད། འདིར་ཁྱེད་ཀྱིས་མཐོང་ཐུབ་པ་ནི། དམའ་འབེབས་སོགས་མེད་པའི་སྲོལ་རྒྱུན་རྩེད་འགྲན་ཆེན་མོ་ཇི་ལྟར་བྱས་ནས་ལེགས་གྲུབ་བྱུང་གི་ཡོད་པའི་རྣམ་པ་ཞིག་ཀྱང་རེད། ང་ལ་བྱེད་ཐབས་གང་ཡང་མི་འདུག་མོད། གལ་ཏེ་འགྲན་བསྡུར་དེ་སོ་སོའི་འདོད་མོས་ལྟར་འགྲན་གྱི་ཡོད་ཚེ། བོད་རྒྱལ་ཁབ་ལ་ཅིའི་ཕྱིར་རེའུ་མིག་འདིའི་ནང་གོ་ས་ཞིག་ཐོབ་མི་སྲིད་པ་རེད་དམ།
 
རེའུ་མིག་ ༡།      ཕྱི་ ༢༠༡༢ ལོའི་ཨོ་རྩེད།
རིམ་པ།
Rank
མི་འབོར་ས་ཡ་ལ་གཞིགས་པའི་རྟགས་མ།
Medals/Million population
1 ཇརེནཌེ་(Grenada)
37
2 བྷཧ་མས་(Bahamas)
13
3 ཇམེཁ་(Jamaica)
10
4 ནེའུ་ཛེལནཌེ་(New Zealand)
8
5 ཊེནེཌཌེ་དང་ཊོ་བྷ་གོ(Trinidad and Tobago)
5.70
6 ཧན་གྷརེ་(Hungary)
4.5
15 དབྱིན་ཡུལ།
3
[?? བོད།
???]
42 ཨ་རི།
1
67 རྒྱ་ནག
0.2
85 རྒྱ་གར།
0.01
 
 
ཆོས་དབྱངས་ཀྱིས་སེར་གྱི་རྟགས་མ་ཐོབ་མཁན་ཨེལེན་ལཤེམནོཝ་ (Elena Lashmanova) ཡི་ཆེད་ཨུ་རུ་སུའི་རྒྱལ་གླུ་བཏང་བར་ཉན་སྐབས། ངས་སེམས་ནང་དྲི་རྟགས་ཤིག་འཁོར་བ་ནི། བོད་ནང་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་རྒྱུན་ཆད་མེད་པར་འབྱུང་བཞིན་ཡོད་པས། འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་རིགས་ལྟད་མོ་བ་ཚོའི་སེམས་ནང་ཅི་ཞིག་འཁོར་གྱི་ཡོད་དམ་སྙམ། རང་ལུས་མེར་བསྲེགས་ཀྱི་འཕར་ཚད་ཇེ་མཐོར་འགྲོ་བཞིན་ཡོད་རུང་། ཅིའི་ཕྱིར་འཛམ་གླིང་གིས་དོ་འཁུར་མི་བྱེད་པའང་བསམ་བློ་འཁོར་ངེས་རེད།
 
ངས་རེའུ་མིག་གཞན་ཞིག་བསམ་བློར་འཁོར་བྱུང་པའི་ནང་དེང་སྐབས་བོད་ནང་རང་ལུས་མེར་བསྲེགས་ཀྱི་འཕེལ་ཚད་དེ་བཞིན་རྒྱལ་ཁབ་གཞན་གྱི་མི་འབོར་ལ་གཞིགས་ཏེ། དྲག་གནོན་དང་གདུག་རྩུབ་ལ་བོད་མི་ཚོས་ངོ་རྒོལ་རྣམ་པའི་ཚུལ་དུ་རང་ལུས་མེར་བསྲེགས་ཀྱིས་འཕེལ་ཚད་ནི་ཧ་ཅང་ཛ་དྲག་གི་གནས་སུ་གྱར་ཡོད་པ་སྟོན་ཐབས་བྱས་པ་རེད། འདིར་ཕྱི་ལོ་ ༢༠༡༢ ལོའི་ཨོ་རྩེད་མཇུག་བསྡོམས་བར་དུ་བོད་མི་རང་ལུས་མེར་བསྲེགས་ཀྱི་གྲངས་འབོར་(གྲངས་ཚད་ ༤༨ ལ་སླེབས་ཡོད་)ཇི་བྱུང་ཡོད་པ་གཞིར་བཞག་བྱས་པ་ཡིན། རང་ལུས་མེར་བསྲེགས་ཀྱི་འཕེལ་ཚད་ནི་བོད་མི་ 100,000 (བོད་མི་འབོར་རགས་རྩིས་ས་ཡ་དྲུག་རེད་)འབུམ་རེར་མི་ 0.8 ཡི་གཞིར་བཞག་བྱས།   རང་ལུས་མེར་བསྲེགས་ཀྱི་འཕེལ་ཚད་གཤམ་གསལ་རྒྱལ་ཁབ་ཁག་གི་མི་འབོར་དང་མཚུངས་བསྡུར་བྱས་པའི་རེའུ་མིག་ནི།
 
རེའུ་མིག་༢།      འཆར་ཟིན་གྱི་རང་ལུས་མེར་སྲེག
(ཕྱི་ ༢༠༡༢ ཟླ་ ༨ ཚེས་ ༡༢ གོང་གི་བོད་མི་རང་ལུས་མེར་བསྲེགས་ཀྱི་འཕེལ་ཚད།)
ཟུར་བཏོན་རྒྱལ་ཁབ།
Selected country
མི་འབོར་རཌ་རྩིས།
Approx Population
འཕེལ་ཚད་འབུམ་རེར་གཞིཊ་པ།
Rate/100,000
འཆར་ཟིན་གྱི་རང་ལུས་མེར་བསྲེཊ།
Projected self-immolation
རྒྱ་ནག
1,300,000,000
0.8
10,400
རྒྱ་གར
1,200,000,000
0.8
9,600
ཨ་རི
310,000.000
0.8
2,480
ཨེཌོ་ནེཤི་ཡ
230,000,000
0.8
1,840
བྷརཛེལ
190,000,000
0.8
1,520
དབྱིན་ཡུལ
62,000,000
0.8
496
ལྷོ་ཨཕྷེ་རི་ཀ
50,000,000
0.8
400
ཁེ་ན་ཌ
34,000,000
0.8
272
བལ་ཡུལ
30,000,000
0.8
240
ཨོས་ཊེལ་ཡ
22,000,000
0.8
176
ཏུ་ནེ་ཤི་ཡ
10,000,000
0.010
1(80)
བོད
6,000,000
0.8
48
           
 འཆར་ཟིན་གྱི་རང་ལུས་མེར་བསྲེགས་ཀྱི་གྲངས་ཚད་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། རང་ཉིད་ལ་ཆ་མཚོན་ན། རེའུ་མིག་འདིས་བོད་ནང་ཇི་ཙམ་གྱི་བཟོད་གླགས་བྲལ་བའི་གདུག་སྤྱོད་ཀྱི་གནས་སྟངས་ཧ་ཅང་ཚད་མཐོ་པོར་སླེབས་པ་གསལ་སྟོན་བྱས་ཡོད་པ་དེ་རེད།  གལ་ཏེ་རྒྱ་མི་ཁྲི་གཅིག་ (༡༠༠༠༠) གམ་རྒྱ་གར་བ་སྟོང་ཕྲག་དགུ་ (༩༠༠༠) ཙམ་གྱིས་ཆབ་སྲིད་གནད་དོན་ཞིག་གི་ཆེད་རང་ལུས་མེར་བསྲེགས་དང་།  གཞན་ཡང་། གལ་སྲིད་ཨ་རིའི་མི་སེར་ཉིས་སྟོང་ལྔ་བརྒྱ་ (༢༥༠༠) འམ་དབྱིན་བ་ལྔ་བརྒྱ་ (༥༠༠) ཙམ་གྱིས་སོ་སོའི་རྒྱལ་ཁབ་ཀྱི་གདུག་སྤྱོད་ཐོག་རང་ལུས་མེར་བསྲེགས་བཏང་ཡོད་ཚེ། རྒྱལ་ཁབ་གཞན་ཚོས་རྣམ་འགྱུར་ཅི་འདྲ་ཞིག་སྟོན་སྲིད་དམ་སྙམ་པའི་མནོ་བསམ་འཁོར་ཡོད་ངེས་རེད། ངས་རེའུ་མིག་ནང་ཊུའུ་ནེ་ཤི་ཡ་བཀོད་ནས་བོད་ནང་གནར་སྤྱོད་ཀྱི་གནས་སྟངས་ནི་ཊུའུ་ནེ་ཤི་ཡའི་ནང་བྱུང་པ་ལས་མངོན་གསལ་དོད་པོས་ཛ་དྲག་ཆེ་བ་ཡོད་པ་བསྟན་ཡོད།  འདིར་ངས་མོཧམདྷ་བྷོཨཛེཛེ་(Mohamed Bouazizi) ཡི་དཔའ་ངར་དང་། ཊུའུ་ནེ་ཤི་ཡའི་མི་རིགས་ཀྱི་ཡུན་རིང་མྱངས་པའི་དཀའ་སྡུག་ཇེ་ཆུང་དུ་གཏོང་འདོད་ཀྱི་ཀུན་སློང་གང་ཡང་མེད། བོད་མི་རང་ལུས་མེར་བསྲེགས་ཀྱི་འཕེལ་ཚད་ལ་གཞིག་ན་ཊུའུ་ནེ་ཤི་ཡ་ནང་རང་ལུས་མེར་བསྲེགས་གྲངས་ཚད་ ༨༠ ཆགས་དགོས་ཀྱི་ཡོད།
 
འདིས་བོད་ནང་གནས་སྟངས་ཧ་ཅང་ཛ་དྲག་ཡིན་པ་མངོན་གསལ་སྟོན་གྱི་ཡོད་པ་རེད། འོན་ཀྱང་། རྒྱ་གཞུང་གི་སྲིད་བྱུས་ནི་བོད་ནང་གི་དོན་རྐྱེན་གྱི་བྱུང་རྐྱེན་ཆགས་ཀྱི་ཡོད་ནའང་པེ་ཅིན་གྱིས་ད་དུང་ཡང་ངོས་ལེན་བྱེད་ཀྱི་མེད།  དེ་ལས་ལྡོག་ཏེ་པེ་ཅིན་གྱིས་མུ་མཐུད་ནས་རྒྱུ་མཚན་གང་ཡང་མེད་པར་‘ཏཱ་ལའི་རུ་ཚོགས་’ཞེས་མ་ཉེས་ཁག་གཡོགས་ཀྱི་བྱེད་སྟངས་ནི། གདུག་རྩུབ་སྲིད་བྱུས་གཅིག་ཐོག་གཉིས་བརྩེགས་ཀྱིས་ཡ་ང་བའི་གནས་སྟངས་ཀྱི་བྱུང་རྐྱེན་ལ་ཕར་བསྣོན་བྱེད་པ་རང་རེད། ཕྱོགས་མཚུངས་རྒྱལ་ཁབ་གཞན་ཚོས་ཀྱང་དཔལ་འབྱོར་ཐད་མཇུག་འབྲས་ངན་པ་བྱུང་སྲིད་པའི་ཞེ་སྣང་དང་རེ་དོགས་ཀྱིས། མིག་གཉིས་ཞར་བ་དང་མགོ་བོ་སྒུར་ནས་སྡོད་པའི་སྤྱོད་ཚུལ་མུ་མཐུད་ནས་སྟོན་བཞིན་ཡོད།
 
པེ་ཅིན་གྱི་སྲིད་བྱུས་ལ་འཕོ་འགྱུར་འབྱུང་སྲིད་པའི་རེ་བ་ཡོད་དམ།  ང་ལ་ཡིད་ཆེས་མེད། བོད་ནང་ཚེ་སྲོག་ཤོར་བའི་ཚད་ཇེ་མཐོ་དང་ཇེ་སྡུག་ཏུ་འགྲོ་ངེས་རེད། གལ་ཏེ་པེ་ཅིན་གྱིས་སྲིད་བྱུས་ལ་འགྱུར་བཅོས་མ་བཏང་བར་ཇི་ལྟར་བྱས་ནས་རང་ལུས་མེར་བསྲེགས་མཚམས་འཇོག་བྱེད་སྲིད་དམ། རེའུ་མིག་ ༢ པ་འདི་ལོ་གཅིག་གི་དུས་ཡུན་རྗེས་སུ་ཇི་འདྲ་ཞིག་ཏུ་འགྱུར་སྲིད་དམ། 
 
 སྒྱུར་པ་བོའི་མཆན།
 
རྩོམ་ཡིག་འདི་ནི་རྩོམ་པ་པོ་པེ་ཊར་གྷེལ་མོར་གྱིས་ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༦ ཉིན་ཕ་ཡུལ་དྲ་རྒྱར་(མ་རྩོམ་)སྤེལ། ཁོང་ནི་བོད་གནས་ཉམས་ཞིབ་པ་དང་ཡུན་རིང་ནས་བོད་མིའི་ཆེད་དཔལ་འབྱོར་མཁོ་སྒྲུབ་ཀྱི་ཕྱག་ལས་གནང་མཁན་ཞིག་རེད།          

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༢༠ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese