མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བདེན་པའི་མེ་ལྕེ་རྒྱལ་ཁབ་ ༣༠ ནང་སྐོར་སྐྱོད་མགོ་འཛུགས་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༢/༠༨/༢༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བདེན་པའི་མེ་ལྕེ་སྐོར་སྐྱོད་ཚོཊ་ཆུང་གིས་གསལ་བསྒྲཊ་སྤེལ་ཏེ། ད་བར་རྒྱ་གར་ས་གནས་ཁག་ ༤༨ ནང་མེ་ལྕེ་སྐོར་སྐྱོད་ཟིན་པ་དང་། ཕྱི་ཟླ་ ༩ ཚེས་ ༢ ཉིན་མགོ་འཛུགས་ཀྱིས་བྱང་ཨ་རི་དང་ཡུ་རོབ། ཨ་ཧྥི་རི་ཁ། ཨོ་སི་ཊོ་ལི་ཡ། ལྷོ་ཤར་ཨེ་ཤ་ཡ་སོཊ་རྒྱལ་ཁབ་ ༣༠ ནང་སྐོར་སྐྱོད་བྱ་རྒྱུ་ཡིན་ཟེར།   

དེ་རིང་ཕྱི་ཚེས་ ༢༢ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་གངས་སྐྱིོད་ལྷག་པ་ཚེ་རིང་ཚོགས་ཁང་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བདེན་པའི་མེ་ལྕེ་སྐོར་སྐྱོད་ཚོཊ་ཆུང་གིས། བདེན་པའི་མེ་ལྕེ་སྐོར་སྐྱོད་ཐད་གསར་འགོད་གསལ་བསྒྲཊ་ཤིག་སྤེལ་ཏེ། སྤྱི་འཐུས་ཀྱིས་སྣེ་འཁྲིད་པའི་བདེན་པའི་མེ་ལྕེ་སྐོར་སྐྱོད་དེ། ད་ལོའི་༸གོང་ས་མཆོག་གི་འཁྲུངས་སྐར་ཉིན་མགོ་འཛུཊ་ཀྱིས་ད་བར་རྒྱ་གར་གྲོང་ཁྱེར་དང་ས་གནས་ཁག་ ༤༨ ཙམ་ནང་སྐོར་སྐྱོད་གནང་ཟིན་ཡོད་ལུཊ་དང་། འབྱུང་འགྱུར་ཕྱི་ཟླ་ ༩ པའི་ཚེས་ ༢ ཉིན་ཏེ་བོད་མིའི་དམངས་གཙོའི་དུས་ཆེན་དང་སྟབས་བསྟུན། བྱང་ཨ་རི་དང་ཡུ་རོབ་སོཊ་སའི་གོ་ལའི་གླིང་ཕྲན་ ༥ ཡི་ནང་ཡོད་པའི་རྒྱལ་ཁབ་ ༣༠ ནང་སྐོར་སྐྱོད་མགོ་འཛུཊ་བྱ་རྒྱུ་ཡིན་ཚུལ་བརྗོད་བྱུང་།  

གསར་འགོད་ལྷན་ཚོཊ་ཐོག་བདེན་པའི་མེ་ལྕེ་སྐོར་སྐྱོད་ཚོཊ་ཆུང་ཚོགས་གཙོ་སྤྱི་འཐུས་པདྨ་འབྱུང་གནས་དང་ཕྱག་རོགས་ཀརྨ་ཡེ་ཤེས། དགེ་བཤེས་སྨོན་ལམ་མཐར་ཕྱིན་བཅས་ཀྱིས། རྒྱ་གཞུང་གིས་བོད་ཀྱི་སྣོད་བཅུད་ཡོངས་ལ་བཙན་འཛུལ་བྱས་ཏེ་ཁྱོན་མི་ལོ་ ༦༠ ཙམ་ཕྱིན་པའི་རིང་། རྒྱ་གཞུང་གི་བོད་ཐོག་འཛིན་པའི་མཁྲེཊ་འཛིན་སྲིད་བྱུས་ལ་འགྱུར་བ་གང་ཡང་མེད་པར། བོད་ནང་གི་བོད་མི་རྣམས་དམར་གསོད་དང་བཙོན་འཇུག གཅར་རྡུང་དང་སུན་བཙིར་སོཊ་བྱས་ཏེ་སྡུག་སྦྱོང་མནར་གཅོད་ཚད་མེད་གཏོང་བཞིན་ཡོད་ཚུལ་དང་། བོད་ནང་གི་བོད་མི་ཚོས་སོ་སོའི་ཕ་མེས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་སྲུང་སྐྱོབ་བྱ་ཆེད། རྒྱ་གཞུང་གི་དྲག་གནོན་ཇི་ལྟར་བྱས་མིན་ལ་མ་ལྟོས་པར་བདེན་པའི་འཐབ་རྩོད་གནང་བཞིན་ཡོད་སྐོར། ལྷག་པར་དུ་ ༢༠༠༨ ལོ་ནས་རྒྱ་གཞུང་གིས་བོད་ཆོལ་ཁ་གསུམ་གྱི་བོད་མི་རྣམས་གང་བྱུང་དམར་གསོད་བཙོན་འཇུག་སྣ་ཚོཊ་བྱས་པ་དེས། བོད་ནང་གི་གནས་སྟངས་སྔར་ལས་ཛ་དྲག་ཅན་ཏུ་གྱུར་ཡོད་སྟབས། བོད་ནང་གི་བོད་མི་ཚོས་འུ་ཐུག་ཐབས་ཟད་ཐོག་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་དང་། རྒྱལ་སྤྱིའི་སྟེང་བོད་མིར་རྒྱབ་སྐྱོར་ཡོང་བའི་འབོད་སྒྲ་བསྒྲཊ་ཡོད་ཚུལ་སོཊ་ངོ་སྤྲོད་གནང་སོང་།  

གསལ་བསྒྲགས་དེའི་ནང་འཁོད་དོན། “སྤྱི་འཐུས་ཀྱིས་སྣེ་འཁྲིད་པའི་བདེན་པའི་མེ་ལྩེ་སྐོར་སྐྱོད་དེ། ༢༠༠༡༢ ལོའི་ཟླ་ ༧ ཚེས་ ༦ ཉིན་ཏེ་༸གོང་ས་མཆོག་གི་འཁྲུངས་སྐར་ཉིན་ཐོག་མར་མགོི་འཛུཊ་ཀྱིས། ད་བར་དུས་ཡུན་ཟླ་གཅིག་རིང་རྒྱ་གར་མངའ་སྡེ་ ༡༡ དང་ས་གནས་ཁག་ ༤༨ ཙམ་ནང་སྐོར་སྐྱོད་བྱས་ཡོད་ཅིང་། སྐོར་སྐྱོད་སྐབས་རྒྱ་གར་མང་ཚོཊ་དང་ས་གནས་བོད་མི་ཚོས་མཉམ་ཞུཊ་གང་ལེཊ་གནང་བར་བསྔཊ་བརྗོད་ཡོད། ཕྱི་ཟླ་ ༩ ཚེས་ ༢ ཉིན་ཏེ་བོད་མིའི་དམངས་གཙོའི་ཉིན་མོར་བདེན་པའི་མེ་ལྕེ་དེ། བྱང་ཨ་རི་དང་ཡུ་རོབ། ཨ་ཧྥི་རི་ཁ། ལྷོ་ཤར་ཨེ་ཤ་ཡ། ཨོ་སི་ཊོ་ལི་ཡ་སོཊ་སའི་གོ་ལའི་གླིང་ཕྲན་ ༥ ཡི་རྒྱལ་ཁབ་ ༣༠ ལྷག་གི་ནང་སྐོར་སྐྱོད་མགོ་འཛུཊ་བྱ་རྒྱུ་དང་། ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་ལས་འགུལ་དེ་ཡོངས་སུ་མཇུག་བསྒྲིལ་ཏེ་སྙན་ཞུ་ཨ་རིའི་ནེའུ་ཡོག་རྒྱལ་ཚོཊ་ལས་ཁུངས་དང་། སིད་སུ་འཇི་ནེ་ཝར་རྒྱལ་ཚོཊ་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོཊ། རྒྱ་གར་ནང་རྟེན་གཞི་བྱས་པའི་རྒྱལ་ཚོཊ་ཡན་ལག་སོ་སོར་སྤྱན་འབུལ་ཞུ་རྒྱུ་ཡིན་”ཞེས་འཁོད་འདུག

གསར་འགོད་པས་མེ་ལྕེ་སྐོར་སྐྱོད་ཚོཊ་ཆུང་གི་ཚོཊ་གཙོ་སྤྱི་འཐུས་པདྨ་འབྱུང་གནས་ལཊ་སུ། བདེན་པའི་མེ་ལྕེ་སྐོར་སྐྱོད་ཀྱིས་བོད་ནང་མེར་བསྲེཊ་གཏོང་བཞིན་པར་ཤུཊ་རྐྱེན་ཐེབས་ཀྱི་ཡོད་མེད་སྐོར་དྲིས་པར། “ཁ་ཤས་ཀྱིས་བདེན་པའི་མེ་ལྕེ་སྐོར་སྐྱོད་ལས་འགུལ་དེས་བོད་ནང་རང་ལུས་མེར་བསྲེཊ་ཐོག་བརྒྱུད་སྐུལ་བྱེད་ཀྱི་འདུག་ཟེར་མཁན་བྱུང་ཡོད་པ་རེད། ང་ཚོར་དེ་འདྲའི་བསམ་བློ་རྩ་བ་ནས་ཡོད་པ་མ་རེད། བོད་ནང་རང་ལུས་མེར་བསྲེགས་གཏོང་བཞིན་པ་དེ་ཧ་ཅང་བློ་ཕམ་སྐྱེས་དགོས་པ་ཞིག་རེད། ཡིན་ནའང་། ཁོ་ཚོའི་མེར་བསྲེཊ་བཏང་བཞག་པ་དེ་གོ་རྒྱུ་ཚོར་རྒྱུ་མེད་པ་ཞིག་ཆཊ་ན་ཏག་ཏག་བསྡད་ཡོད་པ་མ་རེད། ང་ཚོ་བཙན་བྱོལ་ནང་སྡོད་མཁན་ཚོའི་ལས་འགན་གཙོ་བོ། ཁོང་ཚོས་གང་གནང་བ་དེ་འཛམ་གླིང་སྤྱི་ལ་ཤེས་ཐུབ་པ་ཞིག་བཟོ་རྒྱུ་དེ་རེད། ལྷག་པར་དུ་གནས་སྟངས་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཤེས་དགོས་པ་བཟོ་རྒྱུ་དེ་ང་ཚོའི་ལས་འགན་ཆཊ་ཡོད། ང་ཚོས་ལུས་ལ་མེ་སྦར་དགོས་པ་རེད་ཟེར་གྱི་ཡོད་པ་མ་རེད། ད་ལྟ་བོད་ནང་ནག་ཁུང་དང་མུན་པ་ལྟ་བུ་ཆཊ་ཡོད། མུན་པ་དེ་མེད་པ་བཟོ་ན་བདེན་པ་ལ་རྒྱབ་སྐྱོར་དགོིས་པ་རེད། རྒྱབ་སྐྱོར་བྱེད་མཁན་གཙོ་བོ་རྒྱལ་སྤྱིའི་མང་ཚོཊ་ཆཊ་ཡོད། མང་ཚོཊ་ཀྱི་རྒྱབ་སྐྱོད་ཡོད་པ་དེ་ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་ལ་སྟོན་དགོས་ཀྱི་ཡོད་པ་རེད་”ཅེས་བརྗོད།

བདེན་པའི་མེ་ལྕེ་ཡི་མཚོན་དོན་ག་རེ་ཡིན་མིན་སྐོར་དྲིས་སྐབས་ཁོང་གིས་བརྗོད་དོན། “བོད་ནང་གི་མཁྲེཊ་འཛིན་སྲིད་བྱུས་དེའི་འོག་བོད་མི་རྣམས་མུན་ནག་ལྟ་བུ་ཞིག་ཆཊ་ཡོད། མུན་ནག་ལྟ་བུ་ཆཊ་ཡོད་པ་དེར་མེ་ལྕེ་ཞིག་སྦར་དགོས་ཀྱི་ཡོད་པ་རེད། མེ་ལྕེ་སྦར་ས་དེ་མཉམ་འབྲེལ་རྒྱལ་ཚོཊ་ཆཊ་ཡོད་པ་རེད། མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་ཐོག་བདེན་པའི་འཐབ་རྩོད་དང་། གྲངས་ཉུང་མི་རིཊ་དང་ཉམ་ཆུང་ལ་རོཊ་སྐྱོར་བྱེད་མཁན་ཡིན་ན། ད་ལྟ་ལངས་དགོས་རྒྱུའི་དུས་ལ་བབ་ཡོད་པ་རེད། ང་ཚོའི་ཞུ་འབོད་བྱེད་སའི་གཞི་རྩ་དེ་མཉམ་འབྲེལ་རྒྱལ་ཚོགས་ཆཊ་ཡོད། ད་བར་ང་ཚོས་རྒྱ་གར་ས་གནས་ ༤༨ ཙམ་གྱི་ནང་སྐོར་སྐྱོད་བྱེད་སྐབས། རྒྱ་གར་ཆབ་སྲིད་མི་སྣ་དང་གྲཊ་ཅན་མི་སྣ་མང་པོ་ཞིག་གིས་མཉམ་རུབ་གནང་གི་འདུག་ལ། ས་གནས་བོད་པ་ཚོས་ཀྱང་གང་ཐུབ་ཀྱིས་རྒྱབ་སྐྱོར་གནང་སོང་། དེ་བཞིན་མེ་ལྕེ་དེ་རཱ་ཤི་ཡའི་ནང་ལའང་མགོ་འཛུཊ་གནང་ཡོད་པ་རེད། ད་ལྟའི་གནས་སྟངས་ལ་བལྟས་ན་ང་ཚོའི་ལས་འགུལ་དེར་གྲུབ་འབྲས་ཡག་པོ་ཞིག་ཡོང་བའི་རེ་བ་འདུག”ཅེས་བརྗོད་སོང་།

བོད་མིོ་མང་སྤྱི་འཐུས་ལྷན་ཚོཊ་ཀྱི་བདེན་པའི་མེ་ལྕེ་སྐོར་སྐྱོད་ཀྱི་དགོས་འདུན་ཁག་ནི། གཅིག ཕྱི་ལོ་ ༡༩༥༩ དང་ ༡༩༦༡།  ༡༩༦༥ ལོ་བཅས་སུ། མཉམ་འབྲེལ་རྒྱལ་ཚོཊ་ཀྱིས་བོད་དོན་ཐོག་བཞག་པའི་གྲོས་ཆོད་ཁག་སླར་ཡང་རྒྱལ་ཚོཊ་ནང་གླེང་སློང་དང་ལག་ལེན་བསྟར་རྒྱུ། གཉིས། བོད་ནང་གི་ཛ་དྲག་གནས་སྟངས་ལ་རྟོག་ཞིབ་ཡོང་ཆེད། རང་དབང་ཅན་གྱི་རྒྱལ་སྤྱིའི་སྐུ་ཚབ་ཁག་ཅིག་བོད་ནང་འཕྲལ་གཏོང་དགོས་རྒྱུ། གསུམ། བོད་ནང་གི་བོད་མིའི་མངོན་འདོད་བསྒྲུབ་ཆེད་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དམིཊ་བསལ་འགན་འཁུར་ལེན་རྒྱུ་བཅས་ཡིན་འདུག 

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༩ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༡༠ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese