མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ནང་ཁུལ་འཁྲུག་ཟིང་བསླེབ་ཉེན།

བོད་ཀྱི་དུས་བབ།
༢༠༡༢/༠༨/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་རྒྱ་ནག་ནང་སྒྲོག་གིན་པའི་ “ཚོགས་ཆེན་ ༡༨ སྲུང་སྐྱོབ” ཀྱི་འབོད་ཚིག་དེ་ནི།  གཅིག་གྱུར་གྱི་ནང་མོལ་མ་བྱུང་བར་ནང་ཁུལ་འཐབ་རྩོད་ཆེ་རུ་ཕྱིན་པར་ངོས་འཛིན་བྱ་བཞིན་འདུག

ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་གྱི་དགོང་མོ་རྒྱ་ནག་ཧྲན་ཞི་ཞིང་ཆེན་ཐའེ་ཡོན་གྲོང་ཁྱེར་སྤྱི་བདེ་ཁང་གིས། ༼ཞིང་ཆེན་གྲོང་ཁྱེར་བདེ་སྲུང་མཉམ་འབྲེལ་སྐོར་ཞིབ་མགོ་འཛུགས་མཛད་སྒོ༽བསྡུས་ཏེ། ས་གནས་གྲོང་ཁྱེར་དྲག་ཆས་ཉེན་རྟོག་རུ་ཁག་དང་།  སྐོར་ཞིབ་རུ་ཁག དམིགས་བསལ་ཉེན་རྟོག་རུ་ཁག སྲང་ལམ་དོ་དམ་རུ་ཁག  ཉེན་རྟོག་སྡེ་ཁག་སོ་སོ་དང་མངག་གཏོང་ཁང་སོགས་རུ་ཁག་ ༡༠༣ མཉམ་འབྲེལ་གྱི་སྒོ་ནས། སྐབས་ ༡༨ པའི་དམར་ཤོག་ཚོགས་ཆེན་སྲུང་སྐྱོབ་ཀྱི་འབོད་ཚིག་འོག གྲོང་ཁྱེར་ས་ཁུལ་ཡོངས་ལ་ཕྱི་ནང་གསང་གསུམ་གྱི་ཐོག་ནས་ཉེན་ཟོན་སྐོར་ཞིབ་ལས་གཞི་མགོ་འཛུགས་བྱས་ཡོད་འདུག 

རྒྱ་གཞུང་དམར་ཤོག་ཚོགས་ཆེན་ ༡༨ སླེབས་ལ་ཉེ་བའི་སྐབས་དང་བསྟུན་ནས། རྒྱ་ནག་ནང་ “ཚོགས་ཆེན་ ༡༨ སྲུང་སྐྱོབ” ཅེས་པའི་འབོད་ཚིག་ཅིག་བསྒྲགས་ཡོད་པ་ལྟར། རྒྱ་ནག་ཉམས་ཞིབ་པ་མང་པོ་ཞིག་གིས་དེ་ནི། མུ་མཐུད་ཚོགས་འདུ་དུས་འགྱངས་བྱས་ཚེ་ནང་ཁུལ་འཁྲུག་ཟིང་གི་ཉེན་ཁ་སྔར་ལས་ཆེ་རུ་འགྲོ་བཞིན་ཡོད་སྟབས། ཉེ་ཆར་པའེ་ཏའེ་ཧུ་རུ་བྲེལ་འཚབ་ཀྱིས་ནང་མོལ་ཀྱི་ཐག་གཅོད་བྱ་ཁུལ་བྱས་ཀྱང་། དོན་གྱིས་གཅིག་གྱུར་གྱི་མོས་མཐུན་བྱུང་མ་ཐུབ་པར་བརྟེན། ནང་མོལ་ཐག་གཅོད་དེ་གཞིར་བཟུང་འགྲོ་ཐུབ་རྒྱུར་ཕན་ཚུན་ཡིད་ཆེས་བརླག་ཏེ། དམར་ཤོག་དཔོན་རིགས་ནང་ཁུལ་གྱི་འཐབ་རྩོད་འགལ་ཟླ་ཛ་དྲག་ཏུ་འགྱུར་བཞིན་པའི་རྣམ་པ་ཕྱིར་མངོན་པར་ངོས་འཛིན་གནང་གི་ཡོད་འདུག  

“ཚོགས་ཆེན་ ༡༨ སྲུང་སྐྱོབ་” ཀྱི་འབོད་ཚིག་དེ་ནི། འདི་ལོའི་ཕྱི་ཟླ་ ༦ ནང་རྒྱ་ནག་རྒྱལ་ཡོངས་ཉེན་རྟོག་སྡེ་ཁག་གི་དཔོན་རིགས་ཀྱི་ཚོགས་འདུའི་སྟེང་། རྒྱ་གཞུང་ཉེན་རྟོག་སྡེ་ཁག་གི་མགོ་གཙོ་མཱིན་ཅན་ཀྲུའུ་ཡིས་ཐོག་མར་བསྒྲགས་པ་མ་ཟད། ཅཱང་དང་ཀྲིག་ཤོག་ཁག་གི་དབང་ཤུགས་རྐང་ཚུགས་སའི་རྒྱ་གཞུང་ཁྲིམས་སྲིད་སྡེ་ཁག་གི་ཁྱབ་ཁོངས། རྒྱ་ནག་རྒྱལ་ཡོངས་ས་གནས་ཉེན་རྟོག་སྡེ་ཁག་དང་མངག་གཏོང་ཁང་སོ་སོར་འགྲེམས་སྤེལ་དྲིལ་བསྒྲགས་བྱས་ཡོད་པ་རེད།

དེའི་ཐད། རྒྱ་རིགས་རྩོམ་པ་པོ་དང་དཔལ་འབྱོར་རིག་པ་བ་ལྕམ་ཧི་ཆིན་ལིན་གྱིས། དེ་སྔོན་རིག་གསར་སྐབས། “དབུས་དམར་ཤོག་སྲུང་སྐྱོབ” དང་ “མའོ་ཙེ་ཏུང་སྲུང་སྐྱོབ” ཀྱི་འབོད་ཚིག་བསྒྲགས་ཡོད་ལ། སྐབས་དེར་དམར་ཤོག་ནང་ཁུལ་སྤྱི་ཚོགས་ལམ་ཕྱོགས་ཐད་འཐབ་རྩོད་བྱུང་སྟེ། མའོ་ལ་ཁ་གཏད་ལངས་མཁན་ཤུགས་ཆེན་པོ་བྱུང་སྟབས། མའོ་ཡིས་དམར་སྲུང་དམག་གི་དཔུང་ཁག་བཙུགས་ཏེ་རིག་གསར་འཐབ་རྩོད་བསླངས་ཡོད། ཉེ་ཆར་ “ ཚོགས་ཆེན་ ༡༨ སྲུང་སྐྱོབ” ཀྱི་འབོད་ཚིག་བསྒྲགས་པ་དེ་ནི། དེང་སྐབས་རྒྱ་དམར་མཐོ་རིམ་དཔོན་རིགས་ནང་ཁུལ་སླར་ཡང་དེ་མཚུངས་ཀྱི་ཛ་དྲག་འགལ་ཟླ་ཞིག་སླེབས་ཡོད་པས་རེད། གཞན་དེ་ལྟའི་འབོད་ཚིག་ཅིག་ཡོང་སྟངས་མེད་པའི་སྐོར་བརྗོད་འདུག 

གསར་འགོད་པ། ཚེ་རིང་རྒྱལ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist