མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་གཉིས་ཀྱིས་རང་ལུས་མེར་བསྲེཊ།

བོད་ཀྱི་དུས་བབ།
༢༠༡༢/༠༨/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་སླར་ཡང་རྔ་པ་རྫོང་ཐོག་ཏུ་གྲྭ་པ་ཞིག་དང་མི་སྐྱ་ཞིག་གིས་དུས་གཅིག་ཏུ་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་གྲོངས་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༧ ཉིན་གྱི་བོད་ནང་གི་ཞོགས་པའི་ཆུ་ཚོད་ ༨།༣༠ ཙམ་ལ་བོད་མདོ་སྨད་རྔ་པ་རྫོང་མཁར་དུ་ཡོད་པའི་ཀིརྟི་དགོན་པའི་ཤར་ཕྱོགས་ཀྱི་སྒོ་ཆེན་འགྲམ་ནས་རྔ་པ་ཀིརྟི་དགོན་པའི་རང་ལོ་ ༡༨ ཡིན་པའི་གྲྭ་བློ་བཟང་སྐལ་བཟང་། རྔ་པ་རྫོང་གཅའ་ཞང་རྭ་རུ་བའི་ཚེ་པོ་ཚང་གི་རང་ལོ་ ༡༧ ཡིན་པའི་བུ་(མི་སྐྱ་)དམ་ཆོས་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་མི་རིགས་རྩ་མེད་དུ་གཏོང་རྒྱུའི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་གནང་ཡོད་འདུག

སྐབས་དེར་ཐག་རིང་ཙམ་ནས་མཐོང་འདུག་པར་ཁོང་གཉིས་གོམ་པ་ ༢༠ ཙམ་ལ་མེ་འབར་བཞིན་དུ་རྒྱུག་ཡོད་པ་དང་། མཐར་ཐང་ལ་འགྱེལ་ཡོད་འདུག མེ་ལྕེའི་དབུས་ནས་ཀི་སྒྲ་ཙམ་ནས་འབོད་ཚིག་ག་རེ་བསྒྲགས་ཡོད་མེད་གསལ་པོ་ཤེས་རྟོགས་མ་ཐུབ། དེ་རྗེས་ཉེན་རྟོག་པ་སོགས་སླེབས་ཏེ་ཁོང་གཉིས་ལུས་ཀྱི་མེ་བསད་ནས་རྔ་པའི་སྨན་ཁང་དུ་ཅུང་ཙམ་རིང་བཞག་རྗེས་འབར་ཁམས་ལ་ཁྲིད་ཡོད་འདུག

དགོང་མོ་ཤེས་རྟོགས་བྱུང་བར་ཁོང་གཉིས་ཀ་འདས་གྲོངས་སུ་གྱུར་ཡོད་པ་དང་། ཁོང་གཉིས་ཀྱི་སྐུ་ཕུང་འབར་ཁམས་ལ་ཁྱེར་ཡོད་ཅིང་ནང་མིར་སྤྲད་ཡོད་མེད་ཤེས་རྟོགས་མ་ཐུབ།

གནས་ཚུལ་དེ་བྱུང་རྗེས་གྲྭ་བློ་བཟང་སྐལ་བཟང་ལགས་ཀྱི་ཤག་གཅིག་པ་གྲྭ་བློ་བཟང་དཔལ་ལྡན་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག བློ་བཟང་སྐལ་བཟང་གི་ཕ་མིང་ལ་ཚེ་ཁོ་རྡོ་རྗེ་དང་། མ་མིང་སངས་རྒྱས་སྒྲོན། སྤུན་ཆེ་བ་ཚེ་ཁོ་བཀྲ་ཤིས་བཅས་ནང་མི་གསུམ་ཡོད་འདུག

གཅའ་ཞང་རྭ་རུ་བའི་ཚེ་པོ་ཚང་གི་དམ་ཆོས་ཀྱི་ཕ་མིང་ལ་མདོ་ཤིས་བློ་བྷེ་དང་། མ་མིང་ལ་ཚེ་པོ་ཡིན་ཞིང་ཕ་མ་གཉིས་ཁ་ཁ་བྱས་ཏེ་ཁོང་ཨ་མ་དང་མཉམ་དུ་ཡོད་ཅིང་། ཤུལ་དུ་ཨ་མ་གཅིག་པུ་ལས་ནང་མི་གཞན་མེད། ཁོང་ནི་གྲྭ་བློ་བཟང་སྐལ་བཟང་གི་ཚ་བོ་དང་། འདི་ལོའི་ཕྱི་ཟླ་ ༢ ཚེས་ ༡༡ ཉིན་རྔ་པའི་མ་མའི་བཙུན་དགོན་ནས་རང་ལུས་མེར་སྲེག་གིས་འདས་གྲོངས་སུ་གྱུར་པའི་རྒྱལ་གཅེས་དཔའ་མོ་བཙུན་མ་བསྟན་འཛིན་ཆོས་སྒྲོན་གྱི་ཕ་མ་གཅིག་པའི་སྤུན་ཆུང་བ་ཡིན་ཞིང་། བསྟན་འཛིན་ཆོས་སྒྲོན་ཨ་ཕའི་ཁྱིམ་དུ་ཡོད་སྟབས་མིང་སྲིང་གཉིས་ཁྱིམ་ཁ་ཁ་བྱས་ནས་ཡོད། ཁོང་དེ་སྔོན་རྔ་པ་ཀིརྟི་དགོན་པར་གྲྭ་པ་བྱས་ཤིང་རྗེས་སུ་སྐྱ་སར་བབ་ནས་ཨ་མ་དང་མཉམ་དུ་འབྲོག་ལས་བྱས་ནས་བསྡད་ཡོད་འདུག

འབྲོག་སྡེ་རྭ་རུ་བ་ནི་རྔ་པ་རྫོང་མཁར་གྱི་ཤར་ཕྱོགས་སུ་སྤྱི་ལེ་ ༧༠ ཙམ་གྱི་སར་ཡོད་ལ། ཕྱི་ལོ་ ༡༩༥༩ ལོའི་ཡར་སྔོན་དུ་རྨེའུ་རུ་གཤོག་ཀ་བདུན་གྱི་ནང་ཚན་གྱི་གཤོག་ཀ་གཅིག་ཡིན་མོད། རྗེ་སུ་རྒྱ་གཞུང་གིས་བཅད་བཟུང་བྱས་རྗེས་གཅའ་ཞང་ཟེར་བའི་ཁོངས་སུ་བསྡུས་ཡོད་པའི་འབྲོག་སྡེ་ཞིག་ཡིན་འདུག

གནས་ཚུལ་གཏོང་མཁན། གྲྭ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༡༧ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

མཆན། 11

  1. lobsang says:
    ལོ་ 14 སྔོན།

    བོད་བསྟན་པ་ཆབ་སྲིད་དང་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་གནང་མཁན་གྱི་ཆོལ་ཁ་གསུམ་གྱི་རྒྱལ་གཅེས་དཔའ་པོ་དཔའ་མོ་རྣམས་ལ་སྙིང་ཐག་པ་ནས་གུས་འདུད་ཞུ་རྒྱུ་དང། ཁྱེད་རྣམས་ཀྱི་ཆེད་དུ་སྨོན་ལམ་གང་ཤེས་བྱེད། དེ་ནས་མཚམས་འདི་ནས་ཞུ་རྒྱུ་ཞིག་ལ་བཙན་བྱོལ་སྒྲིག་འཛུགས་ཀྱིས་གྲངས་ཀ་ཙམ་བརྒྱབ་ནས་བསྡད་མ་འདུག་པར་རབ་ན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་བླ་ཆེན་ཁག་མཉམ་འཛོམ་ཐོག་མཆོད་འབུལ་རྒྱས་པ་ཞིག་འཚོགས་རྒྱུ་གལ་ཆེ་སྙམ། དེ་མ་བྱུང་ན་ཆོལ་ཁ་གང་ནས་རང་སྲོག་བློས་གཏོང་གནང་མཁན་བྱུང་ན་དེ་དང་འབྲེལ་ཡོད་ཀྱི་བླ་ཆེན་ཁག་གདན་ཞུས་ཀྱིས་སྨོན་ལམ་འཚོགས་རྒྱུ་ལས་ལམ་ལུགས་སྲོལ་ཞིག་ལ་བརྩིས་ནས་འཚོགས་བསྡད་ན་དེ་ཙམ་གྱིས་འདས་གྲོངས་སོང་མཁན་གྱི་ནང་མི་ཚོས་སེམས་ཁ་གང་གི་མེད་ཚོད་རེད།

    Reply
  2. རྐྱང་ཕྲུག རང་དབང་དང་དྲང་བདེན་ལ་ད says:
    ལོ་ 14 སྔོན།

    རྒྱལ་གཅེས་དཔའ་བོ་རྣམ་གཉིས་ལ་མྱ་ངན་དང་གུས་འདུད་གྲངས་མེད་ཞུ། བོད་ཕྱི་ནང་གང་སར་གནས་པའི་བོད་རིགས་གཞོན་སྐྱེས་རྣམས་ཀྱིས་རྒྱལ་གཅེས་པ་ཁོང་ཚོའི་བླ་ན་མེད་པའི་སྙིང་སྟོབས་དང་། རང་གི་མི་རིགས་ལ་བཅངས་པའི་བརྩེ་སེམས་སོགས་ཡིད་ནས་མ་བརྗེད་པར་མ་འོངས་གངས་ལྗོངས་གསར་བསྐྲུན་གྱི་དམིགས་འདུན་ཡིད་ལ་བཅངས་ནས་རང་ཡུལ་དགྲ་ལག་ནས་ཚུར་ལེན་པའི་ཐབས་ལ་སྒོ་ཀུན་ནས་འབད་པར་འཚལ།

    Reply
  3. ཤིག། says:
    ལོ་ 14 སྔོན།

    མི་རིགས་རྩ་ཆེན
    སྐད་ཡིག་རྩ་ཆེན།
    རང་དབང་རྩ་ཆེན།
    ཡིན་ཡང།་
    ཚེ་སྲོག་ནི་རྩ་ཆེན་རྣམས་ཀྱི་སྲོག་སྐྱོབས་དེ་ཡིན་པའི་
    སྤུན་ཟླ་ཚོས།
    རང་ལུས་སྲེག་པ་མ་གནང།་
    ཨོ་མ་ནི་པདྨ་ཧུྃ།

    Reply
  4. བློ་བཟང་ཕུན་ཚོགས། says:
    ལོ་ 14 སྔོན།

    བོད་མི་རིགས་ཀྱི་དཔའ་བོ་དཔའ་མོ་ཀུན་ལ་སེམས་གཏིང་ནས་གུས་འདུན་ཡོད་ལ། ལྷག་པར་ཏུ་ཀིརྟི་དཔའ་བོའི་ལུང་བའི་མི་རྣམས་ལ་གུས་འདུན་ཡོད། ཁྱེད་རྣམས་བོད་མི་རིགས་ཀྱི་ཆེད་དུ་ཡོད་ཚད་ལུས་བཏང་གནང་བ་དེ་དག ང་ཚོ་བོད་གངས་ཅན་གྱི་མི་རབ་རྗེས་མ་རྣམས་རྟག་ཏུ་ཁྱེད་ཚོ་རྗེས་དྲན་བྱེད་ངེས་ཡིན།

    Reply
  5. ལུང་རྟོགས། says:
    ལོ་ 14 སྔོན།

    མ་ཎི་ཚིག་གཉིས་ཀྱིས་ཕན་མིན་བདག་གིས་མི་ཤེས།།
    སྨྲེ་ངག་སྐྱོ་པོ་ཞིག་འདོན་ཡང་དགོས་པ་མི་འདུག།  
    སྙིང་ཁྲག་དམར་པོ་འདི་ས་དང་མ་འདྲེས་བར་དུ།།
    དཔའ་རྒོད་ཁྱེད་ཚོ་ཡི་ཞབས་རྗེས་ནམ་ཡང་འཚོལ་ངེས།།

    Reply
  6. གསེར་སེར་པོ། says:
    ལོ་ 14 སྔོན།

    རྔ་པ་རྫོང་གཅའ་ཞང་རྭ་རུ་བའི་༼ཚེ་ཁོ་རྡོ་རྗེ་ཚང་༽གི་རང་ལོ་ ༡༧ ཡིན་པའི་བུ་(མི་སྐྱ་)དམ་ཆོས་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་།

    གཅའ་ཞང་རྭ་རུ་བའི་༼ཚེ་པོ་ཚང་༽གི་དམ་ཆོས་ཀྱི་ཕ་མིང་ལ་མདོ་ཤིས་བློ་བྷེ་དང་། མ་མིང་ལ་ཚེ་པོ།
    འདི་ལ་འགྲེལ་བཤད་གསལ་པོ་ཞིག་བྱེད་རོགས།

    Reply
  7. གནས་ཚང་། says:
    ལོ་ 14 སྔོན།

    སྣུམ་ཟད་མར་མེར་གྱུར་བའི་བོད་མིའི་ལས།
    མྱུར་སྐྱོབ་དཔུང་ལ་ཞུགས་པའི་དཔའ་བོའི་སྡེ།
    གཅིག་རྗེས་གཉིས་མཐུད་བོད་སྐྱོང་སྲུང་མ་སྟེ།
    སླར་ཡང་གངས་རིའི་ལྗོངས་སུ་བྱོན་པར་ཤོག

    Reply
  8. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    མཁྱེན་ནོ་གངས་ཅན་ལྷ་གཅིག་པད་དཀར་འཆང་། །སྐྱོངས་ཤིག་ང་ཡི་བླ་མ་ཡིད་བཞིན་ནོར། །འཁྲིད་ཅིག་དཔའ་བོ་འདི་གཉིས་བར་དོ་ནས། །གྲུ་འཛིན་རི་བོར་རྫུས་ཏེ་སྐྱེ་བར་མཛོད། །

    Reply
  9. སྐར་མདའ། says:
    ལོ་ 14 སྔོན།

    དངོས་གནས་རང་རེ་བོད་ལ་དཔའ་རྒོད་ནི་ཧ་ཅང་མང་པོ་འདུག བོད་ཀྱི་དཔའ་རྒོད་ཚོ་ནི་དོན་དམ་གྱི་དཔའ་རྒོད་ཞེ་ཅིག་རེད། འདི་འདྲའི་དཔའ་རྒོད་ནི་བོད་ཁོ་ན་ལ་མ་གཏོགས་འཛམ་གླིང་གི་ཡུལ་གྲུ་གཞན་གང་དུ་ཡང་མི་འདུག ཡིན་ན་ཡང་། ཧ་ཅང་གི་སེམས་སྐྱོ་དགོས་པ་ཞིག་ནི་བོད་ཀྱི་དཔའ་རྒོད་ཚོར་བདག་པོ་རྒྱག་མཁན་མི་འདུག་པ་དེ་རེད། མེ་ལྕེའི་ཀློང་གི་བོད་ཀྱི་དཔའ་རྒོད་ཚོའི་རེ་འབོད་དང་ཞལ་ཚེམས་དག་ལ་ཉན་འཇོག་བྱེད་མཁན་མེད་པ་དེ་རེད། བརྡ་ལན་མ་ཎི་བཞིན་བགྲང་བགྲང་བྱེད་མཁན་གྱི་འཛིན་སྐྱོང་བཀའ་ཤག་ལྟ་བུར་ཡང་གྲངས་ཀ་རྒྱག་རྒྱུ་དང་སྨོན་ལམ་འདོན་རྒྱུ་ཙམ་ལས་མེར་སྲེག་ཐད་ལ་ཚོར་ཤུགས་དྲག་པོའམ་དངོས་མ་དེ་གུད་ན་ཡང་མི་འདུག

    Reply
  10. བསྟན་པ་ཡར་འཕེལ། says:
    ལོ་ 14 སྔོན།

    བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད།། གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་བའི།། དཀའ་བ་བརྒྱ་ཕྲག་བསྒྲུབས་པའི་སྐྱེ་བོ་རྣམས།། གྲུ་འཛིན་མགོན་དེའི་ཐུགས་རྗེས་སྐྱོངས་བར་མཛོད།།

    Reply
  11. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    ཚེ་ཡི་འདུ་བྱེད་གཏོང་ཚེ་གནད་གཅོད་དང་།།
    བར་དོ་གཤིན་རྗེའི་འཇིགས་སྐྲག་ཀུན་ཞི་ནས།།
    དགའ་ལྡན་མཁའ་སྤྱོད་ཆོས་ཀྱི་ཕོ་བྲང་དུ།།
     སྐྱེ་ནས་འཇམ་མགོན་ཡབ་སྲས་ཞལ་མཐོང་ཤོག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese