མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་བློན་དང་དྲུང་ཆེ་ལ་ཟབ་སྦྱོང་།

བོད་ཀྱི་དུས་བབ།
༢༠༡༢/༠༨/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་གཟའ་ཟླ་བ་ནས་དཔལ་འབྱོར་ལས་ཁུངས་སྤྱི་ཚོཊ་ཡར་རྒྱས་ཐེབས་རྩ་ཁང་གིས། བོད་མིའི་སྒྲིག་འཛུཊ་ཀྱི་བཀའ་བློན་དང་དྲུང་ཆེ་རྣམ་པར། ལས་འཆར་སྒྲིག་སྟངས་དང་སྲིད་བྱུས་གཏན་འབེབས་བྱེད་ཕྱོཊ་སྐོར་གྱི་ཟབ་སྦྱོང་ཞིག་སྤྲད་འདུག

ཟླ་འདིའི་ཕྱི་ཚེས་ ༢༧ དང་ ༢༨ བཅས་ཉིན་གཉིས་རིང་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ཁང་ (SARD) གི་གོ་སྒྲིག་འོག ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཚོགས་ཁང་དུ། རྒྱ་གར་གྱི་གཙུག་ལག་སློབ་དཔོན་སྐུ་ཞབས་ཧི་ཏེ་ཤི་བྷ་ཊི་མཆོག་ (Prof. Hitesh Bhat) དང་། ལྕམ་སྐུ་བྷ་སི་ཝ་ཏི་ཅཀ་ར་བྷོ་ཊི་ (Ms. Bhaswati Chakrovorty) མཆོག སྐུ་ཞབས་སན་ཇིབ་ཀུ་མཱར་གུ་བྷ་ཊ་ (Mr. Sanjeev Kumar Gupta) མཆོག་བཅས་ཆེད་མཁས་མི་སྣ་གསུམ་གདན་ཞུའི་ཐོག བོད་མིའི་སྒྲིག་འཛུཊ་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་གཙོས་པའི་བཀའ་བློན་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པར་བོད་མིའི་སྒྲིག་འཛུཊ་ཀྱི་ལས་འཆར་སྒྲིག་སྟངས་དང་། སྲིད་བྱུས་གོ་སྒྲིག་བྱེད་སྟངས་ (Srtategic Development Planning) ཞེས་པའི་བརྗོད་གཞིའི་ཐོག་ཟབ་སྦྱོང་ཞིག་སྤྲད་ཡོད་འདུག  

ཁ་སང་ཟབ་སྦྱོང་དབུ་འཛུགས་སྐབས་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས། འཛིན་སྐྱོང་བཀའ་ཤག་གིས་དེ་སྔོན་ནས་ཟབ་སྦྱོང་འདི་འདྲ་ཞིག་གོ་སྒྲིག་ཞུ་རྒྱུ་གལ་ཆེན་ཡིན་སྐོར་བཀའ་ཤག་ལྷན་རྒྱས་སྐབས་གོ་བསྡུར་བྱུང་ཡོད་སྐོར་དང་། ཐེངས་འདིའི་ཉིན་གྲངས་གཉིས་རིང་གི་ཟབ་སྦྱོང་ཁྲོད་མཉམ་ཞུཊ་གནང་མཁན་དག་ནི། བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་མགོ་ཁྲིད་དང་མི་སྣ་ཁག་ཡིན་སྟབས། ཟབ་སྦྱོང་ལ་དོ་སྣང་བྱས་ཏེ་ཟ་སྦྱོང་ཁྲོད་ཀྱི་སློབ་སྦྱོང་དང་ཉམས་མྱོང་ཁག་མ་འོངས་པའི་ལས་དོན་དངོས་དང་འཆར་གཞིའི་ཐོག་བཀོད་སྤྱོད་བྱ་རྒྱུ་དང་། ཟབ་སྦྱོང་འདི་བརྒྱུད་མ་འོངས་པའི་ལོ་གཅིག་དེ་འདས་པའི་ལོ་གཅིག་ལས་གྲུབ་འབྲས་ལྡན་པ་ཞིག་ཡོང་བའི་རེ་བ་བྱེད་ཀྱི་ཡོད་སྐོར་སོཊ་གསུངས་ཡོད་འདུག

ཐེངས་འདིའི་ཟབ་སྦྱོང་ཐོག་བཀའ་བློན་དང་དྲུང་ཆེ་རྣམ་པར། བོད་མིའི་སྒྲིག་འཛུགས་ཀྱི་ལས་འཆར་སྒྲིག་སྟངས་དང་སྲིད་བྱུས་གོ་སྒྲིག་བྱེད་སྟངས་ཀྱི་བརྗོད་གཞི་གཙོས། མ་འོངས་སྲིད་ཇུས་གསར་པ་ཇུས་འགོད་བྱ་ཕྱོགས་དང་སྤྱི་ཚོགས་དཀའ་ངལ་ཤེས་རྟོཊ་བྱ་རྒྱུ། དཀའ་ངལ་ལ་གདོང་ལེན་དང་དཀའ་ངལ་སེལ་ཐབས། ལས་འཆར་ལག་བསྟར་བྱ་ཕྱོཊ་བཅས་ཀྱི་ཐོག་ཟབ་སྦྱོང་སྤྲད་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

ཆུ་ཚོད་ ༡༥ སྔོན་ལ།
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

ཆུ་ཚོད་ ༡༨ སྔོན་ལ།
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧
Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

༢༠༢༦/༠༨/༡༦

མཆན། 7

  1. གསེར་འབྲུག་སྡེར་ལྔ་ says:
    ལོ་ 14 སྔོན།

    མགོ་བཀའ་བློན་དང་མཇུག་བྲན་གཡོག་ཞེས་པའི་མིང་ཚིག་འདི་དུས་རབས་གསར་པའི་ནང་འཚམ་པོ་ཞིག་ཡེ་ནས་མ་རེད། ད་ལྟའི་དུས་འདིར་མི་ཚང་མ་འདྲ་མཉམ་གྱི་སྐད་ཆ་བཤད་དགོས་པའི་དུས་ཚོད་ཅིག་རེད་མ་གཏོགས་བཀས་བཀོད་བརྒྱུད་འཛིན་ལམ་ལུགས་དང་བྲན་གཡོག་ལམ་ལུགས་ཡོངས་སུ་མཇུག་སྒྲིལ་ཚར་བ་རེད།
    དེས་ན་གུང་ཁྲན་གྱིས་བཙན་བྱོལ་གཞུང་འདི་སྤྱི་ཚོགས་རྙིང་པ་རོ་ལངས་རྒྱག་རྒྱུ་རེད་ཟེར་བར་ཁ་གཡར་ས་ཆགས་པ་མ་རེད་པས། དགོངས་པ་བཞེས་དང་།

    Reply
  2. མྱི་དཀར says:
    ལོ་ 14 སྔོན།

    ཡག་པོ་འདུག་ཟབ་སྦྱོང་དེ་འགོ་བཀའ་བློན་ནས་འཇུག་དྲན་གཡོག་པར་དུ་མེད་དུ་མི་རུང་བ་ཞིག་རེད་ལྷག་པར་ཏུ་ད་ལྟའི་བཀའ་བློན་འདི་ལ་མཚོན་ན་ཟབ་སྦྱོང་མཁོ་བ་དང་དེ་དུས་ཚོད་འཇོགས་པོའི་ནང་ནས་སྦྱོང་ཐུབ་པར་བྱེད་དགོས་བ་དང་སྦྱོང་བ་དེ་ཡང་ཆུ་ནང་དུ་རྡོ་འཕེན་པ་ལྟ་བུ་མ་ཡིན་པར་སྐབས་དོན་གྱི་བོད་ནང་གི་གནས་ཚུལ་དངོས་མ་དེ་དག་ལ་ཕན་ཐོག་པ་ཞིག་ཡོང་བ་ལ་འབད་དགོས་བ་དང་མིང་དང་སྙན་ཐོབ་ཐང་ཙམ་གྱིས་ཆེད་དུ་མ་ཡིན་པར་ཤ་ཁྲག་རུས་གསུམ་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་བཏང་ཐུབ་པའི་དཔའ་རྒོད་དག་གི་དམིགས་འདུན་ལ་ཕན་ཐོག་པ་ཞིག་ཡོང་བ་མཁྱེན་དགོས་་ཚིག་སྙན་མོ་དང་གཏམ་འདྲ་ཆག་མ་ཡིན་པ་མཁྱེན

    Reply
  3. སྐར་མདའ། says:
    ལོ་ 14 སྔོན།

    ལས་སྣེ་ཚོ་ལ་ཟབ་སྦྱོང་ཙམ་གྱིས་ག་ལ་འགྲིག ད་དུང་སློབ་གྲྭ་ལ་བཏང་ནས་སྲིད་དོན་སོགས་ཀྱི་སྐོར་ལ་སློབ་སྦྱོང་གཏིང་ཟབ་ཅིག་བྱ་དགོས་ཚོད་རེད།

    Reply
  4. སྐར་མདའ། says:
    ལོ་ 14 སྔོན།

    ད་དུང་ཡིག་ནོར་གྱི་ཆ་ནས།
    སྲིད་བྱུས་གཏན་འབེབས་བྱེད་ཕྱོགས་དེ་་་བྱ་ཕྱོགས་སུ་བཅོས་དགོས།
    འཆར་གཞིའི་ཐོག་བཀོད་སྤྱོད་ཅེས་པར་་་་བཀོལ་སྤྱོད།
    གོ་སྒྲིག་བྱེད་སྟངས་ཀྱི་བརྗོད་གཞི་གཙོས་་་བརྗོད་གཞིའི་གཙོས་སུ་བཅོས་དགོས་པར་མཐོང་།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    བཀའ་བློན་དང་དྲུང་ཆེ་ལ་ཟབ་སྦྱོང་།
    བོད་དགེ་ཟབ་སྦྱོང་། འདུག
    ད་དུང་།
    བླ་མ་དང་སྤྲུལ་སྐུའི་ཟབ་སྦྱོང་།
    བླ་སློབ་ལ་ཟབ་སྦྱོང་།
    ཆང་ས་ལ་ཟབ་སྦྱོང་།
    ཕྱི་རྒྱལ་ལ་འགྲོ་སྟངས་ཟབ་སྦྱོང་སོགས་ཀྱང་འོང་ཉེན་འདུག་གོ །
    དེ་བས།
    ལས་འཆར་སྒྲིག་སྟངས་སློབ་སྟོན། སྲིད་བྱུས་གཏན་འབེབས་བྱེད་ཕྱོགས་ཀྱི་བགྲོ་གླེང་། བཞུགས་མོལ་ཚོགས་འདུ། ་་་་་ཉམས་མྱོང་སློབ་སྟོན་སོགས་ཀྱི་བེད་སྤྱད་ན་གང་འདྲ་འདུག་གམ།

    Reply
  6. ཁ་བཏགས་དཀར་པོ། says:
    ལོ་ 14 སྔོན།

    ཟབ་སྦྱོང་ལ་དོ་སྣང་བྱས་ཏེ་ཟ་སྦྱོང་ཁྲོད་ཀྱི་སློབ་སྦྱོང་དང་ཉམས་མྱོང་ཁག་མ་འོངས་པའི་ལས་དོན་དངོས་དང་འཆར་གཞིའི་ཐོག་བཀོད་སྤྱོད་བྱ་རྒྱུ་དང་།
    ༅། །ཞེས་པའི་གོང་འཁོད་གསར་འགྱུར་དུམ་བུ་ལས་ཟ་སྦྱོང་ཞེས་ནོར་ཁུལ་གནང་བ་ཨེ་ཡིན། མ་གཞི་ཡག་པོ་བྲིས་འདུག་ཐུགས་རྗེ་ཆེ།
    བཙན་བྱོལ་ནང་ཟབ་སྦྱོང་ནད་ཡམ་རྐྱེན་པས་མཐོ་རིམ་མི་སྣའི་བྱུས་འགོད་ཐབས་ལམ་དང་། བཞུགས་མོལ་ཚོགས་འདུ་ཡིན་སྲིད་པ་ལས་དོན་སྙིང་ཚང་མ་ཟབ་སྦྱོང་ཨེ་ཡིན། །

    Reply
  7. གཞིས་ཆགས་བུ། says:
    ལོ་ 14 སྔོན།

    ཟབ་སྦྱོང་དེ་ལམ་ལྷོང་ཡོང་བར་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese