མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸གོང་ས་མཆོག་གིས་རྩ་བ་ནས་ནོར་མི་ཆོག

བོད་ཀྱི་དུས་བབ།
༢༠༡༢/༠༨/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཚེ་རིང་ཟླ་བ།

སྨྱུག་ཁ་མ་བསྒྱུར་བསམ་ཡང་སྐུ་མཁྱེན། གསུང་མཁྱེན། ཐུགས་མཁྱེན་ཞེས་སུ་ཞིག་གིས་མ་དཔྱད་བབ་ཅོལ་ལམ། བཙན་པོ་དབང་ཡོད་ཀྱིས་སྨྲ་སྒོ་འགོག་གིན་པའི་བརྡ་ཞིག་བསྟན་ཡོང་དུས། འདིར་སླར་ཡང་གསལ་བཤད་ཙམ་ཞུ།

ངས་ཀྱང་༸གོང་ས་མཆོག་སྐྱོན་ཀུན་ཟད་དང་ཡོན་ལྡན་ཀུན་ལྡན་གྱི་སངས་རྒྱས་སུ་འདོད་ཀྱིན་མེད་ཀྱང་། འདོད་སྟངས་མི་འདྲ་སྟེ། འདོད་པ་པོ་གཞན་དག་ལ་ལ་ནི་རིང་ནས་རང་རེའི་ཆོས་རིག་དང་ཡ་བྲལ་དུ་གྱུར་བའི་སྤྱི་ཚོགས་གཞན་ནས་འཚར་ལོངས་བྱུང་བ་དང་། འགའ་ཞིག་རང་རེའི་སྤྱི་ཚོགས་སུ་འཚོ་ཡང་རྐྱེན་ཅི་ཞིག་གིས་རང་ཉིད་ཀྱང་སྔོན་ཐོན་ཅན་ནམ་དེང་རབས་ཅན་པོ་དག་གི་རྗེས་སུ་ཞུགས་པ་དག་དང་ཡེ་ནས་མི་མཚུངས་པ་དེ་ཡིན།

མ་ཟད།  བོད་གཞུང་དགའ་ལྡན་ཕོ་བྲང་ཙམ་མ་ཟད་། བོད་གཞུང་ཟེར་བའི་ཐ་སྙད་ཀྱང་ཆབས་ཅིག་ཏུ་ཕྱིར་བསྡུ་མཛད་པ་ནི། བོད་ཀྱི་ད་ལྟ་དང་མ་འོངས་པར་འབྲེལ་བ་དམ་ཟབ་ཡོད་པའི་གནད་ཀྱི་ཡང་གནད་འདི་ལྟ་བུར་༸གོང་ས་མཆོག་གིས་རྩ་བ་ནས་ནོར་མི་རུང་ལ་ནོར་མི་ཆོག་ཟེར་བ་ཡིན། ནོར་འདུག་ནོར་ཡོད་བསམ་པ་རྨི་ལམ་ཙམ་དུའང་འཁོར་མ་མྱོང་།

མི་ཕམ་ཚངས་ཐིག་ལགས་ཀྱིས་དྲི་བ་ལྔ་བཏང་སྟེ་དོན་རྟོགས་པའི་ཐུགས་རེ་གནང་འདུག་མོད། ངས་ནི་རྩ་བ་ནས་ཁས་ལེན་ཐུབ་མ་སོང་། དྲི་བ་དང་པོར། (བོད་ཀྱི་སྐད་ཡིག་གི་ཐོག་ཙམ་དུའང་བོད་གཞུང་ཟེར་བའི་མིང་བྱང་དེ་བཞག་ན་དཀའ་ངལ་ཞིག་འཕྲད་ཚུལ་ཡོད་དམ་) ཟེར་བའི་ཐད། སྤྱིར་བོད་ཀྱི་སྐད་ཡིག་གི་ཐོག་ཏུ་བོད་གཞུང་ཟེར་བའི་མིང་བྱང་དེ་གསར་དུ་སུ་ཞིག་གིས་བཞག་པའམ། སླད་བཅོས་པ་དེ་འདྲ་གང་ཡང་མེད་པར་རིང་ནས་བོད་པའི་ཐ་སྙད་ཀྱི་གྲལ་དུ་ཚུད་ཟིན་སྟབས། བཞག་དང་མ་བཞག་ཟེར་བའི་བཀའ་མོལ་འདི་གནང་སྲོལ་མེད་ལ། དེ་བཞག་དང་མ་བཞག་གི་དཀའ་ངལ་སྐུ་ཉིད་ཀྱིས་ཅིའི་ཕྱིར་འཚོལ་གྱིན་ཡོད། ཆབ་སྲིད་ཀྱི་སྟེང་ནས་བཤད་ན། རྒྱ་གར་གཞུང་གིས་རྒྱལ་ཁབ་གཅིག་ལ་གཞུང་གཉིས་ཡོད་མི་ཆོག་ཟེར་བས་བོད་གཞུང་ཟེར་བའི་བཀོལ་སྤྱོད་འདི་བོད་ཀྱི་ཆབ་སྲིད་སྡིངས་ཆ་ལས་ཕྱིར་བསྡུ་མཛད་པ་ཙམ་ཡིན།  ད་ལྟ་བར་༸གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལས་རྒྱ་གར་གཞུང་གིས་ཤེས་ནའང་མ་ཤེས་ཁུལ་དང་། མཐོང་ནའང་མ་མཐོང་ཁུལ་བྱས་པས་ཁུངས་འཁྱོལ་མོད།  ཅི་སྟེ་༸གོང་ས་མཆོག་མ་བཞུགས་པའི་དུས་དེར། ད་ལྟ་ལྟར་སྣང་བ་དག་པའི་ཁ་ཕོ་འདི་སྒྲོག་མཁན་ཇི་ཙམ་ཡོད་ཨང་།  དྲི་བ་གཉིས་པར་(བོད་སྐད་དུ་བོད་གཞུང་ཞེས་པའི་མིང་བྱང་བཏགས་ན། དེ་ཉིད་ཀློག་ནས་དཀའ་ངལ་སྤྲོད་མཁན་དེ་སུ་འདྲ་ཞིག་ཡིན་) གསུངས་པའི་ཐད། བོད་སྐད་དུ་བོད་གཞུང་ཞེས་པའི་མིང་བྱང་ཁྱེད་ངེད་གཉིས་ཀས་བཏགས་ཤིང་ཀློག་ཀྱང་དཀའ་ངལ་ལར་ནས་མེད་མོད། གོང་སྨྲོས་ལྟར་མ་འོངས་པར་ཆབ་སྲིད་ཀྱི་གནད་དུ་བརྩིས་ནས་ཟུར་བཀག་གཏོང་དུས་གཞི་ནས་བཏགས་ཆོག་པ་དང་ཀློག་ཆོག་མིན་གྱི་གནད་དེ་མཁྱེན་ཐུབ་ངེས་རེད། དཀའ་ངལ་སྤྲོད་མཁན་ཡང་གོང་སྨོས་ལྟར་ལགས། དྲི་བ་གསུམ་པར་ (བོད་ཡིག་ཙམ་གྱི་མིང་བྱང་ལ་དཀའ་ངལ་སྤྲོད་ན་ཚུལ་ཇི་ལྟར་སྤྲོད་རྒྱུ་རེད། དགོས་པ་ཅི་ཞིག་གི་ཕྱིར་) གསུངས་པའི་ཐད། མིང་ནི་གང་ཡིན་ངོས་འཛིན་པའི་སླད་དུ་ཡིན་ཞིང་། བོད་གཞུང་ཞེས་པའི་མིང་དེས་ངོ་བོ་ཅི་ཞིག་མཚོན་མིན་ངེད་གཉིས་ཀར་དྲི་བ་ཡོད་མི་སྲིད་པས་གནད་ཤིན་ཏུ་ཆེ། མ་ཟད་དབྱིན་ཡིག་ཏུ་མིང་ཞིག་དང་བོད་ཡིག་ཏུ་མིང་གཞན་ཞིག་འདོགས་དགོས་ན་ཁྱེད་ལ་འགྲིག་ཀྱང་། ཁུངས་ཇི་ཙམ་དུ་འཁྱོལ་ལམ། དགོས་པ་གོང་སྨོས་ཀྱིས་གྲུབ་པས་ཚིག་ཚོགས་བསྒྲིག་པས་ཅི་བྱ། དྲི་བ་བཞི་པར་ (༸གོང་ས་མཆོག་གིས་བོད་ཡིག་ཙམ་གྱི་ཐོག་ཏུ་ཡང་། བོད་གཞུང་ཟེར་བ་གཏན་ནས་འདོགས་མི་རུང་བར་དུས་ནམ་ཞིག་ལ་གསུངས་ཡོད་དམ་) གསུངས་པའི་ཐད། སྔ་ཕྱིའི་བཀའ་སློབ་རིམ་པར་ཕེབས་ཀྱང་གསལ་ཤོས་ཤིག་ཉེ་དུས་རང་ལ་དྭགས་སུ་གསུངས་འདུག་པས་ཐེངས་གཅིག་རང་གསན་པར་མཛོད། དྲི་བ་ལྔ་པར་ (གལ་ཏེ་ཡོད་ན་ཡིག་ངག་གང་རུང་གི་ཐོག་ཏུ་གསུངས་པ་ར་སྤྲོད་གནང་ཐུབ་མཁན་ཡོད་དམ་) གསུངས་པའི་ཐད་དྲི་བ་བཞི་པའི་ལན་གྱིས་འཐུས་པར་བྱ།

གཞན་ཡང་སྐུ་ཉིད་ཀྱིས་དབྱིན་ཡིག་ཐོག་ (Council of Tibet in Exile) ཞེས་པ་གངས་ཅན་བོད་ཀྱི་སྐུ་ཚབ་ཅེས་སྐུ་ངལ་མང་པོ་བསྐྱོན་ཏེ་བཙལ་རྙེད་ཐུབ་པ་ཤིན་ཏུ་ལེགས་ཀྱང་། དེ་ཡང་ཅང་ཅང་ཞིག་སྟེ། དབྱིན་ཡིག་ཤེས་པ་སུས་ཀྱང་དེ་ཉིད་བཀླག་པས་གཞུང་གི་གོ་བ་མི་རྙེད་ལ། བོད་སྐད་སྨྲ་བ་ཀུན་གྱིས་བོད་ཀྱི་སྐུ་ཚབ་ལ་བོད་གཞུང་དུ་གོ་མི་སྲིད་པས་དོན་མེད་ཀྱི་སྐུ་ཚེགས་མྱངས་པས་ཅི་བྱ། དོན་དམ་པར་སུ་ཞིག་ལ་མ་འདོད་པར་རང་གིས་འབད་པས་བཙལ་ཡང་བབ་ས་དེ་རང་ལས་མི་འདུག་སྟེ། རྨོ་རྨོ་བག་ལེབ་འཚོང་མཁན་གྱི་རྣམ་ཐར་རང་དུ་ཕྱིན་མི་འདུག་གམ།

ང་ནི་རྨོངས་དད་ཅན་ཞིག་གམ་ཨུ་ཚུགས་ཅན་ཞིག་སྟེ། ངས་ནི་༸གོང་ས་མཆོག་དང་བཙན་བྱོལ་ནང་གི་གནད་ཡོད་ཅན་དང་ཆེད་མཁས་པ་དག་གིས་བསམ་ཞིང་གྲོས་པ་ལས་བྱུང་བའི་ཐ་སྙད་དེ་རང་འཐད་པར་མཐོང་ལ། ཁོང་ཅག་ནི་ཚེ་གང་པོར་ཆབ་སྲིད་ཀྱི་འགག་འཕྲང་མང་པོ་བརྒྱུད་དེ་ཕེབས་ཤིང་། བོད་དང་དེའི་མ་འོངས་པ་ནི་ཁོང་ཅག་གི་འབད་ས་དམིགས་ས་རང་དུ་མཐོང་བས། ཁོང་ཅག་གི་ཐག་གཅོད་ནོར་མི་ཆོག་ལ་ནོར་མི་སྲིད་པ་རང་དུ་འདོད་ཀྱིན་ཡོད་ན། སྐུ་མཁྱེན། གསུང་མཁྱེན། ཐུགས་མཁྱེན། དགོངས་འགལ་ཡེ་ནས་མེད་པ་ཞུ།། །།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༣ སྔོན་ལ།
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦

མཆན། 11

  1. འཇིགས་མེད་སེངྒེ་། says:
    ལོ་ 13 སྔོན།

    གྲ་ཕྱི་བུ།
    ཁྱོད་ཀྱིས་དེ་ལྟར་བཤད་པ་ལས་ཁྱེད་ལ་ལན་ཡང་དག་ཞིག་ག་ལ་ཡོད།
    ༧གོངས་ས་མཆོག་གིས་ཆབ་སྲིད་ལས་རྒན་ཡོལ་གནང་ཟིན་པ་ཙམ་ཡང་མ་མཁྱེན་པ་རེད་དམ། ཁྱེད་སེམས་ཐོག་ནས་བུད་པ་ཡིན་རྒྱུ་རེད།
    བཤད་རྒྱུ་མེད་ན་མི་ཁོམ་པའི་སར་འཇོག་པ་ལས་ཅི་བྱེད། ཧ་ཧ་ཧ།

    Reply
  2. གྲ་ཕྱི་བུ། says:
    ལོ་ 13 སྔོན།

    འཇིགས་མེད་སེང་གེ་ལགས། ཁྱེད་ཀྱིས་གསུངས་པའི་ཆབ་སྲིད་པ་སྐྱོན་ཅན་དེ་སུ་ཡིན་ནམ། ཕལ་ཆེན་༸གོང་ས་མཆོག་ཡིན་རྒྱུ་རེད་ལ་་་་་་དེ་ཡིན་ན་ངས་ཁྱོད་ལ་ལན་ཅི་ཡང་མེད། ལན་བྱེད་ཁོམས་ཀྱང་མེད་་་་་་

    Reply
  3. རས་པ། says:
    ལོ་ 13 སྔོན།

    ངས་བསམ་ན་གཡུལ་རྒྱལ་ལྷུན་རྩེ་ནས་བཙན་བྱོལ་དུ་ཡོང་བའི་གཞུང་དེ་བཙན་བྱོལ་གཞུང་ཞིག་ཡིན་པ་རྩོད་པ་མེད་པ་རེད། འདི་ངོ་སྤྲོད་དགོས་ཀྱི་རེད། འདི་གནད་འགག་ཅིག་རེད་བསམ་གྱི་འདུག་ལ་རྩ་དོན་དང་ཐད་གར་འབྲེལ་བ་ཡོད་པ་ཞིག་ཀྱང་རེད་བསམ།

    གཉིས་པ་དེ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མིང་འདི་རེད། དབྱིན་ཡིག་གི་སྟེང་དུ་Tibetan ཞེས་པ་”བོད་མི་”དང་”བོད་ཀྱི་”གཉིས་ཆར་འགྲོ་བའི་གོ་དོན་ཡོད་འདུག་སྟེ། དཔེར་ན་ Tibetan Culture ཞེས་པ་ལྟ་བུར་མཚོན་ན་བོད་ཀྱི་ཞེས་འབྱུང་དགོས་པས་ང་ཚོས་”དབུས་བོད་མིའི་སྒྲིག་འཛུགས་”ལས་”བོད་ཀྱི་སྒྲིག་འཛུགས་”ཞེས་སུ་བོས་ན་ཧ་ཅང་འཐད་ལྡན་ཡིན་པར་འདོད། དེའི་དབུ་རུ་རབ་བྱུང་ན་”བཙན་བྱོལ་”འདི་སྦྱར་དགོས་པར་འདུག “བཙན་བྱོལ་བོད་ཀྱི་སྒྲིག་འཛུགས་”ཞེས་པའི་མིང་འདི་སྦྱར་ཐུབ་པ་ཡིན་ན་གཞུང་གི་ངོ་བོ་དང་། ཧ་ཅང་ཐག་ཉེ་བར་སེམས་ཏེ་རིགས་སྒྲུབ་བྱས་ཚེ་”བོད་”ཅེས་པས་མི་རིགས་ཤིག་དང་དེ་སྔའི་རྒྱལ་ཁབ་ཅིག་མཚོན་པའི་བརྡ་དོན་ཤུགས་ཆེ་ཞིང་། དེས་སྣེ་དྲངས་པའི་སྒྲིགས་འཛུགས་འདི་ཆུང་ཆུང་ཞིག་ཁྱོན་ནས་མིན་པའང་ཚོར་ཐུབ་རྒྱུ་རེད། དཔེ་བཞག་ནས་བཤད་ན། དེི་སྔའི་ཨེ་ཤ་ཡའི་རྒྱལ་འདུས་ཚོགས་ཆེན་གྱི་སྟེང་དུའང་བོད་ཅེས་བྲིས་ཡོད་པ་དེས་བོད་རྒྱལ་ཁབ་མཚོན་གྱི་ཡོད་པ་རེད། རྒྱལ་ཁབ་ཀྱི་སྒྲིག་འཛུགས་དེ་བཙན་བྱོལ་ལ་ཡོང་ཡོད་པའི་གོ་བརྡ་སྤྲོད་པར་”བཙན་བྱོལ་བོད་ཀྱི་སྒྲིག་འཛུགས་”ལས་ལྷག་པོའི་མིང་འདོགས་པར་དཀའ་ལ། འདིས་བོད་སྤྱིའི་ངོས་ལེན་ཡོད་པའི་སྒྲིག་འཛུགས་ཤིག་གསལ་བོར་སྟོན་པ་རེད།

    ལྷག་པར་ཏུ་རྒྱལ་གར་གཞུང་ལ་དེབ་སྐྱེལ་གྱི་སྐོར་ནས་ཀྱང་མིང་གཞན་དག་ལས་དཀའ་ངལ་ཉུང་བ་ཡོད་པར་བསམ་སྟེ། བཙན་བྱོལ་བ་ཡིན་པར་རྒྱ་གར་གཞུང་གིས་ཀྱང་ཁས་ལེན་བྱས་ཡོད་པ་རེད་ལ། ཁ་སང་དེ་རིང་བོད་ཀྱི་ལོ་རྒྱུས་ཁྲོད་སྐད་ཆ་ཤ་ཚ་མོ་བསྒྲགས་མཁན་ཉི་ཧོང་ལྟ་བུས་ཀྱང་རྒྱབ་སྐྱོར་བྱེད་ཐུབ་ཀྱི་རེད། དེ་མིན་”་བོད་མིའི་སྒྲིག་འཛུགས་”ཞེས་པའི་དབུ་རུ་”བཙན་བྱོལ་”སྦྱར་བ་ཡིན་ན། དེང་གི་རྡ་རམ་ས་ལ་ནས་བོད་གཞུང་དགའ་ལྡན་ཕོ་བྲང་གི་རྒྱུན་གྱི་འཕྲིན་ལས་བསྐྱངས་པ་ཡིན་ཟེར་ན་དེ་ནི་ངོ་མ་ཁྱད་མཚར་བོ་ཞེད་བོ་ཅིག་ཡོད་པ་རེད་དོ།། །།

    Reply
  4. བདེན་རྔ་། says:
    ལོ་ 13 སྔོན།

    རྡོ་འཇམ་གོར་མོ་རྡོ་རེད། །རྣམ་དཔྱོད་མེད་པ་ཕག་རེད། །ཁ་ཕྱོགས་མེད་པ་རླུང་རེད། །བླུན་དད་ཤོག་གུའི་བྱ་རེད། །

    རྒྱ་རྙི་རྒྱ་དམར་གཡོག་རེད། །རྒྱུག་ཡུལ་མེད་ཀྱང་རྒྱུག་དགོས། །ཟེར་རྒྱུས་ཕོངས་ཀྱང་ཟེར་དགོས། །ལན་ཆགས་བསྐོས་པས་ལས་རེད། །

    Reply
  5. རྒྱ་རྙི། says:
    ལོ་ 13 སྔོན།

    ཚེ་རིང་ཟླ་བས’གསུངས
    ‘པ’ཧ’ཅང’བདེན།

    Reply
  6. རྡོ འཇམ་ཚུལ། says:
    ལོ་ 13 སྔོན།

    ཚེ་རིང་ཟླ་བ་ཚེ་རིང་། མིས་ཇི་ལྟར་བཤད་ཀྱང་རང་ཅག་གི་ཁ་ཕྱོགས་རྒྱལ་བའི་བཀའ་དགོངས་བཞིན་ཡིན། ཟླ་བའི་དཀྱུལ་འཁོར་གནམ་ནས་ཤར་ཡང་། འོད་ཀྱི་སྣང་བར་སྤྱོད་མི་ཐུབ་པ་འདི་གང་ཟག་སྒེར་གྱི་སྐྱོན་ལས་གཞན་མ་རེད།

    Reply
  7. འཇིགས་མེད་སངྒེ་། says:
    ལོ་ 13 སྔོན།

    བཙན་པོས་བུ་ལགས།
    ཁྱེད་ཀྱིས་གསུངས་པ་རྣམས་བརྒྱ་ཆའི་དགུ་བཅུ་དོན་ཐོག་ཏུ་ཁེལ་འདུག མཆན་འབྲི་མཁན་དག་གི་ནང་དུ་ཁྱེད་འདྲ་བོ་ཉུང་ཉུང་རེད། ཁྱེད་ལ་མཆན་འབྲི་མཁན་དེས་ལན་བྱེད་ཀྱི་མི་འདུག་པས་ཕྲན་གྱིས་ལན་ཐུང་ཞིག་བྱེད།
    མི་ཕམ་ཚངས་ཐིག་གིས་ལྟ་བ་འདི་རེད་འདུག ལམ་དབུ་མ་ནི་༧གོང་ས་མཆོག་འཛམ་གླིང་ཞི་བདེའི་དེད་དཔོན་ཞིག་གིས་ཁོང་སྐུ་སྒེར་གྱི་ངོས་ནས་ལངས་ཕྱོགས་དེ་ལས་གཞན་འཛིན་ཚུལ་མེད་ཀྱང་། ཆབ་སྲིད་པ་ཀུན་ལ་འདི་ཁོ་ན་ལས་ལངས་ཕྱོགས་མ་ཡོད་ན་ཞྭ་དཔེ་ལྷམ་འགེབ་ལས་མེད་པར་ཡིད་ཆེས་བྱེད་ཀྱིན་འདུག དེའི་ཕྱིར་དབུ་མའི་ལམ་བཟུང་ནས་དུས་རབས་ཕྱེད་སོང་ཡང་གྲུབ་འབྲས་ཕར་ཞོག བོད་མི་བརྒྱ་ཕྲག་ཁ་ཤས་ཀྱི་ཚེ་སྲོག་དོན་མེད་དུ་སོང་། སྟོང་ཕྲག་མང་བོ་བཙོན་འཇུག་སྡུག་སྦྱོང་ལ་སྦྱར། ལྷག་པར་དུ་ཉེ་ཆར་དཔའ་བོ་དཔའ་མོ་ལྔ་བཅུའི་ཚེ་སྲོག་བཏང་ཡང་ཆབ་སྲིད་པ་ཚོས་ཅི་ཡང་མ་འཇོན་པས་དོན་མེད་དུ་སོང་། ང་ཚོས་རྒྱ་གཞུང་དང་མཉམ་དུ་དབུ་མའི་ལམ་ལ་རེ་བ་བྱེད་ས་མེད་པ་ཁུངས་སྐྱེལ་ར་འཕྲོད་བྱུང་ཟིན་པས། དེ་ཁས་མི་ལེན་པ་ཡིན་རྒྱུ་རེད་སྙམ།
    ཁྱི་རྒན་ཀུ་ཅོ་འདོན་པ་ན། །རྒྱུ་མཚན་མེད་པར་གཞན་དག་རྒྱུག་པའི་ལས་སུ་ཞུགས་མཁན་དག་ནི། རང་རང་གི་ནང་ཆ་ཕྱི་ལ་འགྲེམས་པ་ཙམ་ལས་ཅི་ཡང་མེད་པར་མཐོང་ངོ་། ། ཟེར་བ་ནི་མཆན་རྒྱབ་མཁན་ཁ་ཤས་ལ་ཟེར་བ་ལས་གོང་ས་མཆོག་ལ་ཟེར་མི་སྲིད་སྙམ།
    ཁྱེད་ཀྱིས་མཆན་ལ་ཐུགས་རྗེ་ཆེ།།

    ཁ་ཁྱེར་པ་ཁྱེད་ནི་བློ་མི་ཕམ་ཚངས་ཐིག་གྱིས་རང་གཞུང་གི་ཆབ་སྲིད་གལ་གནད་དང་མ་འོང་རང་རེའི་མི་རབས་ལ་བསམ་ཞིབ་ངང་གལ་གནད་བགྲོ་གླེང་བྱས་པ་དང་། ༧གོང་ས་མཆོག་གི་བཀའ་དགོངས་དོན་ཐོག་ནས་ངོ་ལྐོག་མེད་པར་བཤད་ཅིང་། སྒྲུབ་བྱེད་དུ་དྲངས་པ་ཞིག་རེད་འདུག་ལ། ༧གོང་ས་མཆོག་གི་བཀའ་གསུང་བཞིན་རང་རེའི་རྩ་དོན་གྱི་གལ་གནད་ལ་ངོ་སྲུང་དང་། གཡོ་ཟོལ་མེད་པར་དངོས་ཐོག་བདེན་འཚོལ་གྱིས་བཤད་པ་ཞིག་རེད་འདུག་པས། འདི་ལ་སུས་ཀྱང་རྒོལ་པར་བྱ་མི་ཐུབ་པར་འདོད། གལ་སྲིད་རྒོལ་འདོད་མཁན་ཡོད་ན་དང་པོ་རང་ཉིད་ཀྱིས་འདི་ལྟར་རང་རེའི་རྩ་དོན་དང་མ་འོང་བོད་ཀྱི་ཆབ་སྲིད་གལ་གནད་སོགས་ལ་འགན་འཁུར་གྱིན་འདུག་གམ་མི་འདུག་སོགས་ལ་བསམ་གཞིག་ཟབ་མོ་རེ་བྱ་དགོས་པ་ལས། ཁྱི་རྒན་ཀུ་ཅོ་འདོན་པ་ན། །རྒྱུ་མཚན་མེད་པར་གཞན་དག་རྒྱུག་པའི་ལས་སུ་ཞུགས་མཁན་དག་ནི། རང་རང་གི་ནང་ཆ་ཕྱི་ལ་འགྲེམས་པ་ཙམ་ལས་ཅི་ཡང་མེད་པར་མཐོང་ངོ་། །

    Reply
  8. འཇིགས་མེད་སངྒེ་། says:
    ལོ་ 13 སྔོན།

    ཚེ་རིང་ཟླ་བ་ལགས།
    ཁྱེད་ཀྱིས་དོན་མེད་ཚིག་འཁྲིའི་འཁོར་སྐྱོད་ཀྱིས་སྐུ་ངལ་གནང་ལུགས་ལ་བལྟས་ན་ཁྱེད་ཆབ་སྲིད་པ་སྐྱོན་ཅན་དེའི་སྐུ་ཟླ་ཡིན་ནམ། ཡང་ན་གླ་རྔན་ཟ་མཁན་ཡིན་ནམ། ཡང་ན་དམར་པོའི་ཕོ་ཉ་བ་ཡིན།
    ནམ་ཡང་ཕམ་མི་སྲིད་པ་བདེན་པའི་ཚངས་ཐིག་གིས། སྐུ་མཁྱེན། གསུང་མཁྱེན། ཐུགས་མཁྱེན་གསུང་བར་། ༼ ཁྱེད་ཀྱིས་མ་དཔྱད་བབ་ཅོལ་ལམ། བཙན་པོ་དབང་ཡོད་ཀྱིས་སྨྲ་སྒོ་འགོག་གིན་པའི་བརྡ་ཞིག་བསྟན་ཡོང་དུས། ༽ ཟེར། སྐུ་མཁྱེན་གསུང་མཁྱེན་ཐུགས་མཁྱེན་ཟེར་ན་ལྷ་དང་བླ་མ་ལ་གསོལ་འདེབས་ཞུ་ཚུལ་ཞིག་མ་རེད་དམ། དེ་སོགས་སྨྲ་སྒོ་འགོག་པའི་བཙན་བཀའ་ཡིན་པར་སྒྲུབ་ཐུབ་མཁན་ཀྱི་མཁས་པ་ཞིག་ས་ཐོག་འདིར་ཁྱེད་མ་གཏོགས་མེད་པ་འདྲ།
    ཁྱེད་ཀྱིས་༼ ༸ གོང་ས་མཆོག་གིས་རྩ་བ་ནས་ནོར་མི་རུང་ལ་ནོར་མི་ཆོག་ཟེར་བ་ཡིན།༽ཞེས་ཟེར་བ་དེ་བཙན་བཀའ་དངོས་ཤིག་མ་རེད་དམ། མ་ཟད་ཁྱེད་ཀྱིས་༧གོང་ས་མཆོག་ལ་དད་པ་མེད་གསུངས་པ་དང་། ཡིད་ཆེས་ཡོད་གསུངས་པ་གཉིས་ཀྱང་ནང་འགལ་ཆེས་ཆེན་པོ་ཞིག་མ་རེད་དམ།
    ཁྱེད་ཀྱིས་བོད་ཀྱི་སྐད་ཡིག་གི་ཐོག་ཏུ་བོད་གཞུང་ཟེར་བའི་མིང་བྱང་དེ་གསར་དུ་སུ་ཞིག་གིས་བཞག་པའམ། སླད་བཅོས་པ་དེ་འདྲ་གང་ཡང་མེད་པར་རིང་ནས་ཡོད་པ་ཧ་གོ་བ་ངོ་མཚར་ཆེ། སྐབས་འདིར་མིང་བྱང་ཟེར་དུས་བོད་གཞུང་གི་སྒོ་བྱང་དང་ཁྲིམས་ཡིག་ཐོག་ཏུ་ཡོད་པ་ཁག་ལ་གོ་དགོས་མོད། དེ་ནི་ཤེས་ཡོན་ཆུང་ངུ་ཡོད་པ་ཡན་ཆད་ཀྱིས་ཤེས་ནུས། ཁྱེད་ཀྱིས་འདི་བོད་པའི་ཐ་སྙད་ནང་དུ་ཡོད་པ་ལ་ཚིག་འཁྲི་འཁྱོག་བརྗོད་ཤེས་ཚོད་ལ་བལྟས་ན། ཁྱེད་ཀྱིས་ཁ་དོག་དཀར་དམར་རེ་རྩོད་ཤེས་མདོག་ཡོད་པ་འདྲ་བས་དེ་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན།
    ཡང་ཁྱེད་ཀྱིས་ཆབ་སྲིད་ཀྱི་སྟེང་ནས་བཤད་ན། རྒྱ་གར་གཞུང་གིས་རྒྱལ་ཁབ་གཅིག་གི་ནང་དུ་གཞུང་གཉིས་ཡོད་མི་ཆོག་ཟེར་བ་སོགས་ཀྱི་འགན་མེད་ཁག་འཇོག་གི་བསྐྱར་ཟློས་ཤིན་ཏུ་རྙིང་བ་རྙིང་ནག་རྣམས་ཡང་བསྐྱར་བཀླགས་བྱས་འདུག་པ་ནི་ཀུན་གྱི་རྣ་བ་ཚ་བྱེད་ལས་མེད་པ་ད་དུང་མ་མཁྱེན་པ་ནི་བློ་རེ་ཕམ།
    དེ་དག་ནི་ཀུན་གྱིས་ཤེས། མི་ཕམ་ཚངས་ཐིག་གིས་དེ་ཙམ་ཡང་མི་ཤེས་པར་ཁྱེད་ཀྱིས་བསམ་སོང་ངམ། ཁོང་གིས་དེ་ལ་རྩོད་པ་བྱས་མེད། བོད་ཡིག་གིས་བཙན་བྱོལ་བོད་གཞུང་ཞེས་མིང་བཏགས་ན། དེ་ལ་བོད་སྐད་སྨྲ་བ་ཕན་ཚུན་གྱིས་བར་ལ་རྩོད་པ་བྱས་ཀྱང་རྒྱལ་ཁབ་ཅིག་ལ་མཐའ་གཅིག་ཏུ་བསྒྲུབ་མི་ཐུབ་ན། སྐད་ཡིག་གཞན་སྨྲ་མཁན་ཞིག་གིས་རྩོད་པ་བྱས་ནས་དཀའ་ངལ་སྤྲོད་ཚུལ་ཞིག་ཡོད་མི་སྲིད་པས། ཁྱེད་ཀྱིས་སྨྲས་པའི་ཚིག་འཁྲི་ཡོད་ཚད་དོན་མེད་ཆུད་ཟོས་ཁོ་ན་ལས་མེད་པ་མཁྱེན་ གལ།
    མི་ཕམ་ཚངས་ཐིག་གིས་༧གོང་ས་མཆོག་གིས་བོད་ཡིག་ཙམ་གྱི་ཐོག་ཏུ་ཡང་། བོད་གཞུང་ཟེར་བ་གཏན་ནས་འདོགས་མི་རུང་བར་དུས་ནམ་ཞིག་ལ་གསུངས་ཡོད་དམ། གལ་ཏེ་ཡོད་ན་ཡིག་ངག་གང་རུང་གི་ཐོག་ཏུ་གསུངས་པ་ར་སྤྲོད་གནང་ཐུབ་མཁན་ཡོད་དམ། ཡོད་ན་ར་སྤྲོད་བྱོས་ཟེར་བར་ཁྱེད་ཀྱིས། ར་སྤྲོད་བྱས་པ་ནི། སྔ་ཕྱིའི་བཀའ་སློབ་རིམ་པར་ཕེབས་ཀྱང་གསལ་ཤོས་ཤིག་ཉེ་དུས་རང་ལ་དྭགས་སུ་གསུངས་པར་གསན་པར་མཛོད། ཟེར།
    ཁྱེད་ལ་ཐུན་མོང་མ་ཡིན་པའི་ལས་སླ་བོས་ཁུངས་སྐྱེལ་ར་སྤྲོད་བྱེད་ལུགས་ཤིག་འདུག་པ་ངོ་མཚར་ཆེ། ཁྱེད་ཀྱིས་གཞན་ལ་རྟགས་གསལ་གཏོང་བའམ་རྩོད་པ་བྱེད་དུས། ཡིག་ཆའི་ཚིག་རེ་རེ་བཞིན་འདྲེན་མི་དགོས་པར། གཞུང་དེའི་མིང་ཙམ་དྲངས་ནས་དེར་ལྟོས་ཤིག་ཞེས་བཤད་ན་ཆོག་ཟེར་རྒྱུ་ཡིན་ནམ།
    ཕྲན་གྱིས་ཀྱང་ཐེངས་མང་དུ་༧གོང་ས་མཆོག་གིས་ལ་དྭགས་སུ་གནངས་པའི་བཀའ་སློབ་ལ་ཉན་པ་ཡིན། ཁ་གསལ་དོན་གསལ་གྱིས་བོད་གཞུང་ཟེར་བའི་མིང་དེ་བོད་ཡིག་དང་བོད་སྐད་ཙམ་གྱིས་ཀྱང་འདོགས་མི་རུང་ཞེས་ཐད་ཀར་གསུངས་མི་འདུག ཡོད་ན་ད་ནི་ཁྱེད་ཀྱིས་མངོན་སུམ་དུ་བསྟན་རན་མི་འདུག་གམ། ཁོང་གིས་གལ་ཏེ་གསུང་ཡོད་ན་སོགས་ལས་འཕྲོས་པའི་དོན་ལ་ཁྱེད་ཀྱིས་ཡེ་ནས་བསམ་བློ་མ་འཁོལ་མ་ཐུབ་བམ
    ཡང་མི་ཕམ་ཚངས་ཐིག་གིས་བྲིས་པའི་དབྱིན་ཡིག་ཐོག་ (Council of Tibet in Exile) ཟེར་བ་དེ་ལ། ཁྱེད་ཀྱིས་དབྱིན་ཡིག་ཤེས་པ་སུས་ཀྱང་དེ་ཉིད་བཀླག་པས་གཞུང་གི་གོ་བ་མི་རྙེད་ལ། བོད་སྐད་སྨྲ་བ་ཀུན་གྱིས་བོད་ཀྱི་སྐུ་ཚབ་ལ་བོད་གཞུང་དུ་གོ་མི་སྲིད་པས་དོན་མེད་ཀྱི་སྐུ་ཚེགས་མྱངས་པས་ཅི་བྱ། ཟེར།
    འདི་ལ་གཞུང་གི་གོ་བ་ཡོད་པ་ཡོངས་གྲགས་བྱིས་པ་ཆུང་ངུ་ཚུན་ཆད་ཀྱི་ཤེས་པས། དེ་མ་རེད་ཟེར་ན་ཤེས་མཁན་རྣམས་གད་མོ་འཆོར་བྱེད་དང་ཁྱེད་ཀྱི་ནང་ཆ་ཕྱིར་བསྟན་པ་ལས་མེད་པ་མཁྱེན་འཚལ།
    འདི་ལ་མི་ཕམ་ཚངས་ཐིག་གིས་དབྱིན་སྐད་མ་སྐད་པ་ཆེས་མང་པོར་གོ་བསྡུར་བྱས་ཚར་ནས། བོད་པ་དབྱིན་ཇི་སྐད་རིགས་དང་པོར་གྱུར་ཅིང་ཤེས་འཇོན་ལྷག་བསམ་ཅན་ཀུན་ལ་བསམ་གཞིག་གིས་རྒྱབ་སྐྱོར་གྱི་རེ་བ་ཞུས་ཡོད་པ་ལས། ཁྱེད་ལྟ་བུའི་དོན་མེད་ཚིག་འཁྲིའི་རྩོད་ཉོག་གིས་ལེགས་བྱས་ལ་བར་ཆད་གཏོང་མཁན་ཞིག་ལ་འདྲི་འདོད་མེད་པས། འོས་མེད་འགན་མེད་ཀྱི་ངལ་བ་དང་དུ་ལེན་མི་དགོས།
    མཐར་ཀློག་མཁན་རྣམས་ཀྱིས་ཤེས་དགོས་པ་ཞིག་ལ། གངས་ཅན་པའི་འབྱུང་འགྱུར་བསྟན་སྲིད་བདེ་སྐྱིད་ཀྱི་རྨང་གཞིའི་ཆེད་དུ་བབ་ཐོབ་ཀྱི་མཚན་བྱང་ཙམ་གླེང་དུས་ཁོང་ཁྲོ་གཏིང་ནས་ལངས་ཏེ་མི་བཟོད་མཁན་རྣམས་ཀྱི་དམིགས་ཡུལ་ཅི་ཡིན་ཤེས་དགོས་སོ།། །།

    Reply
  9. འབྲུག་གྲགས་རྒྱལ་པོ། says:
    ལོ་ 13 སྔོན།

    ཚེ་རིང་ཟླ་བར་མངོན་པར་བསྟོད་དོ། གང་གསུངས་པ་བདེན་དོན་ཁོ་ནར་མཆིས།

    Reply
  10. བཙན་པོའི་བུ། says:
    ལོ་ 13 སྔོན།

    དབང་གྲགས་རྒྱལ་པོ། ཁྱེད་རང་གིས་རང་རེའི་ཆབ་སྲིད་ཀྱི་གལ་གནད་གང་ལ་ངོས་འཛིན་གྱི་ཡོད་དམ། གཞུང་དང་སྒྲིག་འཛུགས་གཉིས་ཀྱི་མིང་འདོགས་ཚུལ་དེ་ཆབ་སྲིད་ཀྱི་གལ་གནད་ཤིག་རེད་དམ། དང་པོ་དེ་ཁྱེད་རང་གིས་དབུ་མའི་ལམ་ཁས་ལེན་གྱི་ཡོད་དམ་མེད། ཡོད་ན། དབུ་མའི་ལམ་གྱི་སྲིད་བྱུས་ནི་རྒྱ་ནག་གི་རྩ་ཁྲིམས་ནང་དུ་སྡོད་རྒྱུ་དེ་རེད། དེ་ལྟར་ཡིན་ན་བོད་གཞུང་ཟེར་བ་ཞིག་སྡོད་ཀྱི་རེད་དམ་མ་རེད། ད་ལྟའི་བོད་གཞང་གི་སྲིད་བྱུས་དེ་དབུ་མའི་ལམ་རེད། དེར་བརྟེན་བོད་གཞུང་གི་ཚབ་ཏུ་སྒྲིག་འཛུགས་ཅེས་བཏགས་ན་མ་འགྲིག་པ་ག་རེ་འདུག ལར་ནས་གནད་དོན་དེ་སྔོན་མ་ནས་ཐག་བཅད་ཟིན་པ་ཞིག་རེད། སླར་ཡང་སྐྱར་ལོག་རྒྱག་དགོས་དོན་ཨེ་ཡོད། ད་ལྟའི་བོད་གཞུང་གི་སྲིད་བྱུས་དེའི་ནང་བོད་མིའི་སྒྲིག་འཛུགས་ཅེས་བཏགས་ན་མི་འཚམས་པ་རྩ་བ་ཉིད་ནས་མེད། མ་གཞི་ནས་ང་ཚོ་བོད་ནི་མིང་ཁོ་ནར་འཐམ་ནས་དུས་ཚོད་སྐྱེལ་མཁན་ཞིག་སྔོན་མ་ནས་གྲུབ་ཡོད། འཛམ་གླིང་གི་མི་རྣམས་ཟླ་བའི་གྲོང་ལ་འགྲོ་བའི་དུས་མཚམས་སུའང་ང་ཚོད་བོད་ནི་ད་དུང་རྣམ་དབྱེ་གཉིས་བཞི་གཉིས་ཐག་མ་ཆོད་པར་དེའི་དུས་ཚོད་མང་པོ་གཏོང་བཞིན་ཡོད། ད་ལྟའི་ཆབ་སྲིད་ཀྱི་རྩོད་གཞི་ཡང་དེ་འདྲ་སེ་འདུག་ག་ གྲོགས་པོ། མ་གཞི་ནས་ཁྱེད་རང་གིས་ཁྱི་རྒན་ཀུ་ཙོ་འདོན་པ་ན། རྒྱུ་མཚན་མེད་པར་གཞན་དག་རྒྱུག་ཞེས་རྒྱུ་མཚན་མེད་པ་དེ་༧རྒྱལ་བའི་གསུང་དེ་རེད་དམ།

    Reply
  11. དབང་གྲགས་རྒྱལ་བོ། says:
    ལོ་ 13 སྔོན།

    མི་ཕམ་ཚངས་ཐིག་གྱིས་རང་གཞུང་གི་ཆབ་སྲིད་གལ་གནད་དང་མ་འོང་རང་རེའི་མི་རབས་ལ་བསམ་ཞིབ་ངང་གལ་གནད་བགྲོ་གླེང་བྱས་པ་དང་། ༧གོང་ས་མཆོག་གི་བཀའ་དགོངས་དོན་ཐོག་ནས་ངོ་ལྐོག་མེད་པར་བཤད་ཅིང་། སྒྲུབ་བྱེད་དུ་དྲངས་པ་ཞིག་རེད་འདུག་ལ། ༧གོང་ས་མཆོག་གི་བཀའ་གསུང་བཞིན་རང་རེའི་རྩ་དོན་གྱི་གལ་གནད་ལ་ངོ་སྲུང་དང་། གཡོ་ཟོལ་མེད་པར་དངོས་ཐོག་བདེན་འཚོལ་གྱིས་བཤད་པ་ཞིག་རེད་འདུག་པས། འདི་ལ་སུས་ཀྱང་རྒོལ་པར་བྱ་མི་ཐུབ་པར་འདོད། གལ་སྲིད་རྒོལ་འདོད་མཁན་ཡོད་ན་དང་པོ་རང་ཉིད་ཀྱིས་འདི་ལྟར་རང་རེའི་རྩ་དོན་དང་མ་འོང་བོད་ཀྱི་ཆབ་སྲིད་གལ་གནད་སོགས་ལ་འགན་འཁུར་གྱིན་འདུག་གམ་མི་འདུག་སོགས་ལ་བསམ་གཞིག་ཟབ་མོ་རེ་བྱ་དགོས་པ་ལས། ཁྱི་རྒན་ཀུ་ཅོ་འདོན་པ་ན། །རྒྱུ་མཚན་མེད་པར་གཞན་དག་རྒྱུག་པའི་ལས་སུ་ཞུགས་མཁན་དག་ནི། རང་རང་གི་ནང་ཆ་ཕྱི་ལ་འགྲེམས་པ་ཙམ་ལས་ཅི་ཡང་མེད་པར་མཐོང་ངོ་། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese