མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གིས་བོད་དོན་བཟང་ཕྱོགས་སུ་འགྱུར་བའི་ཐུཊ་རེ།

བོད་ཀྱི་དུས་བབ།
༢༠༡༢/༠༨/༣༡
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་༸གོང་ས་མཆོག་གིས་རུའི་ཊར་གསར་ཁང་གི་བཅར་འདྲིའི་སྐབས། བོད་དོན་ཐོག་རྒྱ་གཞུང་གི་ལངས་ཕྱོགས་ལ་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་རྒྱུའི་རྟགས་མཚན་གང་འཚམ་མངོན་བཞིན་ཡོད་སྐོར་གསུངས་འདུག

ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་༸གོང་ས་མཆོག་གིས་བཞུགས་སྒར་ཕོ་བྲང་དུ་རུའི་ཊར་ Reuters གསར་འགོད་པའི་དྲི་བར་བཀའ་ལན་གནང་སྐབས། བོད་ཀྱི་གནད་དོན་ཐོག་རྒྱ་གཞུང་གི་ལངས་ཕྱོགས་ལ་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་རྒྱུའི་རྟགས་མཚན་གང་འཚམ་མངོན་བཞིན་ཡོད་སྟབས། དེར་ཐུགས་རེ་ཆེན་པོ་གནང་བཞིན་ཡོད་སྐོར་དང་། རྒྱ་གཞུང་གིས་ལངས་ཕྱོགས་ལ་འགྱུར་བ་བཏང་བ་ཡིན་ན། བཙན་བྱོལ་བོད་མིའི་འགོ་ཁྲིད་ཀྱིས་རྒྱ་ནག་གཞུང་དང་མཉམ་བསྐྱར་དུ་གྲོས་མོལ་བྱ་རྒྱུའི་གྲ་སྒྲིག་ཨང་གསར་ཡོད་པ་གསུངས་འདུག 

དེ་བཞིན། ༸གོང་ས་མཆོག་གིས་རྒྱ་གཞུང་གི་འབྱུང་འགྱུར་སྲིད་འཛིན་ཞི་ཅིན་ཕེན་གྱིས། རྒྱ་གཞུང་གིས་ལོ་ངོ་བཅུ་ཕྲག་མང་པོའི་རིང་བོད་ཐོག་འཛིན་པའི་མཁྲེག་བཟུང་སྲིད་བྱུས་ལ་འགྱུར་བ་གཏང་སྟེ། ལངས་ཕྱོགས་གསར་པ་ཞིག་འཛིན་རྒྱུ་རེད་ཅེས་བརྗོད་རྒྱུ་ད་ལྟ་སྔ་དྲགས་རྐྱེན་མཐའ་གཅིག་ཏུ་བརྗོད་མི་ཐུབ་ཀྱང་། ཁོང་ལ་རྒྱ་རིགས་ཆོས་གྲོགས་མང་པོ་ཞིག་གིས་ཞི་ཅིན་ཕེན་ཁོང་ཕྲན་བུ་ཞི་འཇམ་ཡོད་སྐོར་བརྗོད་པ་དང་། དེ་བཞིན། རྒྱ་ནག་སྐམ་ས་ནས་མཇལ་ཁ་ཞུ་མཁན་མང་པོ་ཞིག་དྷ་སར་ཡོང་བཞིན་པའི་ཁོངས་ནས། རྒྱ་ནག་གུང་ཁྲན་གྱི་འགོ་ཁྲིད་མཐོ་གྲས་དང་འབྲེལ་བ་ཡོད་ཚུལ་བརྗོད་མཁན་འགའ་ཤས་འདུག་ལ།  རྒྱ་ནག་གཞུང་གིས་ལས་དོན་ཚང་མ་རྒྱལ་ཁབ་ཀྱི་བེད་འཇགས་ལ་ཁག་དཀྲི་བྱེད་བཞིན་པར་བརྟེན་མགོ་ཁྲིད་སུ་དང་འབྲེལ་བ་ཡོད་མེད་བརྗོད་ཁག་པོ་འདུག འོན་ཀྱང་རྒྱ་རིགས་ཤེས་ཡོན་མི་སྣ་ཚོས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་ལངས་ཕྱོགས་དེར་འགྱུར་བ་གཏང་སྟེ། ལངས་ཕྱོགས་གསར་པ་ཞིག་འཛིན་དགོས་པའི་བསམ་ཚུལ་འདོན་བཞིན་པ་དེར། རྒྱ་གཞུང་གི་དཔོན་རིགས་ཁག་གཅིག་གིས་མོས་མཐུན་བྱེད་བཞིན་ཡོད་འདུག གནས་ཚུལ་དེ་དག་མཐོང་སྐབས་ང་ཚོར་བློ་སྤོབས་ཆེན་པོ་ཡོང་བཞིན་པའི་བཀའ་ལན་སྩལ་ཡོད་འདུག

རྒྱ་གཞུང་གི་མགོ་ཁྲིད་འཕོ་འགྱུར་གྱི་དུས་ཚོད་བསླེབ་ལ་ཉེ་སྟབས། རིང་མིན་གྲོས་མོལ་བསྐྱར་གསོ་ཡོང་ཐུབ་མིན་ཐད།   ༸གོང་ས་མཆོག་གིས་ “དེ་ནི་བརྗོད་དཀའ། རྒྱ་ནག་གི་སྲིད་འཛིན་གསར་པ་བསྐོ་གཞག་བྱུང་སྟེ་ཟླ་བ་དྲུག་ནས་བཅུ་གཉིས་ཙམ་སོང་རྗེས། གཞི་ནས་ལངས་ཕྱོགས་ལ་འགྱུར་བ་སོང་མིན་རྟོགས་ཐུབ་པ་ལས་དེའི་བར་དུ་ཤོད་ཐུབ་རྒྱུ་ཁག་པོ་རེད། རྒྱ་ནག་གཞུང་གིས་འདས་པའི་ལོ་དྲུག་ཅུའི་རིང་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱས་པ་དེ་ནོར་འཁྲུལ་ཡིན་པ་ཤེས་རྟོགས་ཡོང་ངེས་རེད། མའོ་ཙེ་ཏུང་གིས་དབང་ཆ་མེ་མདའི་ཁ་ནས་ཐོན། ཞེས་པའི་སྲིད་བྱུས་དེ་ད་ཆ་དུས་ཚོད་ཡོལ་ཟིན།” ཞེས་གསུངས་འདུག 

གསར་འགོད་པས་བོད་མིས་རང་ལུས་མེར་སྲེག་སྐོར་བཀའ་འདྲི་གནང་སྐབས། ༸གོང་ས་མཆོག་གིས་ “ངོས་ཀྱིས་བོད་མི་ཚོར་འུ་ཐུག་ཐབས་ཟད་པའི་ལས་འགུལ་དེ་རིགས་སྤེལ་རྒྱུར་བརྒྱུད་སྐུལ་གང་ཡང་བྱེད་ཀྱི་མེད། འོན་ཀྱང་ཁོང་ཚོར་དཀའ་ངལ་ཇི་འདྲ་ཞིག་ཡོད་པ་ང་ཚོས་བསམ་ཤེས་ཐུབ་པ་ཞིག་རེད། གནས་ཚུལ་དེ་རིགས་ནི་ཧ་ཅང་བློ་ཕམ་སྐྱེ་གཞི་ཞིག་ཡིན། དེར་བརྟེན་རྒྱ་ནག་གཞུང་གིས་བོད་མིས་རང་ལུས་མེར་སྲེག་གཏོང་དགོས་ཐུག་པའི་རྒྱུ་རྐྱེན་གཙོ་བོ་ག་པར་ཐུག་ཡོད་མེད་རྩད་གཅོད་བྱེད་དགོས། རྒྱ་ནག་གཞུང་གིས་ལས་སླ་པོའི་ཐོག་ནས་ངོས་དང་བོད་མི་ཉུང་ཤས་ཤིག་ལ་འགན་ཁག་དཀྲི་ཐུབ་ཀྱང་། དེས་བོད་མིའི་དངོས་ཡོད་དཀའ་ངལ་སེལ་མི་ཐུབ།” ཅེས་གསུངས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་། བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་བརྩམས་པའི་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་བཞིན་པ། ༢༠༢༦།༠༥།༢༢ བོད་ཀྱི་དཔེ་མཛོད་ཁང་གི་པར།
Mobile App

བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༡༤ སྔོན་ལ།
བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས། ༢༠༢༦།༥།༢༡བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

ཆུ་ཚོད་ ༡༩ སྔོན་ལ།
བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

༢༠༢༦/༠༥/༢༡
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

༢༠༢༦/༠༥/༢༡
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠

མཆན། 10

  1. བློ་བཟང་ཕུན་ཚོགས། says:
    ལོ་ 14 སྔོན།

    ༧དུས་ཀྱི་སྟོན་པ་གོང་ས་རྒྱལ་བ་རིན་པོ་ཆེ་ཁྱེད་ཀྱི་གསུང་གི་བདུད་རྩུ་རེ་རེ་ལ། རྒྱུ་མཚན་སྟོང་གི་མར་ལོ་ཕྱུག་ཡོད་ན་བློ་ལྡན་སུ་ཞིག་ཁྱེད་ཀྱི་རྗེས་མི་འགྲང་།

    Reply
  2. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    སྔོན་ཆད་བདག་གིས་ནོངས་པ་ཅི་མཆིས་པ།
    བདག་གིས་ཁྱེད་ཀྱི་སྤྱན་སྔར་མཐོལ་ཞིང་བཤགས། 
    ཉམ་ཆུང་བདག་ལ་བཟོད་བཞེས་གནོངས་བར་མཛོད།
    བརྩེ་བས་ཐུགས་ཀྱིས་བདག་ལ་གཟིགས་སུ་གསོལ།

    Reply
  3. བློ་འཕེལ། says:
    ལོ་ 14 སྔོན།

    མགོན་པོ་མཆོག། སྐུའི་ཕྲེང་བ་ཐམས་ཅད་དུ་ཁ་བ་ཅན་པ་སྤྱི་དང་། ལྷག་པར་ལྷག་བསམ་སླད་མེད་པར་ཁ་བའི་བསྟན་སྲིད་ཆེད་ལས་གང་དུ་ཞུགས་པའི་ཤི་གསོན་ཐམས་ཅད་ཐུགས་དམ་སྐྱབས་འོག་ནས་མི་འདོར་བར་མཁྱེན།
    ཡང་སྒོའི་བོད་དང་རྒྱ་ནག་ནང་དུ་ཕེབས་ཐུབ་པའི་ཐབས་ལམ་ལ་དགོངས་བཞེས་ཡོད་པར་མཁྱཻན།

    Reply
  4. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    སྙིགས་ལྔའི་རྒུད་ཚོགས་དུས་ངན་རླུང་ཤུགས་ཀྱིས།།
    སྙིགས་དུས་འགྲོ་བའི་དུག་གསུམ་མེ་དཔུང་སྦུད།།
    སེམས་ཀྱི་ཞི་བདེ་ཐལ་བར་བརླག་པའི་དུས།།
    ཀུན་ཕན་སྙིང་རྗེའི་ཆོས་ཆར་འབེབས་ལ་བསྟོད།།

    Reply
  5. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    མགོན་པོ་ཁྱེད་ཀྱི་ཚིག་གི་ཟུར་རེ་ཡང་། །རྒྱུ་མཚན་སྟོང་ཕྲག་བརྩེགས་ནས་གསུངས་ལགས་ན། །གཟུར་གནས་བློ་མིག་ལྡན་པའི་རྒྱ་དག་ཀྱང་། །ཁྱེད་ལ་སྐྱབས་སོང་ངོ་མཚར་སྐྱབས་སུ་འགྲོ། །

    Reply
  6. གནས་ཚང་། says:
    ལོ་ 14 སྔོན།

    འབྲུག་གྲགས་རྒྱལ་པོ་ལགས། ག་ལེར་སྒུག་སྡོད་དང་། ལས་འགུལ་བོད་ནང་དུ་བྱུང་བཞིན་པ་ལྟར་ལས་འཆར་ཆ་ཚང་ཡང་བོད་ནང་ནས་ཐོན་ཡོང་གི་རེད། དེ་དུས་ད་གཟོད་གཞིས་བཞུགས་སྤུན་ཟླའི་དགོས་འདུན་ལ་གཞོག་འདེགས་གང་ཐུབ་བྱེད་ཀྱི་ལས་ཅི་ཡང་ལྷག་ཡོད་པ་མ་རེད།

    Reply
  7. སྐྲན། says:
    ལོ་ 14 སྔོན།

    ཐམས་ཅད་ཁྱོད་ལས་གཞན་མེད་རྗེས་སུ་ཟུངས། ། ཐུགས་རྗེ་ལྕགས་ཀྱུས་བོད་ཡུལ་ཁམས་ལ་ཕྲོངས།།

    Reply
  8. སྐར་མདའ། says:
    ལོ་ 14 སྔོན།

    ད་རྒྱ་ནག་གི་དཔོན་རབས་ལྔ་པ་དེ་ལ་སྔར་བཞིན་གྱི་རེ་བ་དེ་རྒྱག་གི་ཡོད་པ་རེད། དེ་སྐབས་ཀྱང་བོད་ཀྱི་མང་པོ་ཞིག་བློས་གཏོང་བྱ་དགོས་ཆགས་ཀྱི་རེད། དཔེར་ན། བཀའ་ཟུར་ཟམ་གདོང་སྐབས་ཀྱི་བོད་ཀྱི་བརྗོད་ཚིག་དེ་དག་དང་། བློ་སེང་སྐབས་སུ་བོད་ཀྱི་གཞུང་མིང་དེ་ཚོགས་པ་ཞིག་གི་ངོ་བོར་བསྒྱུར་བ་ལྟ་བུ་རེད།

    Reply
  9. འབྲུག་གྲགས་རྒྱལ་པོ། says:
    ལོ་ 14 སྔོན།

    གནས་ཚང་ལགས། འོ་ན་ང་ཚོས་ག་རེ་བྱེད་ཀྱི་རེད་དམ།

    Reply
  10. གནས་ཚང་། says:
    ལོ་ 14 སྔོན།

    དོན་དག་གཙོ་བོ་དེ་ཞིས་ཅིན་ཕེན་མི་ཞི་འཇམ་ཡོད་མེད་ལ་ཐུག་ཡོད་པ་ཞིག་མ་རེད། མི་དེས་སྣེ་ཁྲིད་ཀྱིན་པའི་ཚོགས་ཁག་ཆེན་པོ་དེར་ཞི་འཇམ་མེད་དུས། མི་རྐང་གཅིག་གིས་ཡོང་ཡ་ཞིག་མ་རེད། སྔར་ཧའོ་ཡོ་པང་ལྟ་བུར་འགྱུར་རྒྱུ་རེད། རྒྱ་ནག་གི་མྱུལ་མ་ཚོས་ཁ་ལ་ཉན་ཡ་རྩ་བ་ཉིད་ནས་ཡོད་པ་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese