མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀུ་ཤུ་དང་སམ་སུང་གཉིས་ཀྱི་ཁ་མཆུ།

བོད་ཀྱི་དུས་བབ།
༢༠༡༢/༠༨/༣༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཉི་ཧོང་རྒྱལ་ས་ཊོ་ཀའེ་ཡོའི་རྫོང་ཁྲིམས་ཁང་གིས། སམ་སུང་ཁེ་ལས་བཟོ་སྐྲུན་གྱིས་ཀུ་ཤུ་རྟགས་ཅན་གྱི་ཁ་པར་དང་གློག་ཀླད་བཟོ་སྐྲུན་ཐོན་རྫས་ལ་དཔེ་བཤུ་བྱས་མེད་པའི་ཐག་གཅོད་བྱས་འདུག

འཛམ་གླིང་ནང་ཁེ་ལས་འཕྲུལ་ཆས་བཟོ་སྐྲུན་ཆེ་གྲོས་ཀུ་ཤུ་རྟགས་ཅན་(Apple Campany) དང་སམ་སུང་(Samsung Campany) གཉིས་བར་ཕུན་ཚུན་དཔེ་བཤུ་བྱེད་ཀྱི་ཡོད་པའི་ཁ་མཆུ་ཐེངས་མང་བྱུང་བཞིན་པ་ལྟར། ཉེ་ཆར་ཨ་རིའི་ཁཱ་ལི་ཧྥོར་ནེ་ཡའི་ཁྲིམས་ཁང་ཞིག་གིས་ཀུ་ཤུ་རྟགས་ཅན་ཁེ་ལས་བཟོ་སྐྲུན་ཁང་གིས་སམ་སུང་གི་ཐོན་རྫས་ལ་དཔེ་བཤུ་བྱས་མེད་པ་དང་། ལྷོ་ཀོ་རེ་ཡའི་ནང་ཡོད་པའི་སམ་སུང་ཁེ་ལས་བཟོ་སྐྲུན་ཁང་གིས་ཀུ་ཤུ་རྟགས་ཅན་གྱི་ཁ་པར་དང་ཐོན་རྫས་ཁག་ཅིག་ལ་དཔེ་བཤུ་བྱས་ཡོད་པའི་ཐག་གཅོད་བྱས་ཏེ། ཀུ་ཤུ་རྟགས་ཅན་གྱི་ཁེ་ལས་བཟོ་སྐྲུན་ཁང་ལ་ཨ་སྒོར་ཐེར་འབུམ་ ༡ ལྷག་གི་གུན་གསབ་སྤྲོད་དགོས་པ་བསྒྲགས་རྗེས། ཀུ་ཤུ་རྟགས་ཅན་གྱི་ཁེ་ལས་བཟོ་སྐྲུན་ཁང་གིས་ཁོ་ཚོའི་ཁ་པར་ལ་དཔེ་བཤུ་བྱས་པའི་སམ་སུང་གི་ཁ་པར་མ་འདྲ་བ་ ༨ ཙམ།  རྒྱལ་སྤྱི་དང་ཨ་རིའི་འཕྲུལ་ཆས་ཁྲོམ་ར་ནས་ཉོ་ཚོང་བྱ་མི་ཆོག་པའི་ཁྲིམས་གཏུགས་བྱས་ཡོད་འདུག

དེ་རིང་ཉི་ཧོང་གི་རྒྱལ་ས་ཊོ་ཀའེ་ཡོ་(Tokyo) ནང་གི་རྫོང་ཁྲིམས་ཁང་ཞིག་གིས། ཨ་རིའི་ཁྲིམས་ཁང་གི་ཁ་མཆུ་ཐག་གཅོད་དེར་ངོས་ལེན་མེད་པའི་ཐག་གཅོད་བྱས་འདུག་ལ།  ཁྲིམས་ཁང་དེའི་ཁྲིམས་དཔོན་ཊ་མཱོ་ཚུ་(Tamotsu Shoji) ཡིས། སམ་སུང་ཁེ་ལས་བཟོ་སྐྲུན་ཁང་གི་ཐོན་རྫས་རིགས་ཀྱིས། ཀུ་ཤུ་རྟགས་ཅན་གྱི་ཐོན་རྫས་ཉོ་ཚོང་ལ་འགོག་རྐྱེན་འཕྲད་མེད་པ་དང་། སམ་སུང་ཁེ་ལས་བཟོ་སྐྲུན་ཁང་གིས་ཀུ་ཤུ་རྟགས་ཅན་གྱི་ཁ་པར་སོགས་ལ་དཔེ་བཤུ་བྱས་མེད་པ་ར་འཕྲོད་བྱུང་ཡོད་སྐོར་བརྗོད་འདུག

ཉི་ཧོང་ཁྲིམས་ཁང་གི་ཐག་གཅོད་ཕྱིར་བསྒྲགས་བྱས་འཕྲད། སམ་སུང་ཁེ་ལས་བཟོ་སྐྲུན་ཁང་གིས་ཁྲིམས་ཁང་གི་ཐག་གཅོད་ལ་དགའ་བསུ་ཡོད་སྐོར་དང་། ཀུ་ཤུ་རྟགས་ཅན་གྱི་ཁེ་ལས་བཟོ་སྐྲུན་ཁང་གི་ཐོན་རྫས་དཔེ་བཤུ་བྱས་མེད་པའི་བསྒྲགས་གཏམ་སྤེལ་འདུག  ཁྲིམས་ཁང་གི་ཐག་གཅོད་དེའི་ཐད་གསར་ལམ་ཁག་གིས། ཉི་ཧོང་ནང་ཡོད་པའི་ཀུ་ཤུ་རྟགས་ཅན་གྱི་ཁེ་ལས་བཟོ་སྐྲུན་ཁང་ལ་བཅར་འདྲི་བྱས་པར་ལན་འདེབས་གང་ཡང་བྱས་མི་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༢༢ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 3

  1. བསམ་འགྲུབ། says:
    ལོ་ 14 སྔོན།

    གསར་འགོད་པ་བནྟེ་སྐྱབས་ལགས། མ་གཞི་གསར་འགྱུར་ཡག་པོ་འདུག ང་རང་སྒེར་ལ་མཚོན་ན་ནམ་རྒྱུན་བོད་ཡིག་ནང་ལྟ་ཀློག་བྱེད་མི་ཐུབ་པའི་རྒྱལ་སྤྱིའི་ཐོག་གི་གནས་ཚུལ་འདིའི་སྐོར་ལ་དགའ་མོས་ཆེན་པོ་ཡོད་མཁན་ཞིག་ཡིན། ཡིན་ནའང་གསར་འགྱུར་འབྲི་སྟངས་ད་དུང་ཚད་འདང་ངེས་ཤིག་ཡོང་ཐུབ་ཀྱིན་མི་འདུག ཞིབ་ཚགས་མོ་བྱས་ཏེ་འཁོད་མི་འདུག དེང་སྐབས་མི་ཚང་མ་བྱེ་བྲག་གི་གནས་ཚུལ་ཁ་གསལ་བོར་དགའ་མོས་ཡོད་པ་རེད།
    ངས་འོག་ཏུ་ཀུ་ཤུ་དང་སམ་སེང་རྟགས་ཅན་གྱི་ཁ་འཆིའི་སྐོར་གྱི་གསར་འགྱུར་མདོ་བསྡུས་ཤིག་འགོད་ཆོག་པ་བྱོས། དེའི་ནང་དུ་ཧ་ཅང་གསལ་བོ་ཡོད།
    འདས་པའི་བདུན་ཕྲག་གསུམ་གྱི་སྔོན་ཀུ་ཤུ་རྟགས་ཅན་གྱི་བཟོ་གྲྭ་དང་སམ་སེང་Samsungབཟོ་གྲྭའི་བར་ཁྲིམས་ཁང་དུ་ཁ་མཆུ་བརྒྱབ་ཡོད་པ་དང། ཀུ་ཤུ་རྟགས་ཅན་གྱི་ཁེ་དབང་སྒེར་སྤྱོད་ཀྱི་ཐོབ་ཐང་ Patent Rightsདེ་སེམ་སང་གིས་ཆོག་མཆན་མེད་པར་འདྲ་བཤུས་བྱས་པའི་གྱོེད་གཞི་དེ་ཀུ་ཤུ་རྟགས་ ཅན་གྱི་བཟོ་གྲྭར་ཐོབ་འདུག དེ་ཡང་ཟླ་འདིའི་ཚེས་༢༨ ཉིན་ཨ་རིའི་ཁྲིམས་ཁང་ཞིག་ནས་ཀུ་ཤུ་རྟགས་ཅན་གྱི་བཙུགས་པའི་གྱོད་གཞི་ཕལ་ཆེ་བ་ རྒྱུ་མཚན་དཔང་རྟགས་ཡོད་པར་ར་འཕྲོད་བྱུང་རྗེས། སེམ་སང་གིས་ཀུ་ཤུ་རྟགས་ཅན་གྱི་བཟོ་གྲྭར་གུན་གསབ་ཨ་སྒོར་ཐེར་འབུམ་གཅིག་ལྷག་(ཨ་སྒོར། ༡,༠༤༩,༣༤༣,༥༤༠) སྤྲོད་དགོས་པའི་ཁྲིམས་ཐག་བཅད་ཡོད་པ་རེད།
    ཀུ་ཤུ་རྟགས་ཅན་ལ་རྒྱལ་ཁ་ཐོབ་རྗེས་ཁྲིམས་ཁང་ནས་སེམ་སང་གི་ལག་ཐོགས་ཁ་པར་ཁྲོམ་ རྭ་ནས་བཀག་འགོག་དགོས་པ་རྣམས་ཀྱི་མཐོ་གཞུང་འབུལ་དགོས་ཞེས་བཀའ་བཏང་བ་བཞིན། ཀུ་ཤུ་རྟགས་ཅན་གྱིས་ཀྱང་སེམ་སང་གྱི་ལག་ཐོགས་ཁ་དཔར་བཟོ་དབྱིབས་རྙིང་པ་ (Old Model) བརྒྱད་ཀྱི་མཐོ་གཞུང་ཕུལ་ཡོད་པ་དང། དེ་དག་བརྒྱད་པོ་སྟེ། ༡༽ Galaxy S 4G, ༢༽ Galaxy S2 AT&T model, ༣༽ Galaxy S2 Skyrocket, ༤༽ Galaxy S2 T-Mobile model, ༥༽ Galaxy S2 Epic 4G, ༦༽ Galaxy S Showcase, ༧༽ Droid Charge and ༨༽ Galaxy Prevail. བཅས་ཡིན་འདུག དེའི་མ་ཚད་ཀུ་ཤུ་རྟགས་ཅན་བཟོ་གྲྭས་སེམ་སང་གི་ཐོན་གསར་ལག་ཐོགས་ཁ་དཔར་(New Model) ཁག་བཅུ་བཞི་ཁྲོམ་རྭ་ནས་བཀག་འགོག་དགོས་པའི་ཞུ་གཏུགས་བྱས་འདུག
    གྱོད་གཞི་དེའི་ཐོག ༢༠༡༤ ལོར་ཉན་ཞིབ་བྱ་རྒྱུའི་དུས་ཚོད་གཏན་འབེབས་གནང་འདུག སྤྱིར་ད་ལྟའི་གྱོད་གཞིའི་རྒྱལ་ཁ་དེ་ཀུ་ཤུ་རྟགས་ཅན་བཟོ་གྲྭར་ཐོབ་ཡོད་རུང། སེམ་སང་གི་ངོས་ནས་ཐག་གཅོད་དེར་བསྐྱར་དུ་ཞུ་གཏུགས་ཀྱི་གོ་སྐབས་དགོས་པའི་ འབོད་སྐུལ་ཞུས་པ་བཞིན། ཁྲིམས་ཁང་ནས་རྗེས་མའི་ཟླའམ་ཟླ་བ་༡༢ ཚེས་༦ གང་རུང་ཞིག་ལ་ཉན་ཞིབ་བྱ་རྒྱུའི་བརྡ་ཁྱབ་བཏང་འདུག ཁྲིམས་ཐག་གཅོད་མཁན་གྱི་ཁྲིམས་དཔོན་དེར་གུན་གསབ་དངུལ་ཆད་ལྡབ་སུམ་འགྱུར་སྤར་ རྒྱུ་དང། དེ་མིན་ཀུ་ཤུ་རྟགས་ཅན་གྱི་ཁྲིམས་རྩོད་པའི་གླ་ཕོགས་ཀྱང་སེམ་སང་ནས་འཇལ་ རྒྱུའི་དབང་ཚད་ཡོད་ལུགས་བརྗོད་མཁན་ཡང་འདུག
    སྤྱིར་སེམ་སང་དེ་ལྷོ་ཀོ་རི་ཡའི་བཟོ་གྲྭ་འབྱོར་ལྡན་ཆེ་ཤོས་དེ་ཡིན་པ་དང། ལག་ཐོག་ཁ་པར་བཟོ་བསྐྲུན་གཙོས་གཞན་ཚོང་ལས་སྣ་ཚོགས་གཉེར་མཁན་གྱི་རྒྱལ་སྤྱིའི་ བཟོ་གྲྭ་སྐད་གྲགས་ཆེ་བ་ཞིག་ཡིན་པ་རེད། ཀུ་ཤུ་རྟགས་ཅན་ནི་ཨ་རིའི་བཟོ་གྲྭ་ཞིག་ཡིན་པ་དང། ཉེ་བའི་ཆར་ཁོང་ཚོས་ཨ་ཡི་པེཌ་དང། ཨ་ཡི་པོཌ། དེ་བཞིན་ཨ་ཡི་ཧྥོན་སོགས་འཕྲུལ་ཆས་གསར་གཏོད་གཅིག་རྗེས་གཉིས་མཐུད་ཀྱིས་ཁྲོམ་ རྭར་དངོས་ཟོག་རྒྱུག་ཆེན་པོ་ཡིན་པ་རེད། ད་ལྟའི་ཆར་འཛམ་གླིང་ནང་ལག་ཐོགས་ཁ་པར་རྒྱུག་ཆེ་ཤོས་གསུམ་ནི། དང་པོ་སེམ་སང། (Samsung) དང། གཉིས་པ་ནཱོ་ཀི་ཡ། (Nokia) གསུམ་པ་ཀུ་ཤུ་རྟགས་ཅན་ཡིན་པ་རེད།

    Reply
  2. བྱ་གཞུང་འཇམ་བྷེ says:
    ལོ་ 14 སྔོན།

    ཟླཱ་འདིའི་ཚེས་25ཉིན་ཀན་ལྷོ་ཁུལ་དཔའ་རིས་རྫོང་གི་བཟོ་ཚོང་དངུལ་ཁང་ན་ལས་ཀ་བྱེད་བཞིན་པའི་བུད་མེད་འཇམ་དབྱངས་མེ་ཏོག་ཟེར་བ་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་འདུག གནས་ཚུལ་འདི་(བེ་ཤིན་)ནང་དུ་བཀོད་འདུག
    བདེན་པ་ཡིན་མིན་མི་ཤེས་པས་གསར་བཀོད་པས་རྩལ་གཅོད་གནང་རོགས། ལྟོས་ཚར་རྗེས་བསུབ་རོགས། མཆན་མིན

    Reply
  3. བྱ་གཞུང་འཇམ་བྷེ says:
    ལོ་ 14 སྔོན།

    དེ་རིང་གི་གསར་འགྱུར་འགོ་བརྗོད་ཁག་ཅིག།༢༠༡༢།༠༨།༣༠།
    1. ཟླ་བ་འདིའི་ཚེས་༢༥་ཉིན་ཀན་ལྷོ་ཁུལ་དཔའ་རིས་རྗོང་གི་བཟོ་ཚོང་དངུལ་ཁང་ནང་ལས་ཀ་བྱེད་བཞིན་པའི་བོད་རིགས་བུད་མེད་འཇམ་དབྱངས་མེ་ཏོག་ཟེར་བ་ཞིག་ནས་རང་ལུས་མེར་སྲེག་གནང་ཡོད་འདུག
    2. བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་གཉན་རོང་རྫོང་གི་རྟ་རྒྱུགས་དུས་ཆེན་སར་བོད་མི་དང་རྒྱ་ནག་གི་བདེ་འཇགས་དཔུང་དམག་འཁྲུགས་ཟིང་ཤུགས་ཆེན་བྱུང་ཡོད་དང་། དེ་རྗེས་བོད་མི་མང་པོ་ཞིག་འཛིན་བཟུང་བྱས་ཡོད་ཀྱང་དེའི་སྐོར་གྱི་གནས་ཚུལ་ཕྱིར་བསྒྲག་མི་ཡོང་བའི་ཆེད་བཀག་འགོག་བྱས་ཡོད་འདུག
    3. ཁམས་ལི་ཐང་དགོན་གྱི་གྲྭ་འཇམ་དབྱངས་བསྟན་འཛིན་ལགས་ས་གནས་རྒྱ་ནག་ཉེན་རྟོག་པས་གློ་བུ་དུ་སླར་ཡང་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
    4. སླར་ཡང་ཚེས་༢༩་ཉིན་བལ་ཡུལ་ནས་བོད་ལ་ཕྱིར་ལོག་བྱེད་མཁན་བོད་མི་མི་གྲངས་༡༡་བལ་བོད་ས་མཚམས་འགྲམ་བརྒྱུད་ཕྱིར་བལ་ཡུལ་ལ་ཕྱིར་ཕུད་བྱས་ཡོད་འདུག
    5. འཇར་མན་གྱི་དབུ་ཁྲིད་ལྕམ་མར་ཀེལ་མཆོག་རྒྱ་ནག་གི་དཔོན་རིགས་རྣམ་དང་མཇལ་འཕྲད་གནང་བའི་སྐབས་བོད་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་བཀའ་མོལ་གནང་འཆར་ཡོད་འདུག
    6. ཨ་རིའི་Connecticut གཙུག་ལག་སློབ་གཉེར་ཁང་ནང་གོང་ས་མཆོག་ཆིབས་བསྒྱུར་གནང་འཆར་གྱི་མཛད་རིམ་དང་བསྟུན་ནས་ལག་རྩལ་གྱི་འགྲེམ་སྟོན་ཞིག་གོ་སྒྲིག་ཞུས་ཡོད་འདུག
    7. ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པས་རྒྱ་རིགས་དོན་གཉེར་བ་Chen Guangcheng ཐའེ་ཝན་ནང་མགྲོན་འབོད་བྱ་རྩིས་ཡོད་པའི་གནས་ཚུལ་ཐོན་འདུག༎
    8. འདི་ལོ་ཕྱི་ཟླ་བཞི་པའི་ནང་ རྒྱ་ནག་བྱང་ཤར་Liaoning ཞིང་ཆེན་གྱི་Fengcheng གྲོང་ཁྱེར་དམར་ཤོག་ཚོགས་པའི་འགོ་ཁྲིད་Wang Guoqiang རྒྱ་སྒོར་ས་ཡ་ཉིས་བརྒྱའམ་ཌོར་ལར་ས་ཡ་༣༢ཙམ་འཁྱེར་ནས་བྲོས་བྱོལ་བྱས་ཡོད་ལུགས་གཞུང་འབྲེལ་རྒྱ་ནག་མི་མང་ཉིན་རེའི་གསར་ཤོག་གིས་གནས་ཚུལ་སྤེལ་ཡོད་འདུག།
    9. ཐའེ་ཝན་གྱི་མཚོ་དམག་གིས་རྒྱ་ནག་ལྷོ་ཕྱོགས་རྒྱ་མཚོའི་ཁུལ་རྩོད་རྙོག་ཅན་གྱི་མཚོ་གླིང་ནང་ཤེས་ཡོན་ཅན་གྱི་མི་སྣ་ཁག་ཅིག་ལྟ་སྐོར་དུ་འཁྲིད་ཡོད་འདུག༎
    10. སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་འགྲོ་གི་ཡོད་པའི་རྣམ་པ་ཡོད་སྐོར་གསུངས་གནང་འདུག༎
    11. Mitt Romney ལགས་ཨ་མེ་རི་ཀའི་སྤྱི་མཐུན་ཚོཌ་པའི་སྲིད་འཛིན་འོས་མིར་གཞུང་འབྲེལ་སྒོ་ནས་འདེམས་ཐོན་བྱུང་བའི་ཉིན་གཅིག་གི་རྗེས་སུ་རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་ཁོང་ལ་སྐྱོན་བརྗོད་ཞུས་འདུག
    12. ཨ་མེ་རི་ཀའི་ཕྱི་སྲིད་དྲུང་ཆེ་ལྕམ་Hillary Clinton མཆོག་ལྷོ་རྒྱ་མཚོའི་ཁུལ་དུ་རྒྱ་ནག་གིས་རང་གི་གནོན་ཤུཌ་ཆེ་ཇེར་གཏོང་བཞིན་པར་ཁ་གཏད་གཅོག་ཕྱིར་ཕྱི་ཚེས་༣༡་ཉིན་ཨ་རིའི་གཞུང་འཛིན་སྐུ་ཚབ་འཐུས་མི་ཁག་གཅིག་སྣེ་འཁྲིད་གནང་སྟེ་Cook གླིང་ཕྲན་ནང་ཚོཌ་རྒྱུའི་Pacific Islands Forum འམ་ཞི་བདེ་རྒྱ་མཚོའི་གླིང་ཕྲན་ཁག་གི་ཚོཌ་འདུར་ཕེབས་འཆར་ཡོད་འདུག
    13. ཉེ་དུས་ཨིན་ཇིའི་རྒྱལ་ས་ལོན་གྲོན་ནང་རྒྱལ་སྤྱིའི་ཨོ་ལམ་པིག་རྩེད་འགྲན་སྐབས་སུ་དངུལ་དང་ལི་ཡི་རྟགས་མ་ཐོབ་པ་རྒྱ་གར་གྱི་རྩེད་འགྲན་Vijay Kumar དང་Yogeshwar Dutt གཉིས་ལ་ཁ་ས་རྒྱ་གར་གྱི་རྩེད་འགྲན་པའི་བྱ་དགའ་མཐོ་ཤོས་དེ་གནང་འདུག
    14. རྒྱ་ནག་གི་རྒྱལ་ས་བེ་ཅིང་ནས་ཕུར་བསྐྱོད་ཀྱིས་ཨ་མེ་རི་ཀའི་གྲོང་ཁྱེར་ནེའུ་ཡོག་ལ་ཡོང་མཁན་Air China ཞེས་པའི་གནམ་གྲུ་དེར་ཉེན་བརྡ་ཞིག་འབྱོར་བའི་རྐྱེན་གྱིས་ཁ་ས་ཕྱིར་ལོག་མ་བྱེད་དཀའ་མེད་ཐུབ་འདུག
    15. རྒྱ་ནག་དང་རྒྱ་གར་གཉིས་ཀྱི་དཔལ་འབྱོར་ཐད་མཉམ་ལས་བྱེད་རྒྱུ་ཕྱོགས་ཀྱི་ཚོགས་འདུ་ཐེངས་དགུ་པ་རྒྱ་གར་དུ་འཚོགས་སྐབས་རྒྱ་ནག་གིས་རྒྱ་གར་ནས་ནང་འདྲེན་ཚོང་འབོར་ཆེ་རུ་གཏང་གི་ཡིན་བརྗོད་ཡོད།
    16. ཟླ་འདིའི་ཚེས་༢༩ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་རྟེན་གཞི་བྱས་ཡོད་པའི་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་མཁན་པོ་གསར་པ་བློ་བཟང་ཆོས་ཉིད་མཁན་ཁྲིར་མངའ་གསོལ་གྱི་ཁྲི་སྟོན་མཛད་སྒོ་གནང་འདུག
    17. ཨ་རི་གཞུང་གིས་འགྲེམས་སྤེལ་བྱས་པའི་forbes དུས་དེབ་ཀྱི་ནང་ཕྱི་ལོ་༢༠༡༢ ལོའི་འཛམ་གླིང་གི་བུད་མེད་དབང་སྟོབས་ཆེ་ཤོས་བརྒྱ་བདམ་ཡོད་པ་ནས། དང་པོ། ཇར་མ་ནིའི་སྲིེད་བློན་ཨེན་ཇི་ལ་མར་ཁལ། གཉིས་པ། ཨ་རི་ཕྱི་སྲིད་དྲུང་ཆེ་ལྕམ་ཁི་ལི་ཊོན། གསུམ་པ། ལྷོ་ཨ་རི་ཀ་བྷ་རེ་ཛིལ་གྱི་སྲིད་འཛིན་ལྕམ་རྡིལ་མ་རོ་ཟ་ཡིན་འདུག
    18. ལྷ་ས་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་དྲག་ཆས་ཉེན་རྟོག་གསེར་གཏེར་བཀོད་འདོམས་པུའི་ཡན་ལག་རུ་ཁག ༡༡ པ་ལྷ་སར་བཅའ་སྡོད་དང་གཏེར་འདོན་བྱེད་པ་མ་ཟད། འབྲེལ་ཡོད་ལས་དོན་གཞན་དག་སྤེལ་རྒྱུར་རྒྱབ་སྐྱོར་དང་གཞོགས་འདེགས་ཀྱང་བྱ་རྒྱུ་ཡིན་ཟེར།
    19. ཉེ་ཆར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཙོས་སྤྱི་འཐུས་ཁག་གཅིག་ལྡི་ལིར་ཡོད་པའི་ཕྱིའི་གཞུང་ཚབ་ཁག་ལ་ཆེད་བཅར་གྱིས་བོད་ནང་གི་གནས་སྟངས་ཞུ་གཏུག་བྱས་ཤིང༌། ལྡི་ལི་རྒྱ་ནག་གཞུང་ཚབ་ཁང་གིས་རྒྱལ་ཁབ་གཞན་པའི་གཞུང་ཚབ་ཁང་ལ་ཆེད་བཅར་གིས་སྤྱི་འཐུས་ཚོགས་གཙོ་དང་ཐུག་འཕྲད་བྱེད་མི་ཉན་པའི་ཉེན་བརྡ་བཏང་ཡོད་ཀྱང་དོན་འབྲས་བྱུང་མེད་པ་ཡིན་འདུག
    20. དེ་རིང་ཀརྨ་པ་མཆོག་མཁའ་ལམ་བརྒྱུད་རྡེ་ར་ལྡུན་ལ་ཕེབས་སྐབས་གནམ་ཐང་ནས་བོད་མི་གཙོས་དད་ལྡན་མི་མང་ཚོས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་འདུག
    21. གོང་ས་ཏཱ་ལའི་བླ་མ་མཆོག་ལ་Reuters གསར་ཁང་གིས་གཟའ་ལྷག་པའི་ཉིན་བོད་ཀྱི་གནད་དོན་ཐད་བཀའ་འདྲི་ཁག་ཅིག་ཞུས་འདུག་པར། བོད་ཀྱི་གནད་དོན་ཐད་རྒྱ་ནག་ནང་བསམ་ཤེས་བྱེད་ཕྱོགས་ཐད་སེམས་སྐུལ་ཐེབས་རྒྱུའི་འགྱུར་བ་འགྲོ་གི་ཡོད་པའི་རྟགས་མཚན་འདུག་ཅེས་བཀའ་ལན་ཕེབས་ཡོད་འདུག
    22. བོད་ཁམས་ཡུལ་ཤུལ་ཁུལ་ཁྲི་འདུ་རྫོང་རྫ་སྟོད་ཤང་གི་བོད་མི་ཚོས་ལྷག་དཀར་ཉིན། གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚེའི་ཚེ་སྒྲུབ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བར་དམིགས་ནས། རྒྱ་སྒོར་ཁྲི་བརྒྱ་ལྷག་གིས་རྒྱ་མིའི་བཤས་ར་ནས་ལུག་འབོར་ཆེན་ཞིག་སྲོག་བླུ་གིས་ཚེ་ཐར་བཏང་ཡོད་འདུག
    23. རྒྱ་ནག་གཞུང་གིས་སྐབས་བཅོ་བརྒྱད་པའི་དཔོན་པོ་གསར་པའི་ལས་གནས་གོ་སྒྲིག་སྐབས་ད་ལྟའི་ཀྲུང་ཡོང་ཁང་གི་ལས་གནས་བདེ་འཇགས་དང་ཁྲིམས་འཛིན་ལྷན་ཚོགས་ཀྱི་དབང་ཆ་ཆུང་དུ་གཏོང་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese