མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐུགས་ཕམ་འབྱུང་གཞི་འདི་རིགས་སྐུ་ཕྱྭ་དང་འབྲེལ་བ་ཡོད།

བོད་ཀྱི་དུས་བབ།
༢༠༡༢/༠༩/༠༡
Share on FacebookShare on TwitterShare on EmailShare on Whatsapp


༸གོང་ས་
མཆོག་གིས་ད་ལོའི་ཕྱི་ཟླ་ ༦ ཚེས་ ༢༨ ཉིན་དང་ཕྱི་ཟླ་ ༨ ཚེས་ ༣ ཉིན་བཅས་སོ་སོར། ཨོ་ཊ་ལི་དང་ལ་དྭཊ་བསོད་ནམས་གླིང་གཞིས་མི་ཚོར། སྤྱི་ཚོཊ་ནང་བོད་གཞུང་བསྡུ་གསོག་རྒྱབ་སོང་ཟེར་བ་དེར་ཐུཊ་ཕབ་བྱུང་ཡོད་སྐོར་གསུངས་ཡོད་ཀྱང་། སྤྱི་ཚོཊ་ནང་ད་དུང་གནད་དོན་དེའི་སྐོར་བསམ་ཚུལ་འདྲ་མིན་བཤད་མཁན་འབྱུང་བཞིན་ཡོད་སྟབས། ཁ་སང་ཕྱི་ཚེས་ ༣༡ ཉིན་དབུས་བོིད་མིའི་སྒྲིག་འཛུཊ་བཀའ་ཤག་གིས་གསལ་བསྒྲཊ་ཤིག་སྤེལ་ཏེ། བཙན་བྱོལ་བོད་གཞུང་གི་ཐ་སྙད་ཙམ་ལ་འགྱུར་བ་བཏང་ཡོད་པ་ཙམ་ལས། ༸རྒྱལ་དབང་ལྔ་བའི་སྐབས་བཙུཊ་པའི་སྲིད་གཞུང་གི་རྒྱུན་སྔར་བཞིན་གནས་ཡོད་སྐོར་དང་། ད་ཆར་ཨ་རི་དང་ཡུ་རོབ་སོཊ་འཛམ་གླིང་གང་སར་བོད་མིའི་སྒྲིག་འཛུཊ་དེ་བོད་མིའི་ཁྲིམས་མཐུན་གྱི་གཞུང་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཚུལ། དེ་བཞིན། སྤྱི་ཚོཊ་སྟེང་ཚོཊ་པ་དང་མི་སྒེར་བ་རེ་ཟུང་གིས། བསམ་བཞིན་དཀྲོག་རྐྱེན་བཟོ་བ་དེ་དག་༸གོང་ས་མཆོག་ལ་དྲིན་ལན་འོག་མཇལ་བྱས་པ་ཡིན་སྐོར་སོགས་བརྗོད་འདུག

དབུས་བོད་མིའི་སྒྲིཊ་འཛུགས་ཀྱི་གསལ་བསྒྲགས་དེར་འཁོད་དོན། “སྤྱིར་བོད་གཞུང་ཞེས་པའི་ཐ་སྙད་འདི་བཙན་བྱོལ་ནང་དགོས་དབང་གིས་འགྱུར་བ་གཏོང་དགོས་བྱུང་བ་ཞིག་ལས། ༡༦༤༢ ལོར་༸གོང་ས་ལྔ་པ་ཆེན་པོ་ནས་བཟུང་༸རྒྱལ་མཆོག་རིམ་བྱོན་གྱིས་སྐྱོང་གནང་མཛད་པའི་སྲིད་གཞུང་གི་རྒྱུན་དེ་ད་དུང་མུ་མཐུད་གནས་མུས་ཡིན། དེ་ཡང་༸རྒྱལ་མཆོག་སྐུ་ཕྲེང་བདུན་པ་ཆེན་པོ་མཆོག་ ༡༧༥༡ ལོ་ནས་བཟུང་། ༸གོང་ས་སྐུ་ཕྲེང་རིམ་བྱོན་གྱི་གཞུང་ས་དགའ་ལྡན་ཕོ་བྲང་གི་བཀའ་ཐམ་སྲི་ཞི་བདེ་སྐྱིད་མ་དེ་བཞིན། ༢༠༡༡ ཟླ་ ༨ ཚེས་ ༨ ཉིན་བཀའ་ཁྲིའི་དམ་འབུལ་མཛད་སྒོའི་ཐོག་བཀའ་ཁྲི་གོང་མ་ནས་རྩིས་བཞེས་གནང་སྟེ། ད་ལྟའང་ཕྱག་ལེན་བསྟར་མུས་ཡིན་པ་ནི་གཞུང་དེ་རྒྱུན་མཐུད་ནས་གནས་ཡོད་པ་གསལ་སྟོན་བྱས་ཡོད། བཀའ་བློན་ཁྲི་པ་མཆོག་གིས་དབུ་འཁྲིད་པའི་བོད་མིའི་སྒྲིག་འཛུཊ་འདིར་༸གོང་ས་མཆོག་གིས་ཐུཊ་ཀྱི་བྱིན་རླབས་དང་། བོད་ཕྱི་ནང་གཉིས་ཀྱི་རྒྱ་ཆེའི་མང་ཚོཊ་ཀྱིས་ཡིད་ཆེས་བློ་གཏད་ཞུས་དང་ཞུ་མུས་ཡིན་པ་ཕྱི་གསལ་ནང་གསལ་ཡིན་”ཞེས་འཁོད་འདུག

གསལ་བསྒྲགས་དེར་མུ་མཐུད་འཁོད་དོན། “བོད་ནང་བཀའ་བློན་ཁྲི་པར་བསྟོད་པ་དང་སྨོན་ལམ། མཆོད་འབུལ། དགའ་བསུ། བསང་གསོལ། བསྟོད་གླུ་སོཊ་ཕུལ་ཡོད་པ་བཅས་ནི། གཞིས་ལུས་རྒྱ་ཆེའི་མང་ཚོཊ་ཀྱི་ཁྲིམས་མཐུན་དང་བདག་དབང་། མང་གཙོ་བཅས་ཀྱི་བཙན་བྱོལ་བོད་མིའི་སྒྲིག་འཛུཊ་ཤིག་ལ་ངོས་འཛིན་གསལ་པོ་གནང་ཡོད། དེ་བཞིན་བོད་མིའི་སྒྲིག་འཛུཊ་ཀྱི་མཛད་གཙོ་རྣཊ་ཀྱིས་རྒྱལ་སྤྱིའི་ཡུལ་གྲུ་གང་སར། རྒྱལ་ཁབ་ཀྱི་གནད་ཡོད་མི་སྣ་མང་དག་ཅིག་དང་མཇལ་འཕྲད་ཞུས་སྐབས། ཁོང་རྣམ་པས་བོད་མིའི་ཆབ་སྲིད་དབུ་ཁྲིད་ཀྱི་རྣམ་པར་ངོས་འཛིན་གསལ་པོ་གནང་བཞིན་ཡོད་ལ། གཞན་སྙན་གྲཊ་ཅན་གྱི་རྒྱ་གར་དང་རྒྱ་སྐད་གསར་འགྱུར་གཙོས་འཛམ་གླིང་གསར་འགྱུར་བརྒྱུད་ལམ་མང་པོ་ཞིག་གིས། དུས་རྒྱུན་བོད་མིའི་སྒྲིག་འཛུཊ་འདི་བཞིན་ཁྲིམས་མཐུན་གྱི་བོད་མིའི་གཞུང་ཞིག་གི་རྣམ་པར་ངོས་འཛིན་གསལ་པོ་བྱས་དང་བྱེད་མུས་ཡིན་སྟབས། བཙན་བྱོལ་ནང་ཐ་སྙད་ཙམ་དུ་དགོས་དབང་གི་བོད་གཞུང་ཞེས་བརྗོད་ཀྱི་མེད་ཀྱང་། དོན་དམ་བོད་མིའི་སྒྲིག་འཛུཊ་འདི་ནི་ཨ་རི་དང་ཡུ་རོབ། ཉི་ཧོང་གཙོས་གྲོས་ཚོཊ་ཁག་ནས་གྲོས་ཆོད་དང་གླེང་སློང་གནང་བ་སོཊ། མང་གཙོ་དང་ཁྲིམས་མཐུན་གྱི་བོད་མིའི་སྐུ་ཚབ་མཚོན་ཐུབ་པའི་སྒྲིག་འཛུཊ་ཤིག་ལ་ངོས་འཛིན་གནང་ཡོད་” ཅེས་འཁོད་ཡོད།

ཡང་གསལ་བསྒྲགས་དེར། “ ཨོ་སི་ཊོ་ལི་ཡའི་གྲཊ་ཅན་གསར་ཤོག (Sydney Morning Herald ) ནང་ ༢༠༡༢ ལོའི་ཟླ་ ༦ ཚེས་ ༢༦ ཉིན་པི་ཊར་ཧར་ཊ་ཆར་(Peter Hartcher) ལཊ་ཀྱིས་རྩོམ་སྒྲིག་བྱས་པའི་ནང་། མཁས་དབང་བློ་བཟང་སེང་གེ་མཆོག་ནི། འོས་གྲངས་མང་ཉུང་ལ་ལྟོས་མེད་ཀྱི་མང་ཚོཊ་ཀྱིས་མང་མོས་འོས་འཕེན་གྱི་འདེམས་ཐོན་བྱུང་བའི་དཔང་རྟཊ་ཅན་གྱི་མང་གཙོའི་མགོ་ཁྲིད་ཅིག་ཡིན་པ་དང་། རྒྱ་ནག་མགོ་ཁྲིད་ཚོ་ནི་མང་གཙོའི་ལམ་ནས་འདེམས་ཐོན་བྱུང་བ་ཞིག་མིན་སྟབས། དེ་གཉིས་བསྡུར་ཐབས་བྲལ་བ་ཞིག་ཡིན་ཞེས་བཀོད་ཡོད། དེ་མིན་རྒྱ་ནག་གི་བརྒྱུད་ལམ་ཁག་གིས་མུ་མཐུད་༸གོང་ས་མཆོག་དང་བཀའ་ཤག་ལ་ཁུངས་མེད་སྐྱོན་བརྗོད་བྱེད་སྟངས་དེས་ཀྱང་སྔོན་མའི་གཞུང་རྒྱུན་མཐུད་ཡོད་པའི་ར་སྤྲོད་གསལ་པོར་བསྟན་ཡོད་” ཅེས་འཁོད།

གསར་བསྒྲགས་ནང་མུ་མཐུད་དོན། “ ལོ་སྔོན་མའི་བཀའ་ཁྲི་མཆོག་གིས་དམ་འབུལ་གསུང་བཤད་ནང་། སྲིད་ཕྱོཊ་ནས་ལོ་རྒྱུས་རང་བཞིན་ལྡན་པའི་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་རླབས་ཆེན་སྒྲིག་འཛུཊ་འདིའི་ཁྲིམས་མཐུན་ངོ་བོ་རྒྱུན་མཐུད་རྒྱུའི་གོ་སྐབས་ཐོབ་པ་ནི། ང་མི་སྒེར་གྱི་བྱས་རྗེས་མ་ཡིན་པར། བོད་གཞིས་བྱེས་གཉིས་ཀྱི་མི་རབས་གོང་མ་ཚོའི་དཀའ་སྤྱད་སྙིང་རུས་དང་། བློས་གཏོང་ལས་བྱུང་བའི་འབྲས་བུ་ཞིག་ཡིན་པར་ངོས་འཛིན་ཞུ་གི་ཡོད། ཇི་སྲིད་བོད་ནང་རང་དབང་བསྐྱར་གསོ་མ་བྱུང་བར། མེས་པོ་གོང་མ་ཚོས་བཞག་པའི་བོད་དོན་བདེན་པའི་འཐབ་རྩོད་མུ་མཐུད་སྲ་བརྟན་རྒྱུན་གནས་ཡོང་ཐབས་དང༌། ༸གོང་ས་མཆོག་བོད་ནང་༸ཞབས་སོར་འཁོད་ཐུབ་ཆེད་འབད་བརྩོན་སྒོ་ཀུན་ནས་ཞུ་རྒྱུའི་ཁས་ལེན་ཞུ་རྒྱུ་ཡིན་ཞེས་བརྗོད་ཡོད། བར་ལམ་ཚོཊ་པ་དང་མི་སྒེར་རེ་ཟུང་གིས་བཙན་བྱོལ་ནང་གཞུང་མེད་པར་གྱུར་ཏེ། རེ་བ་རྒྱག་ས་མི་འདུག་ཅེས་ཁུངས་མེད་ཟུར་ཟ་བྱེད་པ་དང་། འགན་ཁུར་མེད་པར་རྣམ་རྟོག་སློང་བའི་གཏམ་འཆལ་སྤེལ་དང་སྤེལ་མུས་ཡིན་སྟབས། རྒྱ་ཆེའི་མང་ཚོཊ་ནས་དུས་དང་རྣམ་པ་ཀུན་ཏུ་དབུ་མ་འཁོར་བར་གཞིས་བྱེས་མཉམ་འཛོམས་དང་། བོད་རང་དབང་སླར་གསོ་འབྱུང་ཐབས་སུ་རང་ཚུཊ་བརྟན་པོ་གནང་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན་” ཞེས་འཁོད་འདུག

གསལ་བསྒྲགས་དེིའི་མཇུག་ཏུ། “ འདི་ཕྱི་གཉིས་ཀྱི་སྐྱབས་གནས་སྤྱི་ནོར་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་ཐུཊ་ཕམ་འབྱུང་གཞིའི་གནད་དོན་འདི་རིཊ་ནི། ༸རྒྱལ་བའི་སྐུ་ཕྱྭ་དང་ཐད་ཀར་འབྲེལ་བ་ཡོད་སྟབས་བཀའ་སློབ་ཇི་ཕེབས་ཀྱི་གནད་དོན་འདི་དག་ལ། བོད་མི་ཚང་མས་ཐུཊ་སྣང་དགོས་རྒྱུ་གལ་ཆེན་ཡིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགུང་གྲངས་ ༡༦ ནས་མི་ལོ་དྲུག་ཅུའི་རིང་། བོད་རྒྱལ་ཁབ་དང་མི་རིཊ་ལ་བཀའ་དྲིན་བྱམས་སྐྱོང་མཛད་པའི་སྐུ་དྲིན་ལ་བསམ་ཤེས་མེད་པར། ཚོཊ་པ་དང་མི་སྒེར་རེ་ཟུང་གིས་ཡི་མ་རངས་པར་དྲིན་ལན་ལོག་འཇལ་གྱིས་སྤྱི་ཚོཊ་ནང་ཁུངས་མེད་སྐད་ཅོར་རྒྱག་བཞིན་པ་དེ་ཧ་ཅང་ཐབས་སྡུག་གི་བྱ་སྤྱོད་ཅིག་ཡིན། བོད་མི་རིཊ་ཆཊ་འཇིག་གི་གནས་སྟངས་ཧ་ཅང་གཉན་འཕྲང་ཅན་གྱི་དུས་སྐབས་འདིར། མགོན་པོ་གང་ཉིད་མཆོག་ཐུགས་ཕམ་ཡོང་གཞིའི་ལས་དོན་འདིའི་རིཊ་རྩ་བ་ནས་མི་ཡོང་བར་བྱས་ན། ༸རྒྱལ་བ་དགྱེས་པའི་མཆོད་པའི་ནང་མཆོག་ཏུ་གྱུར་བས་དེ་ལུཊ་ཡིད་འཇཊ་ཐོག འབྱུང་འགྱུར་རྒྱ་ཆེའི་མང་ཚོཊ་ཀྱིས་རང་ཉིད་ཀྱི་ལྟ་གྲུབ་དང་ལངས་ཕྱོཊ་བརྟན་པོ་བཟུང་སྟེ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་མཛད་པའི་ལམ་བཟང་དེར་གཡས་འཁྱོག་གཡོན་འཁྱོག་མེད་པར་ཤར་སྐྱོད་གནང་སྟེ། ཚོཊ་པ་དང་མི་སྒེར་རེ་ཟུང་གིས་རྗེས་སུ་མ་འབྲང་པར་ཐུཊ་ཕམ་ཡོང་གཞིའི་རིཊ་རྩ་བ་ནས་མི་ཡོང་བ་ཞུ་རྒྱུ།” ཞེས་འཁོད་འདུག

གསར་འགོད་པ། དཔལ་ལྡན་གྱིས་བསྡུ་སྒྲིག་བྱས།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 28

  1. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 13 སྔོན།

    དྲ་གྲོགས་ལོང་རྟོགས་ལགས།
    ཁྱེད་ཀྱིས་ང་གདེངས་འཇོགས་དེ་ལྟར་གནང་བར་ཐུགས་རྗེ་ཆེ། འོན་ཀྱང་ང་ནི་ཤེས་ཡོན་པ་ཚད་ལྡན་ཞིག་ཡེ་ནས་མིན། དེའི་འདི་ལྟར་ལབ་སྟངས་ནོར་གྱི་ཡོད་པ་རེད། གསལ་བཤད་འབུལ་དགོས་བྱུང་བ་རེད།
    ངས་གསལ་བཤད་ཞུ་རྒྱུར། ངས་བོད་གཞུང་གིས་བཙན་བཀའ་གཏོང་གི་འདུག་ནམ་བསམ་མེད་པས་ཞུས་ཀྱང་མེད་ཚོད་ཡིན། བཙན་བཀའ་ཟེར་བའི་ཚིག་འདི་བེད་སྤྱོད་བྱེད་པ་ནོར་བ་རེད། ངའི་ཞེ་ཕུག་གི་བརྗོད་འདོད་ནི་སྤྱི་ཚོགས་སོགས་ཁོར་ཡུག་གང་རུང་གིས་མི་འདོད་བཞིན་དུ་ཀ་མེད་བཟོ་དེ་ལ་ཟེར་འདོད་བ་ཡིན། དེ་ལ་བཙན་བཀའ་ཟེར་ན་འགྲིག་མི་འདུག བཙན་འདེད་ཅེ་ན་མི་འགྲིག་མེད་ཚོད་ཡིན། གསལ་བོར་ཞུས་ན་བསམ་ཚུལ་ཐ་དད་པ་ཕྱིར་འདོན་པར་འགོག་རྐྱེན་བཟོ་བའི་རིགས་དག་ལ་དམིགས་པ་ཡིན། བསམ་ཚུལ་ཐ་དད་སྲོང་བོར་བརྗོད་པར་འགོག་རྐྱེན་ནི་གཞུང་གཅིག་བུ་མིན་པར་ཕྱོགས་གང་ནས་ཡོང་ཆོག་པ་རེད། བརྒྱ་ཆར་བགོས་ན་གཞུང་གི་ངོས་ནས་བསམ་ཚུལ་ཐ་དད་བརྗོད་པར་འགོག་རྐྱེན་བཟོ་ཉུང་ཉུང་ཡིན་རྒྱུ་རེད་བསམ་གྱིན་ཡོད་པས་ངས་ཞུས་པ་དེ་གཞུང་གི་ངོས་ནས་བཙན་བཀའ་གཏོང་གི་འདུག་ཞུ་འདོད་པ་ནམ་ཡང་མིན། གོ་བ་དེ་ལྟར་མ་ལེན་རོགས། གནོན་ཞུགས་ནི་ཕྱོགས་ནང་ནས་ཀྱང་ཡོང་སྲིད་ཀྱི་རེད། དེ་ནི་ཁྱེད་ཀྱིས་ཁས་ལེན་རོགས།

    Reply
  2. ལྷ་ཐོག་སྤྲིན་ཕུང་། says:
    ལོ་ 13 སྔོན།

    T.c.v སློབ་གྲྭར་བཀའ་སློབ་གནང་སྐབས་དགའ་ལྡན་ཕོ་བྲང་གི་གཞུང་དེ་བླ་བྲང་ངམ་ཚོགས་པ་ཞིག་གི་གཞུང་ལས་ཆོལ་ཁ་དབྱེར་མེད་དང་ཆོས་ལུགས་རིས་མེད་ཀྱི་གཞུང་ཞིག་ཆགས་ཡོད་མ་རེད། བྱས་ཙང་ངས་འགྱུར་བ་བཏང་གི་ཡོད་འདྲ་བོ་གསུངས་འདུག། འགྱུར་བ་བཏང་ཚར་དུས་བློ་ཐག་མི་ཆོད་བ་ག་རེ་རེད།

    Reply
  3. ལུང་རྟོགས། says:
    ལོ་ 13 སྔོན།

    ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས་ལགས་ནི་ཤེས་ཡོན་པ་ཞིག་ལ་བརྩི་ཡི་ཡོད། འོན་ཀྱང་དེ་རིང་གི་སྐད་ཆ་ཁ་ཤས་ནི་ཕྲུ་གུའི་སྐད་ཆ་རང་རེད། “ལར་ནས་ཆིག་སྒྲིལ་ཟེར་བ་དེ་རྒྱ་ནག་བཞིན་བསམ་ཚུལ་ཐ་དད་པ་སྣ་གཅིག་ཀྱང་ཤོང་ས་མེད་པར་ཕྱི་ནས་བཙན་གྱིས་སྡོམ་པ་ལས་ཐམས་ཅད་རང་འདོད་བཞིན་གུ་ཡངས་ཀྱིས་ལྷོད་ན་གཞི་ནས་ཡོང་བ་ཡིན། ལྷོད་ཀྱི་ནང་དུ་དམ་ཞིག་ཡོད་ན་ད་གཟོད་ཆིག་སྒྲིལ་འབྱུང་རྒྱུ་ཡིན་པ་ལས་ཕྱི་ནས་དམ་གྱིས་བདམས་པས་ཅང་ཡོང་གི་མ་རེད། དེས་ན་ཁྱེད་ཅག་གིས་གནང་སྟངས་དེ་ངོ་མ་ཆིག་སྒྲིལ་ལ་གནོད་པའི་ལས་རེད་ཞུ་བ་ཡིན།” ཁྱེད་རང་གིས་གསུང་སྟངས་འདི་ལ་བལྟས་ན་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་བཞིན་དུ་བཙན་བཀའ་བཏང་གི་ཡིད་པ་ལྟ་བུ་ཞིག་གསུངས་འདུག འོན་ཀྱང་ངས་བལྟས་ན་ཁྱེད་རང་གིས་གཤམ་གྱི་མཆན་དེའི་ནང་དུ་བོད་མིའི་སྒྲིག་འཛུགས་ཀྱི་འབོད་སྐུལ་ཁ་ཤས་དྲངས་འདུག་པ་དེ་ཚོ་འབོད་སྐུལ་ཡིན་པ་ལས་བཙན་བཀའ་གཏན་ནས་མ་རེད། བཙན་བཀའ་ཞེས་པ་ནི་འདི་དང་འདི་ལྟ་བུ་མ་བྱས་ན་མི་ཆོག་ཞེས་པ་དེ་རེད། བཙན་བྱོལ་སྒྲིག་འཛུགས་ཀྱིས་དེ་ལྟར་གསུངས་འདུག་གམ། ལར་ནས་བཙན་བྱོལ་མི་མང་ལ་བོད་མིའི་སྒྲིག་འཛུགས་ཀྱི་བཙན་བཀའ་འགྲོ་ས་མེད་པ་ཚངས་མས་ཤེས་གསལ་རེད་བ། དེ་སྔོན་བཙན་བྱོལ་བོད་མི་ཁ་ཤས་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔྱད་ཁྲ་ལ་ཡང་དང་ལེན་མ་ཞུས་པའི་གནས་ཚུལ་དེ་ཚོ་ཁྱེད་ཀྱིས་ཀྱང་ཤེས་ཡོད་རྒྱུ་རེད། དེས་ན་དགོངས་པ་ཡག་པོ་བཞེས་ནས་སྐད་ཆ་གསུང་ན་ཡག་པོ་འདུག འབོད་སྐུལ་དང་བཙན་བཀའ་དབྱེ་བ་ཕྱེ་མི་ཐུབ་པའི་ཤེས་ཡོན་པ་ཞིག་ཡིན་ན་ངོ་མ་ཐབ་སྐྱོ་པོ་རེད།

    Reply
  4. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 13 སྔོན།

    དྲ་གྲོགས་གངས་ཆབ་ལགས་ལ་བདེན་པ་རེད། ངས་དེ་དག་མཇལ་མ་སོང་ཞུ་རྒྱུ་ཡིན།
    ངའི་མཆན་འདི་འབྱུང་དོན་ནི་ད་ལན་གྱི་བཀའ་ཤག་གི་བསྒྲགས་གཏམ་འདི་མི་རབས་གསར་བ་རིག་པ་དྭངས་མོར་རློམ་པའི་བཀའ་ཤག་ཅིག་གི་ཚིག་བརྗོད་དང་མ་རན་པའི་བརྗོད་སྟངས་མང་པོ་ཞིག་འདུག་པ་བློར་མ་བབ་ནས་རྒྱུན་དུ་ཡོད་པའི་བསམ་ཚུལ་རྣམས་ད་ལན་གང་བྱུང་ཐལ་བ་རེད། ཀླད་པ་རྙིང་པའི་ཚིག་བརྗོད་འདི་དག་བཀའ་ཤག་གསར་བའི་ཟིན་བྲིས་བཏབ་ནས་འོས་མཆན་བཏབ་ནས་སྤེལ་བ་ཡིན་སྙམ་གྱིན་འདུག

    Reply
  5. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 13 སྔོན།

    དྲ་གྲོགས་ཁབ་ལེན་ལགས་ཀྱིས་”རྐུབ་གནམ་ལ་བསྟན་ནས་ཕེབས་ཀྱང་རང་དབང་ཡོད་པ་རེད།”ཞེས་གསུང་སྟངས་ལ་བལྟས་ན་ཁྱེད་ཀྱི་ཐུགས་དགོངས་བཞེས་ཕྱོགས་དེ་ཅུང་ཚད་གཞི་དམའ་བོ་ཞིག་མིན་ནམ་སྙམ།
    གཉིས་ནས་ངའི་འདུ་ཤེས་འཛིན་སྟངས་འདི་སྤྱི་བ་ལ་གནོད་ཀྱི་རེད་གསུང་གི་ཡོད་ན་དེ་ནི་ཏག་ཏག་ངས་བཤད་པའི་སྐད་ཆ་དེའི་དཔེར་མཚོན་ལ་ཁྱེད་རང་ཉིད་དངས་བླངས་ཀྱིས་ལངས་པ་རང་རེད། ཁྱེད་ལྟ་བུས་རང་རེའི་བོད་མིའི་སྒྲིག་འཛུགས་འདི་ལ་གཞུང་གི་མིང་ཡང་འབོད་མི་ཉན་ཚུལ་བཤད་པ་དེ་དོན་དུ་གཞུང་ལ་ཤ་ཚ་མིན་པར་ཡང་ན་གཞན་ཟེར་ལ་ཧོར་རྒྱུག་དང་། ཡང་ན་རང་གཞུང་ལ་གནག་སེམས་གང་རུང་ཡིན་པའི་འཆར་སྣང་སྐྱེ་བཞིན་འདུག
    གལ་ཏེ་ལྷག་བསམ་དཀར་པོས་དེ་ལྟར་གསུང་གི་ཡོད་ན་དགོངས་དག་ཞུ་བ་དང་ཆབ་ཅིག་ངའི་བསམ་ཚུལ་འདི་ལ་ཡང་དགོངས་བཞེད་རེ་གནང་རོགས་ཞུ་བ་ཡིན།
    ལར་ནས་ཆིག་སྒྲིལ་ཟེར་བ་དེ་རྒྱ་ནག་བཞིན་བསམ་ཚུལ་ཐ་དད་པ་སྣ་གཅིག་ཀྱང་ཤོང་ས་མེད་པར་ཕྱི་ནས་བཙན་གྱིས་སྡོམ་པ་ལས་ཐམས་ཅད་རང་འདོད་བཞིན་གུ་ཡངས་ཀྱིས་ལྷོད་ན་གཞི་ནས་ཡོང་བ་ཡིན། ལྷོད་ཀྱི་ནང་དུ་དམ་ཞིག་ཡོད་ན་ད་གཟོད་ཆིག་སྒྲིལ་འབྱུང་རྒྱུ་ཡིན་པ་ལས་ཕྱི་ནས་དམ་གྱིས་བདམས་པས་ཅང་ཡོང་གི་མ་རེད། དེས་ན་ཁྱེད་ཅག་གིས་གནང་སྟངས་དེ་ངོ་མ་ཆིག་སྒྲིལ་ལ་གནོད་པའི་ལས་རེད་ཞུ་བ་ཡིན།

    Reply
  6. མི་ཉག་བཙན་པོ says:
    ལོ་ 13 སྔོན།

    དྲང་བདེན་གྱི་བསམ་ཚུལ་ཞིག་ཡིན།
    རང་བཞིན་འོད་གསལ་དབྱིངས་ལ་དབྱེར་མེད་ཀྱང་།།
    རབ་འབྱམས་མཁྱེན་བརྩེ་ནུས་པའི་རྒྱུས་འཔྲུས་ལས།།
    རིགས་གསུམ་མིའི་གར་དུ་ཟློས་པའི་དཔལ༎
    པད་དཀར་འཆང་བ་ཁྱོད་ཉིད་ལན་བརྒྱར་མཆོད༎
    ཕུགས་ཀྱི་དམིགས་ཡུལ་མེད་པ། འགྲོ་ཕྱོགས་འཆར་གཞི་མེད་པ།
    ལངས་ཕྱོགས་ལ་ཡིད་གཏན་མེད་པ།
    འགན་ཁུར་གྱི་བསམ་བློ་མེད་པ།
    རང་བཙན་སྟོང་སྐད་སྒྲོགས་པ་ལས།
    རང་བཙན་སྒྲུབ་བྱེད་ལས་འགུལ་མེད་པ།
    རང་སྣང་གང་དྲན་གྱི་བབ་ཅོལ་གྱི་གཏམ་འཆལ་སྨྲ་ལ་མཁས་པ་འཇམ་དབྱངས་ནོར་བུ་དང་། ལྷག་བསམ་ཚེ་རིང་། བསྟན་འཛིན་བརྩོན་འགྲུས་གསུམ་གཙོ་པའི་དེ་དག་གི་རྗེས་འབྲངབསམ་མེད་རེ་ཟུང་ནས་།བོད་མིའི་སྒྲིག་འཛུགས་ཀྱི་ལངས་
    ཕྱོགས་དང་ལས་འགུལ་ཁག་ལ་དོན་མེད་དང་གཞི་མེད་ཁ་གཏོང་བ་དང་། བོད་མིའི་སྒྲིག་འཛུགས་ལ་ཡིད་ཆས་མེད་ཚུལ་དང་བོད་མིའི་སྒྲིག་འཛུགས་ལ་དམིགས་ཡུལ་མེད་ཚུལ། བོད་མིའི་སྒྲིག་འཛུགས་ལ་འཇོན་ཐང་མེད་ཚུལ་སོགས་ཟུར་ཟ་
    དང་སྟོང་
    བཤད་རྐྱང་རྐྱང་བྱས་ནས་མི་མང་པོ་མགོ་བསྐོར་ཐབས་བྱེད་པ་ནི་༸་གོང་ས་མཆོག་ཐུགས་ཕམ་དགོས་པའི་བཀའ་སློབ་གནང་
    དགོས་པའི་རྒྱུ་མཚན་གཅིག་རེད།
    གཞོན་ནུ་ཚོགས་པ་ནི་མི་དེ་དག་གིས་འཛུབ་མོ་གང་བཙུགས་ཤར་རེད་ཅེས་མི་དེ་དག་གི་རྗེས་རྒྱུག་གིས་མི་དེ་དག་ལ་སྟོང་བཤད་
    དང་དཀྲུག་གཏམ་སྤེལ་བའི་གོ་སྒྲིག་ཞུས་པ་ནི་༸་གོས་ས་མཆོག་གིས་ཐུགས་ཕམ་དགོས་པའི་བཀའ་སློབ་གནང་དགོས་རྒྱུ་རྐྱེན་
    གཅིག་རེད།

    Reply
  7. གངས་ཆབ། says:
    ལོ་ 13 སྔོན།

    ༸གོང་ས་མཆོག་གི་ལ་དྭགས་སུ་བཀའ་སློབ་སྩལ་གནང་མཛད་འདུག་པ་དེ་བརྙན་འཁོར་དང་། སྐུ་སྒེར་ཡིག་ཚང་ནས་དཔེ་དེབ་ཡང་འགྲེམས་སྤེལ་བྱས་འདུག་པ་དེ་ཨ་མཆོད་ལགས་ཀྱི་གཟིགས་ཡོད་ས་མ་རེད་མ་གཏོགས་སྐུ་ཉིད་ཀྱིས་ལོག་འགྲེལ་དེ་ལྟར་བྱ་མི་སྲིད།

    Reply
  8. ལྷ་དབང་ says:
    ལོ་ 13 སྔོན།

    བཀའ་ཤག་རེ་རེའི་དུས་ལ་ཁ་བྲལ་རེ་བཏང་གི་རེད་སྐབས་འདིར་གཞོན་ནུ་ལྷན་ཚོགས་དུས་ལ་བབས་འདུག

    Reply
  9. རྣོ་ཁབ་ལེན། says:
    ལོ་ 13 སྔོན།

    ཨ་མཆོད་འཇམ་ཚུལ་ཟེར་བས་ཚོར་ཤུགས་ཀྱིས་སྐད་ཆ་བཤད་པ་ཏག་ཏག་བསྡད་མ་སོང་། ཁྱོད་ཀྱི་བཤད་སྟངས་དང་སྐད་ཆའི་རྒྱབ་ལྗོངས་ལ་གཞིག་ན་ཀྱག་ཀྱག་གི་རྣམ་པ་འདྲ་པོ་མཐོང་བས་དེ་འདྲ་ཡིན་ན་་་་ཁྱེད་སྒེར་གྱི་མཚང་ངན་དང་སྤྱི་པ་ལ་གནོད་ལས་ཕན་མེད་སྙམ།
    ཁྱོད་རང་སྒེར་ངོས་ནས་་་་རང་དབང་ཡོད་ད་ཡོད་་་རྐུབ་གནམ་ལ་བསྟན་ནས་ཕེབས་ཀྱང་རང་དབང་ཡོད་པ་རེད།

    Reply
  10. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 13 སྔོན།

    མིང་བསྒྱུར་བ་དེ་རང་གིས་༧ཁོང་ལ་ཐུགས་ཕམ་འབྱུང་གཞི་ལ་གྱུར་བ་རེད། དེ་ནི་ཁོང་རང་གི་ཞལ་ནས་མིང་བསྒྱུར་བའི་སྐབས་དེ་ཤེད་ལ་”མིང་བསྒྱུར་བ་འདི་ལ་ཐབས་ཤེས་གཞན་པ་འདྲ་མི་གམ” ཞེས་གསུང་དངོས་སུ་ཤོར་བ་དེས་རྟོགས་ཐུབ་པ་ཞིག་རེད། ད་ལྟའི་གསལ་བསྒྲགས་འདི་སྤེལ་དགོས་པ་ཡང་མིང་བསྒྱུར་བ་ལ་བརྟེན་ནས་བྱུང་བ་རེད། སྔར་ཡིན་ན་བོད་མིའི་སྒྲིག་འཛུགས་འདི་ལ་རང་གཞུང་ཟེར་ནས་བློ་ཕུག་དྲོན་པོ་འཆང་ས་ཞིག་རང་བཞིན་གྱིས་ཡོང་གི་ཡོད་ཀྱང་། ད་ནི་འདི་ལ་རང་གཞུང་ཞེས་འབོད་པར་ཡང་དོགས་སྣང་སྐྱེ་དགོས་པ་ཞིག་ཏུ་བཟོས་སོང་། ཡིན་ན་ཡང་ངས་འདི་ལ་རང་གཞུང་ཞེས་འབོད་རྒྱུ་ཡིན། མུ་མཐུད་ནས་ཨུ་ཚུགས་ཀྱིས་འབོད་རྒྱུ་ཡིན། དེ་མ་གཏོགས་ལམ་ཁ་མེད་པ་རེད། འདི་ལྟར་ཡང་ཡང་གསལ་ཁ་འབྱེད་ཀྱིན་འདུག་དགོས་པ་ཞིག་ཆགས་པ་རེད། དངོས་ཡོད་ཀྱི་ཤུགས་ལས་གཙོ་བོ་ལས་དག་སྣང་གི་ཤུགས་གཙོ་བོ་བྱེད་དགོས་པ་ཞིག་གྱུར་ཡོད། ལར་ནས་རང་རེ་སེམས་གཙོ་སྨྲ་བ་ལ་དགའ་བ་མ་རེད་དམ། ཧ་ཧ་ཧ་
    ངས་སྔོན་ནས་བཤད་པ་བཞིན་བོད་མིའི་སྒྲིག་འཛུགས་འདི་ལ་བོད་གཞུང་ཞེས་འབོད་སྐབས་སྐབས་འཚོལ་བ་རེ་ཟུང་དང་། ལྷག་པར་རྒྱའི་རྒྱུག་ཁྱི་དག་གིས་རང་ཅག་ལ་ཚིག་འཕྲི་འདི་ཁ་ལ་ཁྱེར་ནས་དགག་པ་རྒྱག་ཧ་ཅང་བདེ་བ་ཞིག་ཆགས་པ་རེད་ཅེས་བཤད་མྱོང་ལ། ད་ལྟ་དེ་ལྟར་འབྱུང་བཞིན་ཡང་འདུག ཁོ་ཚོའི་ཁ་ལ་ཚིག་སྤྲད་པ་རེད། ད་ལན་གོ་སྐབས་འདི་ལ་བསྟུན་ནས་བོད་མིའི་སྒྲིག་འཛུགས་འདིའི་བོད་མིའི་ཁྲིམས་མཐུན་སྒྲིག་འཛུགས་ཀྱི་གོ་གནས་འཕྲོག་ཐབས་བྱེད་མཁན་གྱི་རྒྱའི་རྒྱུག་དག་ལ་གཏམ་འདི་སྒྲོག་རྒྱུ་ཡིན། ཅི་སྟེ་ཁྱེད་ཅག་གིས་བོད་མིའི་སྒྲིག་འཛུགས་འདི་བོད་གཞེས་བྱེས་གཉིས་ཀྱི་གཞུང་ལ་ངོས་འཛིན་བྱེད་ཀྱིན་མེད་ཀྱང་། ཁྱེད་ཅག་ལ་དགོས་པ་ཞིག་ཡོད་རྒྱུ་རེད། ང་རང་ཉིད་ཀྱིས་དེ་ལྟར་བྱེད་རྒྱུ་ཡིན་པས་གང་ཟག་སྒེར་གྱི་བསམ་ཚུལ་ལ་བཀག་འགོག་མ་བྱེད་རོགས། དེ་ལྟར་བྱེད་ཆོག་པའི་རྒྱུ་མཚན་ནི་བཀའ་ཤག་གི་གསལ་བསྒྲགས་རང་གི་ནང་དུ་“ དེ་མིན་རྒྱ་ནག་གི་བརྒྱུད་ལམ་ཁག་གིས་མུ་མཐུད་༸གོང་ས་མཆོག་དང་བཀའ་ཤག་ལ་ཁུངས་མེད་སྐྱོན་བརྗོད་བྱེད་སྟངས་དེས་ཀྱང་སྔོན་མའི་གཞུང་རྒྱུན་མཐུད་ཡོད་པའི་ར་སྤྲོད་གསལ་པོར་བསྟན་ཡོད་” ཞེས་གསལ་ཡོད་པས་བོད་མིའི་སྒྲིག་འཛུགས་འདི་སྒྲིག་འཛུགས་ཕལ་བ་ཞིག་མིན་པར་བོད་མ་ས་ཡ་དྲུག་གི་ངོ་ཚབ་མཚོན་པའི་ཁྲིམས་མཐུན་གྱི་སྒྲིག་འཛུགས་དེ་ཡིན་པའི་ངོས་འཛིན་གནང་བཞིན་འདུག་པ་འདི་རེད།
    མཐར་བློ་ཕམ་དང་བསྒྲགས་ནས་ཞུ་རྒྱུ་ཞིག་ནི་ད་ལན་བཀའ་ཤག་གི་བསྒྲགས་པའི་བསྒྲགས་གཏམ་འདིའི་ནང་དུ་མི་རབས་གསར་བའི་ངང་ཚུལ་མི་མཚོན་པའི་ཚིག་རེ་ཟུང་འདུག་པ་དཔེར་ན་ “ ་་་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་ཐུཊ་ཕམ་འབྱུང་གཞིའི་གནད་དོན་འདི་རིཊ་ནི། ༸རྒྱལ་བའི་སྐུ་ཕྱྭ་དང་ཐད་ཀར་འབྲེལ་བ་ཡོད་སྟབས་་་” ཞེས་དང་། ལྷག་པར་དུ་”བོད་རྒྱལ་ཁབ་དང་མི་རིཊ་ལ་བཀའ་དྲིན་བྱམས་སྐྱོང་མཛད་པའི་སྐུ་དྲིན་ལ་བསམ་ཤེས་མེད་པར། ཚོཊ་པ་དང་མི་སྒེར་རེ་ཟུང་གིས་ཡི་མ་རངས་པར་དྲིན་ལན་ལོག་འཇལ་གྱིས་སྤྱི་ཚོཊ་ནང་ཁུངས་མེད་སྐད་ཅོར་རྒྱག་བཞིན་པ་དེ་ཧ་ཅང་ཐབས་སྡུག་གི་བྱ་སྤྱོད་ཅིག་ཡིན།་་་” ཞེས་དང་། “་་་མགོན་པོ་གང་ཉིད་མཆོག་ཐུགས་ཕམ་ཡོང་གཞིའི་ལས་དོན་འདིའི་རིཊ་རྩ་བ་ནས་མི་ཡོང་བར་བྱས་ན།་་” ཞེས་དང་ “་་ཚོཊ་པ་དང་མི་སྒེར་རེ་ཟུང་གིས་རྗེས་སུ་མ་འབྲང་པར་ཐུཊ་ཕམ་ཡོང་གཞིའི་རིཊ་རྩ་བ་ནས་མི་ཡོང་བ་ཞུ་རྒྱུ།” ཞེས་སོགས་ཀླད་པ་རྙིང་པའི་བརྗོད་ཚིག་མང་པོ་ཞིག་སྤེལ་འདུག་པ་དང་། དེ་ལས་ཀྱང་མཚར་བ་ཞིག་ནི་ “འབྱུང་འགྱུར་རྒྱ་ཆེའི་མང་ཚོཊ་ཀྱིས་རང་ཉིད་ཀྱི་ལྟ་གྲུབ་དང་ལངས་ཕྱོཊ་བརྟན་པོ་བཟུང་སྟེ།” ཟེར་སྟངས་འདི་ནི་དམར་ཤོག་གི་སྐད་ཆ་ལུང་དྲངས་བ་མིན་ནམ་སྙམ་པ་སྐྱེས། གཞུང་དང་ལྟ་གྲུབ་ཐ་དད་འཛིན་པ་ལ་འདི་ལྟར་བརྙེས་ཚིག་གིས་སྨྲ་བ་ནི་སུའི་ལུགས་སྲོལ་ཡིན་པ་མཁྱེན་གསལ་རེད།
    གཞན་ཡང་བསྒྲགས་གཏམ་འདིའི་ནང་དུ་ “སྒྲིག་འཛུགས་འདི་མིང་ལ་བོད་གཞུང་ཞེས་མ་བོས་ཀྱང་དོན་གྱིས་བོད་གཞེས་བྱེས་གཉིས་ཀྱི་ཁྲིམས་མཐུན་གྱི་གཞུང་ངོ་མ་དེ་ཡིན།” ཞེས་བསྒྲགས་གཏམ་ནན་པོ་ཞིག་ཀྱང་གནང་ཐུབ་མི་འདུག ཐབས་སྐྱོ་བོ་ཞིག་མཐོང་སོང་། ད་ནི་མིང་མི་གཙོ་དོན་གཙོ་ཞེས་པ་འདི་ལ་གནད་དུ་སྣུན་པའི་སྐབས་ཡིན་པས་དུས་ནས་དུས་སུ་འདི་འདྲ་རེ་ངེས་པར་དུ་སྒྲོག་དགོས་ཀྱང་དེ་ལྟར་མི་འདུག འོ་ན་བཀའ་ཤག་གི་བསྒྲགས་གཏམ་འདིས་དེ་ལྟར་མིན་པའི་རྣམ་པ་ཤུགས་ལ་སྟོན་གྱི་ནི་ཡོད་མདོག་ཁ་བོ་མ་རེད། དེ་ལྟར་མ་བསྒྲགས་པ་དེས་ཕ་རོལ་བོས་དེ་འདྲ་ཞིག་ཤུགས་ལ་གོ་བ་མི་ལེན་པའི་ངེས་པ་མི་འདུག

    Reply
  11. བློ་འཕེལ། says:
    ལོ་ 13 སྔོན།

    གྲོགས་པོ་ཁ་ཤས་ཀྱིས་གོ་བ་ལོག་ལམ་དུ་འཁྲིད་ཀྱི་འདུག། གཞོན་ནུས་རང་བཙན་བརྩད་པས་ལྷ་དགོངས་དཀྲུག་པ་སུས་བཤད་འདུག།
    གཞོན་ནུ་སོགས་ཉུང་ཤས་ཀྱིས་༧གོང་ས་མཆོག་གིས་བོད་གཞུང་བསྡུ་གསོག་བརྒྱབ་སོང་ཞེས་པས་ཐུགས་ཕམ་བྱུང་བ་མ་རེད་པས།

    Reply
  12. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    ངས་ད་བར་གཞོན་ནུ་དང་རང་བཙན་ལ་རྒྱབ་སྐྱོར་བྱེད་པའི་ཁུལ་ཡིན། ད་གཞོན་ནུ་ཚོགས་པ་འདི་བོད་དོན་བདེན་མཐའ་གསལ་བར་བཀག་རྡོ་ཞིག་ཡིན་ས་རེད། ༧གོང་ས་མཆོག་གི་བཀའ་སློབ་དེ་མ་ཐོས་ན་རང་བཙན་གྱི་ལམ་དུ་བླུན་འགན་གཡམ་རྒྱུག་བྱེད་ངེས་ཡིན། སྔོན་དུ་རང་བཙན་ལྟ་བས་དབུ་ལམ་ལ་ཕན་ཐོགས་ན་མ་གཏོགས་གནོད་གི་ཡོད་པ་ཞིག་མ་མཐོང་། ཡིན་ནའང་ད་དུང་རང་བཙན་གྱི་ལྟ་བ་དེ་དོར་ཐུབ་ཁག་པོ་འདུག་ཀྱང་ག་ལེར་དོར་བར་ཚོད་ལྟ་བྱེད་ཀྱིན་ཡོད། རང་བཙན་གྱི་ཉེས་དམིགས་སྒོམ། དབུ་ལམ་གྱི་ཕན་ཡོན་དྲན།  ད་རང་བཙན་དོར། གཞོན་ནུ་སྒོ་རྒྱོབ། ང་ཚོ་ཚང་མ་ཆིག་སྒྲིལ་བྱེད། དབུ་མའི་ལམ་དུ་ཤར་སྐྱོད་བྱོས། ༧ གོང་ས་མཆོག་གི་བཀའ་ལ་བརྩིས།

    Reply
  13. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    ཡ་ཡ་ད་བྱས་ན་རང་བཙན་ལྟ་གྲུབ་པ་གཞོན་ནུ་སོགས་ཚང་མ་༧གོང་ས་མཆོག་གི་དགྲ་ཟླ་ལྟ་བུར་རྩིས་འདུག། འདི་༧གོང་ས་མཆོག་གི་དགོངས་གཞི་ཡིན་ནམ། ང་ནི་དངོས་ནས་མགོ་ཐོམས་སོང་། དོན་དངོས་བྱས་ན་ང་རང་གི་ལྟ་གྲུབ་ནི་རང་བཙན་ཡིན། ད་ནི་ཅི་ཡིན་ཤེས་མ་སོང་། བྱས་ན་གཞོན་ནུ་ལ་སོགས་པའི་རང་བཙན་ལྟ་གྲུབ་པ་ཚང་མ་བསྡུ་གསོག་རྒྱག་དགོས་པ་རེད།

    Reply
  14. ཤར་ཕྱོགས་ཁུག་རྟ། says:
    ལོ་ 13 སྔོན།

    ༧དཔལ་ལྡན་བཀའ་ཤག་གི་འདི་འདྲའི་ཐུགས་ཐག་ཆོད་པོའི་གནང་སྟངས་ལ་བརྩི་བཀུར་དང་རྒྱབ་སྐྱོར་ཡོད། སྤྱིར་བོད་གཞུང་མེད་པ་བཟོས་ཚུལ་གྱི་བཤད་ཡམས་འདིས་དེ་སྔ་ལྷུན་རྩེ་རྫོང་ནས་གཞུང་གསར་པ་བཙུགས་པ་དེ་དང། དེ་བཞིན་༧རྒྱལ་བ་རིན་པོ་ཆེས་དབུ་ཁྲིད་པའི་དགའ་ལྡན་ཕོ་བྲང་གཞུང་གི་རྒྱུན་ཁྲིམས་མཐུན་དུ་ཡོད་མེད་ལ་དཀྲོགས་གཏམ་སྤེལ་བ་དང། བཤད་སྟངས་རེ་འགར་སྒྲིག་འཛུགས་ཤིག་ཆགས་པ་ཡིན་དུས་བློ་རྩེ་གཏོད་ས་མི་འདུག་པས་ཧ་ལམ་མ་སོང་ན་གཞུང་གསར་པ་ཞིག་འཛུགས་དགོས་མདོག་མདོག་གི་རྣམ་འགྱུར་སྟོན་པ་དེ་རེད། དེ་ནི་ཚད་ལས་བརྒལ་བའི་བསམ་སྤྱོད་ཡིན་པ་བཀའ་ཤག་གི་གསུང་འཕྲིན་འདིར་ཚོར་བ་ཙམ་མིན་པར་གསལ་འགྲེལ་གནང་འདུག ཡང་ཕྱོགས་གཞན་ཞིག་ནས་བོད་ཀྱི་བདེན་དོན་རྒྱ་ནག་གཞུང་དང་མཉམ་རྩོད་རྒྱུ་ལས་༧གོང་ས་མཆོག་དང་དབུས་སྒྲིག་འཛུགས་ལ་རྩོད་སྡོད་མཁན་དག་གིས། མཚན་བྱང་བརྗེ་བསྒྱུར་གྱི་གནས་བབ་འདིའང་དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་བྱུང་བ་ཡིན་པར་ཁག་འདོགས་བསྙོན་དཀྲི་བྱེད་པ་ནི་རིག་པ་ཙམ་པོ་བ་ཞིག་ཡིན་ན་ཐང་མོད། བོད་རྒྱ་ཆེའི་མི་མང་ལྐུགས་པར་བརྩི་ཡི་ཡོད་མོད། བྱ་ཐབས་རྣམ་འགྱུར་ཐབས་ཆག་འདི་འདྲར་ཟླ་གཅིག་གི་ཚེ་ཡང་མེད་པ་ད་ནི་གསལ་བོ་ཆགས་སོང་བ་རེད། དེས་ན་རྩ་ཁྲིམས་གསར་དུ་བཟོ་འདོད་མདོག་མདོག མང་གཙོའི་ལམ་ལུགས་ཡང་དག་པ་དགོས་ཚུལ་མདོག་མདོག རྒྱལ་ཡོངས་ཚོགས་པ་གསར་དུ་འཛུགས་རྒྱུ་མདོག་མདོག་བྱེད་པ་སོགས་ནི་མི་ཤི་ཁའི་བུམ་ཆུར་མ་གྱུར་ན་བཟང་མོད། བོད་རྒྱ་ཆེའི་མི་མང་གི་བསམ་འདུན་ལ་མཐོང་ཆུང་བྱེད་པའི་ཚོར་བ་ཁ་གང་གིས་བོད་ཀྱི་བདེན་དོན་འཐབ་རྩོད་བྱེད་ཐུབ་བམ། གཏན་ནས་ཐུབ་ཀི་མ་རེད།

    Reply
  15. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ངས་སེམས་གཏིང་ནས་བསམས་པ་དེ་དྲང་པོར་བཤད་ན། རྒྱ་གཞུང་གིས་བོད་རང་བཙན་མ་རེད་ཟེར་བ་དང་གཅིག གཞོན་ལྷན་སོགས་ཀྱིས་བོད་རང་བཙན་ལེན་བགྱི་ཡིན་ཟེར་བ་གཉིས་ཀ་ཧམ་བཤད་ཡིན་པ་ཐེ་ཚོམས་མི་འདུག་སྙམ་ལགས། འོནད་ཀྱང་དཔྱད་པར་འཚལ།

    Reply
  16. རྣོ་ཁབ་ལེན། says:
    ལོ་ 13 སྔོན།

    ད་གཞོན་ནུའི་བྱས་རྗེས་དེ་ག་རང་ཡིན་རྒྱུ་རེད། ད་ནས་བཟུང་གཞོན་ནུ་ལ་སྐྱོར་མེད་དོ།

    Reply
  17. བློ་འཕེལ། says:
    ལོ་ 13 སྔོན།

    བློ་བཟང་ཕུན་ཚོགས་ལགས་རྒྱབ་སྐྱོར་དང་ཆབས་ཅིག །
    དེང་གི་དུས་འཇིག་རྟེན་འདིའི་སྤྱི་ནོར་གཅིག་པུ་ཆོས་དང་ཆོས་མེད་སྨྲ་བ་ཀུན་གྱི་གཙུག་རྒྱན། སེམས་ཀྱི་ནད་བརྒྱ་སེལ་བའི་སྨན་གཅིག ལྷག་པར་དེང་སྙིགས་མ་ལྔ་བདོ་བའི་དུས་རྒྱལ་བ་ཉིད་ལས་ཀྱང་བརྒྱ་འགྱུར་སྟོང་འགྱུར་གྱིས་བཀའ་དྲིན་ལྷག་པ་ས་མཁན་གྱི་དེད་དཔོན་ཆེན་པོ་༸རྒྱལ་དབང་བསྟན་འཛིན་རྒྱ་མཚོ་ཁོང་ནི་འཛམ་བུའི་གླིང་བ་སྤྱི་སྒེར་ཀུན་གྱིས་རྒྱལ་མཚན་གྱི་ཏོག་ལྟར་བཀུར་དང་བཀུར་བཞིན་པ་དེ་ལྟར་ཡང་རང་རིགས་ཁ་ཤས་ཀྱི་སེམས་ནང་རྒྱའི་མི་འདྲེ་ཉིས་ཀ་ཞུགས་ནས་མི་དྲན་དགུ་དྲན། མི་བཤད་དགུ་བཤད་བྱས་དང་བྱེད་བཞིན་པར་སྔར་ནས་སེམས་ཁྲལ་ཡོད་ལ་སྔོན་ཆད་སློབ་དཔོན་ཟམ་གདོང་རིན་པོ་ཆེས་་་ཨ་རི་ནས་གཏམ་བཤད་ཅིག་གི་ཐོག་ཉེན་བརྡ་གསལ་ཐག་ཆོད་བཏང་ཡོད་པ་་་ད་ལམ་དོན་ཐོག་ཏུ་བབས་ཡོང་གི་ཡོད་པ་རེད།
    ཡང་གཅིག་བཤད་ན། བོད་མིའི་སྲོག་སྐྱོབ་ཀྱི་དྲིན་ཅན་གཅིག་པུ་ཁོང་མེད་ན་བཙན་བྱོལ་སྤྱི་སྒེར་གྱི་ཚོགས་སྡེའི་སྒྲིག་འཛུགས་ཤིག་ག་ནས་ཡོང་གི་རེད། ཡོང་ཡ་མེད་པ་མ་ཟད་བོད་པ་གང་འཚམ་ཡོད་པ་དེའང་ད་མཚམས་རྒྱ་གར་བ་ཆགས་ཚར་ཡོད་རྒྱུ་རེད།
    དེ་ལྟར་བསམ་དུས། བྱིས་སྡོད་བོད་མི་ཚོའི་ལྟོ་ཟེར་ན་ཁོང་། གོས་ཟེར་ན་ཁོང་། གནས་མལ་ཟེར་ན་ཁོང་། ཁོག་གི་སྙིང་ཟེར་ན་ཁོང་། དཔྲལ་བའི་མིག་ཟེར་ན་ཁོང་མིན་ན་གཞན་སུ་རེད། དེ་འདྲ་ཞིག་ལ་ད་དུང་མ་ཉེས་ཁག་གཡོགས་བྱས་བསྡད་ན་ཤི་ན་ཤི་ས་དང་། གསོན་ན་སྡོད་སར་འགྲོ་མི་སྲིད་པ་རེད།
    སྤྱོད་ངན་དེ་ཚོར་ཞིབ་འཇུག་ཡག་པོ་གནང་རོགས།

    Reply
  18. གངས་ཆབ། says:
    ལོ་ 13 སྔོན།

    བཀའ་ཤག་གིས་་ད་རིང་གི་གསར་བསྒྲགས་འདི་དུས་ཐོག་ཆར་པ་རང་རེད་འདུག
    བོད་ཀྱི་གཞོན་ནུ་ཚོགས་པ་དང་མི་སྒེར་འཇམ་ནོར་དང་། ད་དུང་གཞོན་ནུ་ཚོགས་གཙོ་ཚེ་དབང་རིང་འཛིན་ལ་སོགས་པའི་ངེས་པར་དུ་༸གོང་ས་མཆོག་་གི་དྲུང་དུ་དགོངས་སིང་ཞུ་དགོས།

    Reply
  19. གངས་ཆབ། says:
    ལོ་ 13 སྔོན།

    བཀའ་ཤག་གིས་་ད་རིང་གི་གསར་བསྒྲགས་འདི་དུས་ཐོག་ཆར་པ་རང་རེད་འདུག
    བོད་ཀྱི་གཞོན་ནུ་ཚོགས་པ་དང་མི་སྒེར་འཇམ་ནོར་དང་། ད་དུང་གཞོན་ནུ་ཚོགས་གཙོ་ཚེ་དབང་རིང་འཛིན་ལ་སོགས་པའི་ངེས་པར་དུ་༸གོང་ས་མཆོག་་གི་དྲུང་དུ་དགོངས་སིང་ཞུ་དགོས།

    Reply
  20. སྨྲ་བརྗོད་རང་དབང་། says:
    ལོ་ 13 སྔོན།

    མི་མངས་ནི་གང་ཞིག་གིས་ཁྲིད་དེ་རུ་འགྲོ་ངེས་རེད། རྒྱུ་མཚན་ཆབ་སྲིད་ཀྱི་ཤེས་རྟོགས་ཅུང་ཟད་ཅིང་མེད་པས་ཡིན། གཙོ་བོ་བོད་མའི་སྒྲིག་འཛུག་ངོས་ནས་ཁ་གསལ་གོ་བདེ་བའི་ཆབ་སྲིད་ཀྱི་སློབ་སྟོན་དུས་ཐོག་ཏུ་མནར་འགྱང་མེད་པར་སླེལ་རྒྱུ་གལ་ཆེན་རེད།

    Reply
  21. ལུང་རྟོགས། says:
    ལོ་ 13 སྔོན།

    ༧གོང་ས་མཆོག་གིས་གལ་སྲིད་བོད་གཞུང་མེད་པ་བཟོས་ན་ཡང་ཁོང་ལ་དབང་ཚད་ཡོད་པ་རེད། བཙན་བྱོལ་ནང་དུ་བོད་གཞུང་ཞེས་པ་ཞིག་ད་བར་དུ་གནས་ཐུབ་པ་དེ་ཁོང་གཅིག་པུའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ལས་སུ་གང་གིས་འཇོན་བཞག་པ་མེད། ལྟས་ངན་བསྟན་བཤིག་འགའ་རེས་ཁོང་ལ་ཐུགས་ཕམ་བཟོས་པ་མ་ཟད། ཁོང་གི་ཐུགས་རྗེའི་གྲིབ་བསིལ་འོག་གསོ་སྐྱོང་གནང་བའི་བོད་མིའི་སྒྲིག་འཛུགས་ལ་རྟག་ཏུ་སྐྱོན་མེད་སྐྱོན་འདོག་ཁོ་ན་བྱས་སོང་། ཁོང་ཐུགས་ཕམ་བྱུང་བའི་རྐྱེན་གྱིས་སྐུ་ཕྱར་སྐྱོན་འདྲ་བྱུང་ན་ཤི་རྒྱུ་མེད་པའི་མི་ངན་ཁྱོད་ཚོས་འགན་བཟོད་པ་འདུག་གམ།

    Reply
  22. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    ད་ངོ་མ་སེམས་པ་སྐྱོ་དགོས་ཡ་རེད། སྐུ་མདུན་ཐུགས་ཕམ་བྱུང་ཡོད་འདུག སྔ་ས་ནས་འགྲེལ་བཤད་གསལ་པོ་རྒྱབ་མཁན་མི་འདུག སྐུ་མདུན་ཐུགས་ཕམ་བྱུང་ཚར་ནས་གསར་སྒྲོགས་འདི་ཅུང་རྗེས་ལུས་ཐེབས་པ་རེད། ཡིན་ནའང་ད་རེས་བཀའ་ཤག་གིས་གསལ་བཤད་གནང་བར་ཡག་པོ་བྱུང་། ད་ནི་སྨྲ་བ་ཉུང་དུ་གཏོང་ངེས་ཡིན། འདི་ཕྱི་གཉིས་ཀ་ཆུ་ལ་གཡུག་ཉེན་འདུག བསམ་ཚུལ་ག་རེ་ཡིན་ན་ལོས་བཤད། འོན་ཅང༧ གོང་ས་རྒྱ་བ་རིན་པོ་ཆེའི་བཀའ་དང་མ་འགལ་བ་གནང་གལ་ཆེའོ།།

    Reply
  23. བློ་བཟང་ཕུན་ཚོགས། says:
    ལོ་ 13 སྔོན།

    བཀའ་ཤག་གིས་འདི་ལྟ་བུའི་གནད་ལ་ཁེལ་བའི་གསལ་བསྒྲགས་ཞིག་དུས་ཐོག་སྤེལ་བ་དེ་ཁྱེད་རྣམས་ཀྱི་གཟི་བརྗིད་རེད། མི་དེ་དག་གིས་བོད་གཞུང་མེད་པར་བཟོས་སོང་ཟེར་བ་དང་།བོད་རང་བཙན་བཙོང་སོང་ཟེར་བ། བཙན་བྱོལ་གཞུང་མེད་པར་བཟོས་སོང་ཟེར་བ་སོགས་ཀྱི་བཀའ་ལོག་བྱེད་པ་ཐེངས་གཅིག་རེད་མི་འདུག ཁུངས་ལུང་མེད་པའི་སྐད་ཆ་དེ་དག་ལ་དུས་ཐོག་གསལ་བཤད་བྱེད་རྒྱུ་དེ་འབྲེལ་ཡོད་མི་སྣའི་ལས་འགན་ཞིག་ཀྱང་ཡིན་པར་འདོད། གལ་སྲིད་མི་དེ་དག་ལ་མིག་ཅིག་ལྡན་ན་བོད་མི་རིགས་ཀྱི་ཉེར་བའི་ལོ་རྒྱུས་ལ་བལྟས་ན། དུས་ཀྱི་སྟོན་པ་༧གོང་ས་རྒྱལ་བ་རིན་པོ་ཆེས་རྟ་རྔ་འདྲ་བའི་བོད་མི་རིགས་ཀྱི་ལོ་རྒྱུས་ལ་ཇི་ལྟར་སྲུང་སྐྱོར་བྱས་ཡོད་མེད་ཤེས་ངེས་རེད། སྤྱི་སྟངས་པའི་མི་ཞིག་ལ་མཚོན་ན་དགུང་ལོ་བཅུ་དྲུག་སྐབས་ནི།འགན་འཁུར་མེད་པའི་བྱིས་པའི་དུས་ཤིག་ཡིན་མོད། དུས་ཀྱི་སྟོན་པ་༧གོང་ས་རྒྱལ་བ་རིན་པོ་ཆེ་དགུང་ལོ་བཅུ་དྲུག་སྐབས་སུ།སུ་ལ་ཡང་མ་དགོས་པའི་ཆག་ཀྲུམ་ཤོར་བའི་བོད་ཀྱི་ཆབ་སྲིད་དེ། བཙན་གྱིས་ཁོང་གི་སྒང་ལ་གཡུགས་ཡོད་པ་དེ་ལོ་རྒྱུས་ཀྱིས་བདེན་དབང་བྱེད་ཀྱིན་ཡོད། ཡིན་ན་ཡང་སྐབས་དེར་ནར་མ་སོན་པའི་བྱིས་པ་ཁོང་གིས་གཞན་གྱིས་འཁུར་མ་ཐུབ་པའི་འགན་བརྗིད་པོ་དེ་ཕྲག་ཏུ་ཁུར་དེ། དཀའ་ཚེགས་དང་ཀྱག་ཀྱོག་ཆེ་བའི་ལམ་ཁ་རིམ་གྱི་རྒྱུད་ནས། ད་ལྟ་ནི་བོད་ཞེས་པའི་མིང་དེ་འཛམ་གླིང་འདིའི་སྟེང་གསོན་པར་གནས་ཐུབ་ཡོད།འདི་ནི་ཁོང་གི་བཀའ་དྲིན་ཉག་ཅིག་ལས་བྱུང་བ་ཡིན།
    འོན་ཀྱང་འདི་འདོད་ན་ཆོག་གི་མ་འདོད་ན་ཆོག་གི འདི་ནི་དངོས་ཡོད་ཀྱི་གནས་ལུགས་ཤིག་ཡིན་ནི་རེད། གནས་ལུགས་ལྟ་མི་ཤེས་མཁན་གྱི་རྐང་གཉིས་ཤིག་ཡིན་ན་དེ་ལ་མི་བུའི་མཚན་ཉིད་ལྡན་མི་སྲིད། ཁ་ནང་ནས་ཅི་བཤད་འདི་བཤད་མེད་པའི་མི་དེ་དག་ནི་རྭ་མ་བྲག་ལ་འཛེགས་ན་སེང་གེ་གི་སྣང་བ་འཁྲུལ་རྒྱུ་ཡོད་པ་འདྲ།

    Reply
  24. བཛྲ་སུ་མ་ཏི། says:
    ལོ་ 13 སྔོན།

    ཐུགས་རྗེ་གཟིགས། ཚོགས་པ་དང་མི་སྒེར་སུ་དང་གང་གིས་དེ་འདྲ་བཤད་པ་ཡིན་ན་དེ་དག་གསལ་འདོན་གནང་རོགས། བློ་ཕམ་དཀྲོགས་གཏམ་འདི་ང་རང་གི་ད་བར་དུ་གོ་མ་སོང་། ངེས་བར་དུ་དེ་དག་སྤྱི་ཚོགས་ནང་གསལ་འདོན་གནང་རོགས། དེ་ནས་ང་ཚོ་ཚང་མས་ཀྱང་དེ་དག་གི་སྔ་གཞུགས་རྒྱབ་མདུན་དུ་སུ་ཡོད་བརྩད་གཅོད་བྱས་ཆོག་གི་རེད།

    Reply
  25. གནས་ཚང་། says:
    ལོ་ 13 སྔོན།

    གསལ་བསྒྲགས་འདི་གོང་ས་སྐྱབས་མགོན་ཆེན་པོར་ཟུར་ཟ་རེད། དེ་མ་གཏོགས་དུས་གསུམ་སྔོན་གཟིགས་ཀྱི་སངས་རྒྱས་ཤིག་ལ་བློ་ཕམ་འབྱུང་སྲིད་དམ། རྙོག་དྲ་འདི་དག་ལྷག་རྒྱུ་ཡིན་པ་སྔར་ནས་མཁྱེན་མཁྱེན་པ་རེད། རྒྱུ་མཚན་ནི་བོད་ས་གནས་གཞུང་དེ་བཞིན་ཕྱི་ལོ ༡༩༥༩ལོར་རྒྱ་གཞུང་གིས་བསྡུ་གསོག་རྒྱབ་པ་ཡིན་ཞེས་བསྒྲགས་རྗེས། ལམ་ཁ་གཅིག་ལྷག་ཡོད་པ་ནི་ཕྱི་ལོ ༡༩༥༡ལོའི་ཡར་སྔོན་གྱི་ལམ་ཁ་སྟེ། བོད་གཞུང་གི་སྒང་ལ་ཕྱིར་ལོག་པ་རེད། ལོ ༥༠ལྷག་གི་རྗེས་ནས་མིང་ལ་འགྱུར་བ་བཏང་བ་རེད། མིང་འགྱུར་ཚར་དུས་ཁྲིམས་ཐོག་གི་གནས་བབས་ཀྱང་འགྱུར་ཚར་བ་རེད། དེ་གསལ་བོ་དག་པོ་རེད།

    Reply
  26. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 13 སྔོན།

    ཚོགས་པ་ཁག་དང་མི་སྒེར་སུ་ཡིན་རུང་བརྟན་བཞུགས་འབུལ་བ་ལས་གོང་ས་མཆོག་གི་བཀའ་དྲིན་ངོ་ཤེས་ནས་དྲིན་ལན་ལོག་འཇལ་མ་བྱས་པར་བཀའ་གསུང་ཅི་སྒྲུབ་བྱེད་རྒྱུ་ཧ་ཅང་གལ་ཆེ།དེ་མིན་སྐུ་དངོས་ཀྱིས་བློ་ཕམ་གྱི་གསུང་སྐད་ཐེངས་འགར་ཤོར་སོང་བ་དེ་ཚོགས་པ་སུ་དང་མི་སྒེར་སུས་བཟོས་པ་གསལ་བོར་ཚང་མའི་གོ་ཡོད་རེད།བསམ་བློ་ཡག་པོ་བཏང་ན་བཟང་གི་རེད། ནོར་བུ་རང་ལ་ཡོད་དུས་ནོར་བུའི་མགོ་མ་ཤེས།ཅེས་བོད་པ་ཚང་གི་སྐྱོ་ཉམས་ཆེན་པོ་ཞིག་མི་སྟོན་པའི་ངེས་པ་མེད།

    Reply
  27. བསྟན་འཇམ། says:
    ལོ་ 13 སྔོན།

    ཁ་སང་ཞིག་ལ་༧གོང་ས་མཆོག་གི་བཀའ་སློབ་དེ་ཞིབ་ཀྱིས་ཉན་ཡིན། ངོ་མ་དུས་ལ་བབ་པ་དང་དགེ་མཚན་ཡོད་པའི་བཀའ་སློབ་རིན་ཐང་བྲལ་བ་ཞིག་རེད་བསམ་ཡོད། ཡིན་ན་ཡང་དེ་རིང་བཀའ་ཤག་གིས་གསལ་འགོད་གསལ་བསྒྲགས་གད་སྙིགས་ལྟ་བུ་ཞིག་ཁྱི་ངན་ངོ་ལ་སྡང་བ་བཞིན་བོད་མིའི་འཐབ་རྩོད་ཁྲོད་གཏོར་བརླགས་དང་ནུས་པ་ཁ་བྲལ་འགྲོ་བའི་འཆལ་གཏམ་སྤེལ་བ་ལ་ངོས་ལེན་ཕར་ཟད། སེམས་གཏིང་ནས་བཀའ་ཤག་འདིར་རེ་བ་མེད་པའི་ལན་གསལ་བོ་བྱུང་། འདི་ནི་༧གོང་ས་མཆོག་གི་བཀའ་ཆེན་པོ་ལས་ལྡོག་པའི་ལས་ཀ་དང་། བཀའ་ཤག་འདི་ལ་སྟོང་གཏམ་དང་ཕྱི་ཚུལ་འབད་མཁན་ཞིག་ལས། རང་ཚུགས་དང་གདེང་ཚོད། ཐ་ན་ལས་ཀ་སོགས་མེད་པའི་རྟགས་གསལ་བོ་འདུག་

    Reply
  28. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་་་་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགུང་གྲངས་ ༡༦ ནས་མི་ལོ་དྲུག་ཅུའི་རིང་། བོད་རྒྱལ་ཁབ་དང་མི་རིཊ་ལ་བཀའ་དྲིན་བྱམས་སྐྱོང་མཛད་པའི་སྐུ་དྲིན་ལ་བསམ་ཤེས་མེད་པར། ཚོཊ་པ་དང་མི་སྒེར་རེ་ཟུང་གིས་ཡི་མ་རངས་པར་དྲིན་ལན་ལོག་འཇལ་གྱིས་སྤྱི་ཚོཊ་ནང་ཁུངས་མེད་སྐད་ཅོར་རྒྱག་བཞིན་པ་དེ་ཧ་ཅང་ཐབས་སྡུག་གི་བྱ་སྤྱོད་ཅིག་ཡིན། ་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese