མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲྭ་པ་ ༥ འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༡༢/༠༩/༠༤
Share on FacebookShare on TwitterShare on EmailShare on Whatsapp

གཟའ་སྤེན་པའི་ཉིན་རྒྱ་ནག་གཞུང་གིས་ཉ་འཚོ་ཟིལ་དཀར་བཤད་སྒྲུབ་དར་རྒྱས་གླིང་དགོན་པའི་གྲྭ་པ་ལྔ་འཛིན་བཟུང་བྱས་ཏེ། གར་ཡོད་ཅི་བྱུང་གནས་ཚུལ་ཅི་མ་ཤེས་པར་ལྷག་འདུག

འདི་གར་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡ ཉིན་ཁམས་ཡུལ་ཤུལ་ཁྲི་འདུ་རྫོང་སྒ་སྟོད་ཡུལ་ཚོའི་མགོ་ཁྲིད་ཁག་ཅིག་གིས་ཉ་འཚོ་ཟིལ་དཀར་བཤད་སྒྲུབ་དར་རྒྱས་གླིང་དགོན་པའི་གཞུང་ལས་ཁང་དུ་ཁ་པར་བཏང་སྟེ།  ༢༠༠༩ ལོར་ས་ཡོམ་རོཊ་སྐྱོར་གྱི་ཁང་པ་དེ་དག་རྩིས་ལེན་བྱེད་དུ་ཡོང་གི་ཡིན་ཞེས་བརྡ་སྤྲད་ཡོད་པ་མ་ཟད། ཉིན་དེའི་ཞོགས་པའི་ཆུ་ཚོད་ ༡༠།༠༠ ཡས་མས་སུ་གློ་བུར་དུ་དམག་མི་འབོར་ཆེན་དགོན་པར་ཡོང་སྟེ། རྒྱ་ཆེན་སྡེ་བའི་ཕ་བརྩོན་འགྲུས་དོན་ལྡན་གྱི་བུ། རང་ལོ་ ༤༥ ཡིན་པའི་གྲྭ་བསོད་ནམས་ཤེས་རབ་ལགས་དང་གེ་ཤིང་སྡེ་བའི་ཕ་རྟ་རྒྱལ་དང་མ་པདྨ་མཚོ་གཉིས་ཀྱི་བུ། རང་ལོ་ ༣༠ ཡིན་པའི་གྲྭ་བློ་བཟང་སྦྱིན་པ། མཁར་རོང་སྡེ་བའི་ཕ་ཨ་ཐུབ་དང་ཕ་ཨ་ཐུབ་དང་མ་སྒྲོལ་དཀར་གཉིས་ཀྱི་བུ། རང་ལོ་ ༢༤ ཡིན་པའི་གྲྭ་ཚུལ་ཁྲིམས་སྐལ་བཟང་། གེ་ཤིང་སྡེ་བའི་ཕ་བསམ་ཡག་དང་མ་ཚེ་དབང་པདྨ་གཉིས་ཀྱི་བུ། རང་ལོ་ ༣༠ ཡིན་པའི་གྲྭ་ངག་དབང་སྨོན་ལམ། རྒྱ་ཆེན་སྡེ་བའི་ཕ་བརྩོན་འགྲུས་བློ་ལྡན་དང་མ་དབང་མོ་སྒྲོལ་མ་གཉིས་ཀྱི་བུ། རང་ལོ་ ༤༤ ཡིན་པའི་གྲྭ་བསོད་ནམས་དབྱིག་གཉེན་བཅས་མི་ལྔ་འཛིན་བཟུང་བཙན་འཁྲིད་བྱས་ཏེ་གར་ཡོད་ཅི་བྱུང་གནས་ཚུལ་ཅི་ཡང་མ་ཤེས་པར་ལྷག་ཡོད་པ་མ་ཟད། ཁོང་ཚོས་གྲྭ་ཤག་སྔོག་བཤེར་གྱིས་གློག་ཀླད་དང་འོར་སྡེར་སོགས་གཞུང་བཞེས་བཏང་ཡོད་འདུག

གནས་ཚུལ་ནང་བཀོད་པ་ལྟར་ན། སྐབས་དེར་དགོན་པའི་གྲྭ་བ་གཞན་རྣམས་ཀྱིས་ཁོང་ཚོ་ཀློད་གྲོལ་གཏོང་དགོས་པའི་རེ་སྐུལ་ཞུས་ཀྱང་། ཉེན་རྟོག་པ་དང་དམག་མིས་གྲྭ་བ་ཚོས་རེ་སྐུལ་དང་ལེན་མ་བྱས་པའི་ཁར། གྲྭ་བ་ཁག་ཅིག་ལ་ཉེས་རྡུང་བཏང་སྟེ་རྨས་སྐྱོན་བཟོས་ཡོད་འདུག་ལ།  ད་ལྟའི་ཆར་རྒྱ་གཞུང་གིས་ས་གནས་ཀྱི་བརྒྱུད་ལམ་ཆ་ཚང་ལ་བཀག་སྡོམ་དང་། དགོན་པར་ཉེན་རྟོག་པ་དང་དམག་མི་བརྒྱ་ཕྲག་མང་པོ་འགྲེམས་འཇོག་གིས་དམ་དྲག་བྱེད་ཀྱི་ཡོད་འདུག      

ཟིལ་དཀར་དགོན་བཤད་སྒྲུབ་དར་རྒྱས་གླིང་ནི། ཕྱི་ལོ་ ༨༦༠ ཡས་མས་སུ་ཆོས་རྗེ་རྣམ་རྒྱལ་གྲཊ་པས་ད་ལྟའི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་རྫ་སྟོད་ཡུལ་ཚོ་དང་སྤྱི་ལེ་ ༡༣ གྱི་ས་ཆར་ཐོག་མར་ཕྱག་བཏབ་པ་ཞིག་ཡིན་འདུག་ལ། དགོན་པ་འདི་ཐོག་མར་བཀའ་བརྒྱུད་པའི་ཆོས་རྒྱུད་འཛིན་མཁན་གྱི་དགོན་སྡེ་ཞིག་ཡིན་ཡང་།  ཕྱིས་སུ་རྗེ་ཙོང་ཁ་པའི་དངོས་སློབ་དགོན་པའི་བླ་མ་མཁན་ཆེན་ཡོན་ཏན་དཔལ་བས་དགེ་ལུགས་སུ་བསྒྱུར་བ་ནས་བཟུང་། ཞྭ་སེར་བསྟན་པའི་རང་ལུཊ་དར་སྤེལ་གནང་སྟེ། དགེ་འདུན་པ་སྟོང་ཕྲག་ལས་བརྒལ་བ་ཡོད་པའི་རི་བོ་དགེ་ལྡན་པའི་དགོན་ཆེན་ཞིག་ཡིན་འདུག ད་ལྟའི་ཆར་དགོན་པ་འདིར་གྲྭ་བ་ ༥༠༠ ལྷག་ཡོད་འདུག་ལ། གཙོ་བོ་གཞུང་ཆེན་བཀའ་པོད་ལྔར་བཤད་སྒྲུབ་འཆད་ཉན་དང་ཐོས་བསམ་སྒོམ་སྒྲུབ་སོགས་ལ་ཉམས་ལེན་དང་། ས་གནས་ཀྱི་སློབ་མ་སྟོང་ཕྲག་མང་པོར་ནང་ཆོས་ངོ་སྤྲོད་དང་རིག་གནས་འཆད་ཁྲིད་གནང་གི་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

པར་དྲ་ལམ་ནས་བླངས།
Mobile App

བོད་ཀྱི་འབྲོག་ཁུལ་གྱི་སློབ་ཕྲུག་སྟོང་ཕྲག་མང་པོ་གྲོང་ཁྱེར་གྱི་བཅའ་སྡོད་སློབ་གྲྭར་སྤོས།

ཆུ་ཚོད་ ༩ སྔོན་ལ།
རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་གི་སྐོར་སྐྱོད་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༡༡།༧
Mobile App

རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་གི་སྐོར་སྐྱོད་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༡༡ སྔོན་ལ།
Screenshot
Front Slider

འབུམ་རམས་པ་འཇམ་དབྱངས་དོན་གྲུབ་ལགས་དང་ལྷན་དུ་ཁོང་གི་སློབ་ཐོན་དཔྱད་རྩོམ་སྐོར་གླེང་མོལ།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

ཨ་རིས་རྒྱ་ནག་གི་བཟོ་ཚོང་ཁང་གཉིས་ལ་ཉེས་ཆད་བཏང་།

༢༠༢༦/༡༡/༠༦
ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་། Photo: Studio Incendo
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་སླར་ཡང་ལོ་བཅུ་ཡི་ཁྲིམས་ཐག་བཅད། 

༢༠༢༦/༡༡/༠༦
པར་༧དཔལ་ས་སྐྱ་ཁྲི་འཛིན་པ་ ༤༤ མཆོག་གི་ངོ་དེབ་ལས་བླངས།
Mobile App

༧དཔལ་ས་སྐྱའི་ཁྲི་འཛིན་ ༤༤ པའི་ཁྲི་སྟོན་མཛད་སྒོ་འཚོགས།

༢༠༢༦/༡༡/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese