མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ངོ་རྒོལ་བ་གསུམ་བཙོན་འཇུག

བོད་ཀྱི་དུས་བབ།
༢༠༡༢/༠༩/༠༤
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཉི་མའི་ཉིན་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་དང་བོད་རང་སྐྱོང་ལྗོངས་དམག་དོན་ཁང་གི་དམག་སྤྱི་གཉིས་རྒྱ་གར་དུ་ཡོང་བར། བོད་མི་གསུམ་གྱིས་ངོ་རྒོལ་སྐད་འབོད་བྱས་མཐར་བཀག་ཉར་བཙོན་འཇུག་བྱས་འདུག

ཟླ་འདིའི་ཕྱི་ཚེས་ ༢ ནས་ ༦ པར་རྒྱ་ནག་རྒྱལ་སྲུང་བློན་ཆེན་ལེང་ཀོང་ལེ་དང་། བོད་རང་སྐྱོང་ལྗོངས་དམག་དོན་ཁང་གི་དམག་སྤྱི་ཡཱང་ཅིན་ཧྲན་གཉིས་རྒྱ་གར་དུ་ཕྱོགས་གཉིས་ཀྱི་ཕྱི་འབྲེལ་རྒྱལ་སྲུང་སྐོར་ལ་གྲོས་བསྡུར་བྱེད་དུ་ཡོང་ཡོད་པ་དང་། སྐབས་དེ་དང་བསྟུན་ནས་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ངྷ་ས་ས་གནས་གཞོན་ནུ་གཉིས་ཀྱི་གོ་སྒྲིག་འོག ཕྱི་ཚེས་ ༢ ཉིན་རྒྱབ་ཆུ་ཚོད་ ༣ སྟེང་བོད་མི་ཁག་ཅིག་གིས་ལག་ཏུ་ “བོད་མི་ ༥༡ གིས་རང་ལུས་མེར་བསྲེགས་བཏང་ཡོད། རང་བཙན་ཆེད་བོད་མི་ཚོས་རང་སྲོག་བློས་གཏོང་བྱེད་ཀྱི་ཡོད། བོད་རང་བཙན་ནི་རྒྱ་གར་གྱི་བདེ་འཇགས་ཡིན་”ཞེས་པའི་འཕྲེད་དར་འཁྱེར་ཏེ། ལྡི་ལི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ནས་ངོ་རྒོལ་སྐད་འབོད་བྱས་འདུག

ངོ་རྒོལ་སྐད་འབོད་སྐབས་ངྷ་ས་ས་གནས་གཞོན་ནུའི་ཚོགས་གཙོ་གསར་པ་ཐུབ་བསྟན་ལགས་ཀྱིས་གསར་ལམ་ཁག་ལ། ཐེངས་འདིར་རྒྱ་ནག་རྒྱལ་སྲུང་བློན་ཆེན་རྒྱ་གར་དུ་འབྱོར་བ་དེ་ནི། རྒྱ་གཞུང་གི་གདུག་རྩུབ་སྲིད་ཇུས་འོག་བོད་མི་ཚོས་མནར་གཅོད་མྱངས་དང་མྱོང་བཞིན་པ། བཟོད་ཐབས་བྲལ་བའི་རྒྱ་གཞུང་གི་དྲག་གནོན་ཁྲོད་བོད་མི་ ༥༡ ལྷག་གིས་བོད་བསྟན་སྲིད་སླད་རང་ལུས་མེར་བསྲེགས་བཏང་བའི་དུས་སྐབས་སུ་འཁེལ་ཡོད་སྟབས། ཁོ་རྒྱ་གར་དུ་བསླེབས་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་སྐོར་དང་། རྒྱ་གར་གཞུང་ངོས་ནས་ད་ལྟའི་བོད་ནང་གི་ཛ་དྲག་གནས་བབ་ལ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་ཡོང་པའི་འབོད་སྐུལ་ཞུས་འདུག

རྒྱ་གར་རྒྱལ་ཡོང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ “ང་ཚོས་དེ་རིང་འདི་ནས། རྒྱ་གར་གཞུང་ཡང་འཛམ་གླིང་གི་སྲིད་གཞུང་ཚང་མ་དང་ལྷན་དུ་ལངས་ནས། ཁྱབ་ཆེ་ལ་ནུས་ཤུགས་ལྡན་པའི་རྒྱལ་སྤྱི་རང་བཞིན་གྱི་དཔུང་སྡེ་ཆེན་པོ་ཞིག་བསྐྲུན་ཏེ། བོད་ནང་ལག་བསྟར་བྱེད་བཞིན་པའི་རྒྱ་གཞུང་གི་ཆེས་གདུག་རྩུབ་ཅན་གྱི་སྲིད་ཇུས་དེ་བསྒྱུར་བཅོས་མི་གཏོང་ཐབས་མེད་ཆགས་འཇུག་རྒྱུར་གནོན་ཤུགས་འཕར་མ་སྤྲོད་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་”ཅེས་བརྗོད་འདུག

དེ་རིང་གསར་འགོད་པས་ཁ་པར་བརྒྱུད་ངོ་རྒོལ་ལས་འགུལ་དེའི་སྐོར་ལ་རྒྱུས་ལོན་བྱུང་པ་ལྟར་ན། ཉིན་དེར་རྒྱ་ནག་གཞུང་ཚབ་མདུན་ནས་ངོ་རྒོལ་སྐད་འབོད་བྱས་སྐབས། རྒྱ་གར་ཉེན་རྟོག་པས་ངོ་རྒོལ་བ་གསུམ་འཇུ་བཟུང་བཀག་ཉར་གྱིས་ད་ཆར་ལྡི་ལི་པེར་ཧར་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་འདུག

ཐེངས་འདིའི་ལས་འགུལ་དང་འབྲེལ་ཏེ་བསྐྱར་དུ་ལས་འགུལ་གང་འདྲ་སྤེལ་འཆར་ཡོད་མེད་དྲིས་སྐབས། རྡོ་རྗེ་ཚེ་བརྟན་ལགས་ཀྱིས་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཕྱིར་མ་ལོག་བར་ཁོ་གང་དུ་སླེབས་སར་ངོ་རྒོལ་བྱ་རྒྱུའི་གྲ་སྒྲིག་ཡོད་ཚུལ་དང་། ལྷག་པར་དུ་ཕྱི་ཚེས་ ༥ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཉིན་མོ་སྲུང་གཙི་དང་སྦྲགས་ཚ་ཚ་འུར་འུར་གྱི་ལས་འགུལ་སྣ་མང་ཞིག་སྤེལ་འཆར་ཡོད་སྐོར་བརྗོད་བྱུང་།

གསར་འགོད་པ། བནྡེ་སྐྱབས།

མཆན། 1

  1. འཇམ་སེང་། ང་བོད་ལ་དགའ། says:
    ལོ་ 10 སྔོན།

    ཁོ་ཚོ་གང་དུ་སླེབ་ཀྱང་ང་ཚོས་ཁབ་གཅིག་མ་གཏོགས་མ་བཙུགས་མ་ཐུབ་ཀྱང་ངེས་པར་དུ་བཙུགས་ཐུབ་པར་བྱ་དགོས། འདི་ང་ཚོའི་ལས་འགན་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist